རྟ་དབྱངས།
གྲོག་མ་མིག་ཡོད་བདེ་བའི་ཆེད་དུ་རྒྱུག་ཟེར་ན་འགྲིག ང་ཚོ་མི་མང་བོ་ཞིག་གིས་ད་བར་དུ་གྲོག་མ་ལ་མིག་མེད་ཀི་བསམ་གྱིན་ཡོད། དེས་མི་ཚད་མཁས་པ་མི་ཉུང་བ་ཞིག་གི་ཞལ་ན་དགེ་ཆོས་ཀྱི་རྩོམ་ནང་གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག་ཟེར་བའི་ཚིག་དེ་སྤོབས་པ་ཆེན་པོས་ངག་ལ་གྱེར་བཞིན་ཡོད།
བསྟན་རྡོར་གྱི་བརྙན་ཐུང་ཞིག་མཐོང་བའི་སེམས་ཚོར།
རྡོ་རོང་ཕྲུག
ཉེ་ཆར་ཞིག་ནས་བསྟན་རྡོར་ཟེར་བའི་མི་འདིས་བྱ་བ་གང་ཞིག་མ་བསྒྲུབས་པའི་སྔོན་དུ་ཁེ་དང་གྱོང་གཉིས་ལ་བསམ་བློ་གཏོང་དགོས་པ་འདི་མིའི་རིགས་ཀྱི་བསྒྲུབ་བྱ་རྣམས་ཀྱི་སྤྱི་སྙིང་ཡིན་པའི་བརྙན་ཐུང་ཞིག་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཁག་ལ་ཁྱབ་ཀྱིན་འདུག བརྙན་ཐུང་དེར་རོལ་བའི་དུས་སུ་ངར་དགའ་སྣང་ཞིག་བྱུང་། རྒྱུ་མཚན་བསྟན་རྡོར་ཟེར་བའི་མི་འདིས་ད་ནི་གཞི་ནས་ཁེ་དང་གྱོང་ཟེར་བའི་གནས་ལུགས་འདི་ལ་གོ་བ་རྙེད་ཡོད་པས་ཡིན། ཁོང་གིས་ཧི་མ་ལ་ཡི་རི་འདབས་སུ་རྒྱལ་དར་བསྒྲེངས་འཛུགས་དང་། བོད་ཀྱི་ཆོས་ལུགས་རིག་གནས་དང་སྤྱི་ཚོགས་འཚོ་ཐབས་སུ་གཉེར་གྱིན་པའི་ལས་འགུལ་
དེ་ལས་མང་བ་། “བསྟན་རྡོར་གྱི་བརྙན་ཐུང་ཞིག་མཐོང་བའི་སེམས་ཚོར།” »
དེ་རྫོང་སར་མཁྱེན་བརྩེ་མ་རེད།
རྫ་ཚེ་རིང་བཀྲིས།
གསལ་བཤད་འདི་འདྲ་ཞིག་བྱེད་པ་དེ་མཁྱེན་བརྩེ་རིན་པོ་ཆེའི་དགོངས་གཞི་མིན། ཁོང་ནི་གནས་ཚུལ་འདིའི་རིགས་ལ་དུས་ཚོད་གཏོང་མི་དགོངས་མཁན་ཞིག་རེད། འོན་ཀྱང་ཉེ་ཆར་བོད་ཀྱི་དུས་བབ་ཏུ་འཁོད་པའི་བོད་ཀྱི་རྒྱ་ལྷ་(བླ)ཞེས་པའི་རྩོམ་ཡིག་འདིའི་ནང་དོན་འགའི་ཐད། གཅིག་བྱས་ན རིན་པོ་ཆེ་ལ་དད་དུང་ཡོད་མཁན་དག་གི་སེམས་ལའང་གནས་ཚུལ་དངོས་གང་ཡིན་ཤེས་འདོད་ཡོད་སྲིད་རྒྱུ་རེད་སྙམ་ནས་གསལ་བཤད་ཏོག་ཙམ་བྱ་འདོད་བྱུང་། གནས་ཚུལ་ལ་ནོར་བ་འབྱུང་སྲིད་ན་ཡང་། ནོར་བ་ཡོ་བཅོས་ཀྱི་ཟིན་ཐོ་ཡང་མཉམ་དུ་གནས་རྒྱུ་ནི་དགོས་ངེས་ཤིག་རེད།
བཀའ་ཁྲི་དང་སྤྱི་འཐུས་འོས་བསྡུའི་ལས་རིམ་སྐོར་གྱི་ཀ་བཤད།
གཞུང་པ་ཚེ་དབང་བསོད་ནམས།
བཀའ་ཁྲི་སྤྱི་འཐུས་འོས་འདེམས་སླེབས་ལ་ཉེ།།
ཁ་ཡོད་ཚང་མས་གླེང་རྒྱུ་ཕྱོགས་གཏོགས་རེད།།
ག་ས་གང་ལ་བྲེལ་འཚུབ་ལངས་ནས་འདུག །
ང་ནི་ཕྱོགས་གཏོགས་རྗེས་སུ་འགྲོ་ལེ་མིན།།
ཅོལ་ཆུང་བློ་དང་འགོ་འདྲེན་ཕྱོགས་གཏོགས་འོག །
ཆ་མེད་མི་རྣམས་མགོ་འཁོར་བསླུས་ཉེན་འདུག །
དེ་ལས་མང་བ་། “བཀའ་ཁྲི་དང་སྤྱི་འཐུས་འོས་བསྡུའི་ལས་རིམ་སྐོར་གྱི་ཀ་བཤད།” »
རིན་ཐང་མཉམ་པའི་མིག་ཆུ།
འཇམ་གཅེས།
མཁའ་དབྱིངས་སྐར་ཚོགས་ཐང་ལ་ལྷུང་ཡང་ཆོག །
ས་རྡོ་རི་བྲག་སྟེང་འོག་བསྲེས་ནའང་འགྲིག །
འོན་ཏང་སྐྱེ་འགྲོར་ལམ་བཟང་སྟོན་མཛད་མཁན།།
ཁྱེད་ཉིད་དྲན་དུས་སྐྱོ་བའི་མིག་ཆུ་ཞིག །
བདེན་པའི་མགོ་བོར་རྐང་པས་བརྫིས་པ་དང་།།
རྫུན་མའི་རྒྱབ་ཏུ་དར་ཆ་བསྒྲེངས་པའི་དུས།།
གླ་འཁོར་ཁ་ལོ་བ་དྷར་ཤན་ཀུ་མར།
འཇམ་དབྱངས་དཀར་པོས་བསྒྱུར།
ང་གྲོགས་པོ་དང་ལྷན་དུ་སཱན་འབབ་ཚིགས་ནས་མར་བབ་སྟེ་ནག་སེར་ཅན་གྱི་གླ་འཁོར་ཞིག་བཙལ་ཏེ། ཝ་དྷ་ལར་མི་ཞིག་ལྟ་བར་འགྲོ་དགོས། ཡིན་ན་ཡང་གླ་འཁོར་གྲ་སྒྲིག་མི་འདུག དེ་ནས་མི་བགྲེས་སོང་ཁོང་ངའི་འཁྲིས་ལ་ཡོང་ནས་ཁོས་ང་ཚོ་ཐག་རིང་གི་འགྲུལ་བསྐྱོད་ལ་ཁྲིད་རྒྱུ་ཁས་བླངས། གང་མགྱོགས་མགྱོགས་ངང་གླ་འཁོར་ནང་འཛུལ་ཏེ་དོ་སྣང་བྱས་པར། མི་དེ་ལོ་ན་ཧ་ཅང་མཐོ་ཞིང་། ལག་པ་འདར། སྐད་འདར། སྤོ་བོ་བགྲེས་སོང་འདིས་ནག་སེར་གླ་འཁོར་ཇི་ལྟར་གཏོང་བ་མཐོང་དུས་ང་རྦད་དེ་ཧང་སངས་བ་དང་མཉམ་དུ་དྲི་བ་ཞིག་བྱུང་བ་ནི། བགྲེས་སོང་འདིས་ཅིའི་ཕྱིར་གླ་འཁོར་གཏོང་བ་ཡིན་ནམ།
ཁོར་ཡུག་སྲུང་དགོས།
མུ་ལ།
འབྱུང་བ་བཞི་ལས་གྲུབ་པའི། །
རབ་མཛེས་གོ་ལ་ཟླུམ་པོའི། །
གཏེར་རྫས་སྣ་ཚོགས་སློག་ན། །
ས་ཡི་ལྷ་མོ་ཁྲོ་ཡོང་། །
རིན་ཆེན་སྣ་ལྔའི་གོང་བུ། །
ས་ཡི་གོ་ལའི་སྟེང་ལ། །
བོད་ཀྱི་གསོ་བ་རིག་པར་བཙན་འཛུལ།
གཡུ་ཐོག་བུ།
སྲིད་འབྱོར་རིག་གསུམ་སྲིད་པའི་རྩེ་མོར་གྲགས་ཤིང་། ས་གསུམ་དབང་དུ་བསྒྱུར་མྱོང་བར་ཁས་འཆེས་པའི་བོད་པ་ཚང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་དགའ་བ་ཞིག་སྒོམ་ནས་དེ་རིང་སྐྱ་ཟད་འུ་ཐུག་གི་གནད་དོན་ཞིག་མི་གླེང་ཀ་མེད་རེད། རང་རེའི་བོད་ལ་རྒྱ་དམར་གྱི་བཙན་འཛུལ་བྱས་རྗེས་བོད་མི་མང་ལ་བཟོད་ཐབས་མེད་པའི་གྱོང་གུན་ཚབས་ཆེན་བྱུང་བ་ནི་ང་ཚོའི་གངས་དཀར་སེམས་ཀྱི་ངོས་སུ་གསལ་གསལ་ཐིང་ཐིང་རེད། རིག་གནས་གསར་བརྗེའི་དར་ཆའི་འོག་ཏུ་བོད་ཀྱི་བསམ་བློའི་གཤིས་ཀ་དང་། རིག་པའི་གཞུང་ལུགས་ཕལ་ཆེར་དམིགས་མེད་ཤི་གསོན་གྱི་གནས་དུ་གྱར་ཡོད།
བཀའ་དྲིན་མ་བརྗེད།
མུ་ལ།
རྒྱལ་ཀུན་གཅིག་བསྡུས་རང་གཟུགས།།
འགྲོ་བ་ཀུན་གྱི་སྐྱབས་གནས།།
དྲིན་ཆེན་རྩ་བའི་བླ་མའི།།
བཀའ་དྲིན་སྙིང་ནས་མ་བརྗེད།།
དཀའ་སྡུག་ཚད་མེད་མྱངས་ནས།།
ང་ཚོ་བརྩེ་བས་བསྐྱངས་མཁན།།
བོད་ཀྱི་རྒྱབ་ཤ་དཀར་པོའི་དེབ། ཀྲུང་ནན་ཧེ་ཡི་འགོ་བརྗོད་རིག་པ།
རྩོམ་པ་པོ། ཁྲན་པའོ་ཁང་། ལོ་ཙཱ་བ། ཏྲེ་ཧོར་ཐུབ་བསྟན།
ད་ལོའི་ཕྱི་ཟླ་༤ པའི་ཚེས་༡༥ ཉིན་ནི། རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་ཧུ་ཡའོ་པང་སྐུ་གྲོངས་ནས་ལོ་ངོ་༢༦ འཁོར་བའི་ཉིན་མོ་ཡིན་པ་དང་། རྒྱ་ནག་གཞུང་གིས་ཉིན་མོ་དེ་གདམས་ནས་<<བོད་ཀྱི་རྒྱབ་ཤ་དཀར་པོའི་དེབ། ལོ་རྒྱུས་ཀྱིས་གདམས་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་ལམ་བུ།>> ཞེས་པ་འགྲེམ་སྤེལ་བྱས། རྒྱ་ནག་དམར་ཤོག་ཚོགས་པའི་ནང་གྲངས་ཉུང་བའི་གུ་ཡངས་ཤོག་ཁག་དང་བཅོས་སྒྱུར་ཤོག་ཁག་གི་མི་ཞིག་ཡིན་པའི་ངོས་ནས། ཧུ་ཡའོ་པང་ནི་བོད་ལ་ཤ་ཚ་ཡོད་པའི་འགོ་ཁྲིད་ཅིག་ཡིན་པར་གྲགས།
དེ་ལས་མང་བ་། “བོད་ཀྱི་རྒྱབ་ཤ་དཀར་པོའི་དེབ། ཀྲུང་ནན་ཧེ་ཡི་འགོ་བརྗོད་རིག་པ།” »
བཙོན་མ་དང་སངས་རྒྱས་ཀྱི་འོད་ཟེར།
གནས་ཚུལ་མཁོ་གཏོང་བ། རྫ་ཚེ་རིང་བཀྲ་ཤིས།
སྤྱི་ཟླ་ལྔ་བའི་ཚེས་ཉེར་བདུན་ཏེ། བོད་ལུགས་ས་ག་ཟླ་བའི་ཡར་ཚེས་བརྒྱད་ཉིན་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་ཀྱི་ཐའེ་པེ་ཐོའོ་ཡན་བཙོན་ཁང་དུ་གཞི་རྒྱ་ཆེ་བའི་སངས་རྒྱས་ཀྱི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཤིང་། བཙོན་ཁང་གི་འབྲེལ་ཡོད་དོ་དམ་པའི་བཀའ་ཁྲོལ་ལྟར་བཙོན་པ་བཞི་བརྒྱ་ཙམ་དངོས་སུ་མཉམ་ཞུགས་བྱས། ཐོག་མར་བཙོན་པའི་རོལ་དབྱངས་སྡེ་ཚན་ནས་གོ་སྒྲིག་བྱས་པའི་འཁྲབ་སྟོན་དང་། དེ་ནས་ཞིབ་ཚོགས་ཀྱིས་གོ་སྒྲིག་བྱས་པའི་སྤྱན་རིས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་། བོད་ཀྱི་འཆམ་སོགས་ཀྱི་སྤེལ་མའི་འཁྲབ་སྟོན་ཁག་དང་།
གཡུང་དྲུང་བོན་གྱི་ལྟ་མགུར་གྲགས་སྟོང་འགག་མེད་ཀྱི་སྒྲ་སྙན།
རྩོམ་པ་པོ། ཟུར་མང་ཆོས་རྒྱམ། (བྱ་འཕུར་ལྷུན་གྲུབ་རྒྱ་མཚོས་འོས་སྦྱོར་བྱས།)
གཡུང་དྲུང་བོན་གྱི་ལྟ་མགུར་གྲགས་སྟོང་འགག་མེད་ཀྱི་སྒྲ་སྙན་ཞེས་བྱ་བ་བཞུགས་སོ།
བོན་སྐུ་སྐྱེ་མེད་ཀྱི་གང་ཤར་དབང་པོ། །རྫོགས་སྐུ་དྲན་གསལ་གྱི་བྱང་ཆུབ་རྡོ་རྗེ། །སྤྲུལ་སྐུ་གང་འདུལ་གྱི་འགྱུར་མེད་ཚུལ་ཁྲིམས། །སྙིང་དབུས་ཟང་ཐལ་གྱི་ཀློང་ནས་བཞེངས་ལ། །བདག་ཅག་སྐལ་ལྡན་ལ་བྱིན་རླབས་སྩོལ་ཤོག །གདོད་ནས་བརྟན་གཡོ་ཡི་བཀོད་པ་འདི་དག །བོན་ཉིད་ཡོ་ལང་གི་རང་རྩལ་འབའ་ཞིག །དུས་གསུམ་གཤེན་རབ་ཀྱི་དགོངས་པའི་གཏད་སོ། །ངོ་བོ་ཟང་ཐལ་འདི་ཁོ་ན་ལགས་སོ། །བོན་ཆོས་ཐ་དད་ཀྱི་མིང་ཙམ་ཞིག་གིས། །ཀུན་གྱིས་ཕྱོགས་རིས་ཤིག་རྒྱང་ནས་བྱེད་ཀྱང་། །
དེ་ལས་མང་བ་། “གཡུང་དྲུང་བོན་གྱི་ལྟ་མགུར་གྲགས་སྟོང་འགག་མེད་ཀྱི་སྒྲ་སྙན།” »
ཞབས་བཏགས་རྒྱོབ།
ཁྲོ་གཏུམ།
— གྲོགས་ཟླ་གྲགས་ཀྱིས་monsterཟེར་བའི་བཏུང་ཆུ་བཙན་པོ་དེ་མིད་སྒོར་འཁྱར་དུས་ཤིག་ལ།
ཡུན་རིང་པོར་གཤེར་ཁུ་དེར་འགྲོགས་དུས
ཁྱོད་ལ་ཨ་ལན་མི་དགོས་པའི་སྐད་ཆའི་ཚོམས་ཐོན་སྲིད
བཏུང་ཆུ་བཙན་པོ་དེ་འཛུལ་སྟངས་ཤིག་ལས
ཁྱོད་རང་གི་སེམས་པའི་རྒྱབ་ལྗོངས་གཏམ་རྒྱུད་ཀྱིས་བཀང་སྟེ་འཕྱུར
འཕྱུར་སྟངས་ཐམས་ཅད་ལོ་རྒྱུས་ལས་བྱུང་བའི་ཁམས་སུ
སྒོ་ཁྱི་དོམ་བུ་སྙིང་དཀར།
མུ་ལ།
སྦྲ་ནག་སྨུག་པོའི་འདབས་ན། །
རྟ་ནོར་ལུག་གསུམ་སྲུང་བའི། །
སྒོ་ཁྱི་དོམ་བུ་སྙིང་དཀར། །
སྒོར་ཆེད་གཞན་ལ་མ་བཙོང་། །
བདག་པོའི་རྒྱུ་ནོར་ཁྲོད་ན། །
དགྲ་ཇག་རྐུན་གསུམ་སྲུང་མཁན། །
ནང་ཆོས་དང་ཚན་རིག་ཟུང་འབྲེལ་གྱི་དགོས་མཚན་གླེང་བ།
བྱ་གཞུང་འཇམ་བྷེ།
ཨ་རི་ཨེ་མོ་རི་སློབ་གཉེར་ཁང་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་གོ་སྒྲིག་འོག་དེ་རིང་ནས་བཟུང་གདན་ས་ཁག་ཏུ་ཟླ་གཅིག་རིང་གི་ཚན་རིག་གི་ཟབ་སྦྱོང་ཐེངས་གཉིས་པ་འགོ་བཙུགས། ཚན་རིག་གི་ཟབ་སྦྱོང་གནང་མཁན་གྱི་དགེན་རྣམ་པ་ཨ་རིའི་ཨེ་མོ་རི་མཐོ་སློབ་ནས་ཕེབས་པའི་ཚན་རིག་གི་ལྟ་གྲུབ་དང་། དངོས་ཁམས་ཚན་རིག སྐྱེ་དངོས་ཚན་རིག དབང་རྩ་ཚན་རིག་སོགས་ལ་མཁྱེན་དཔྱོད་ཀྱི་ཀློང་བརྡོལ་བའི་མཁས་དབང་རྐྱང་ཆེད་ཕེབས་གནང་བཞིན་འདུག ཁོང་རྣམ་པ་ཐེངས་འདིར་ཕེབས་པར་ཟླ་ཕོགས་ཀྱིས་བླ་འགུག་དང་བཙན་དབང་
དེ་ལས་མང་བ་། “ནང་ཆོས་དང་ཚན་རིག་ཟུང་འབྲེལ་གྱི་དགོས་མཚན་གླེང་བ།” »
ཏཱ་ལའི་བླ་མའི་དགེ་རྩའི་དགོས་དམིགས་དང་ལས་འཆར།
སེམས་པའི་ཁོག་སྟོད་དུ།
ཁྲོ་གཏུམ།
སེམས་ཀྱི་ཁོག་སྟོད་དུ་ལྷུང་བའི་རྡོ་ཕ་བོང་འགའ
རྒུལ་མ་ཚུགས་པར་དབུགས་རིང་འཐེན་པའི་དུས་མཚམས་སུ
ཁྱོད་ཀྱི་ཨ་གཅིག་པུ་གཡར་ན་ག་ལ་འགྲིག
ཕ་བོང་འགའི་གནོན་ཤུགས་ཀྱིས་ཨར་མ་བརྟེན་པའི་དུས་ཤིག་བྱུང་དུས
འུར་ཆ་བཟུང་ནས་རི་དྭགས་གཤོར་དུ་འགྲོ་བ་རང་རེད
ལྟ་སྒོམ་སྤྱོད་པའི་རྣམ་བཞག་རང་གཞུང་གསལ་བའི་མེ་ལོང་།
གསེར་མདོག་པཎ་ཆེན་ཤཀྱཱ་མཆོག་ལྡན་གྱིས་མཛད།
གངས་ཅན་གྱི་ཆེན་པོ་སྔ་ཕྱིར་བྱོན་པའི་ལྟ་སྒོམ་སྤྱོད་པའི་རྣམ་བཞག་རང་གཞུང་གསལ་བའི་མེ་ལོང་ཞེས་པ་བཞུགས།
༄༅། །ན་མོ་གུ་རུ་པདྨ་བཛྲ་ཡ། བོད་ཡུལ་དུ་བྱོན་གསང་སྔགས་ལ། །སྔ་འགྱུར་ཕྱི་འགྱུར་དག་ཏུ་གྲགས། །དང་པོ་སློབ་དཔོན་སྤྲུལ་པའི་སྐུས། །ཐུགས་ནས་གསུངས་པ་ལོ་ཙྪས་བསྒྱུར། །ཕྱི་དུས་ལོ་ཙྪ་ཆེན་པོ་ཡིས། །རྒྱུད་གཞུང་འགྱུར་ནས་གསང་སྔགས་ལ། །གསར་རྙིང་དུ་གྲགས་འཕགས་ཡུལ་ན། །བརྡ་སྐད་དེ་ལྟར་ཅུང་མ་གྲགས། །སྔ་འགྱུར་སེམས་ཕྱོགས་སྒྱུ་འཕྲུལ་དང་། མདོ་སྡེ་གསུམ་དུ་ཕལ་ཆེར་འདུས། །སེམས་ཕྱོགས་ཡུལ་གྱི་གནས་ལུགས་ཏེ། །
དེ་ལས་མང་བ་། “ལྟ་སྒོམ་སྤྱོད་པའི་རྣམ་བཞག་རང་གཞུང་གསལ་བའི་མེ་ལོང་།” »
བོད་མདོ་སྨད་ཅོ་ནེ་རུ་རང་ལུས་མེར་སྲེག་གནང་འདུག
ཡོང་ཁུངས། བོད་ཀྱི་དུས་བབ།
འདོན་སྤེལ། ༢༠༡༥/༠༥/༢༧ བོད་ནང་རང་ལུས་མེར་བསྲེགས་གནང་འདུག
ད་ནངས་ཐོ་རངས་ལ་བོད་ཀན་ལྷོ་ཅོ་ནེ་ཆས་བུ་གཤིས་དགོན་འདབས་ཀྱི་རྒྱ་གཞུང་ལས་ཁུངས་མདུན་དུ་བོད་པའི་བུ་མོ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་ཕྱིན་འདུག
དེ་རིང་ཞོགས་པའི་བོད་ནང་གི་ཆུ་ཚོད་༤ ཙམ་ལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཁོངས། ཆས་བུ་གཤིས་སམ་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་ཉེ་འདབས་སུ་ཡོད་པའི་རྒྱ་གཞུང་སྤྱི་བདེ་ཉེན་རྟོག་པ་དང་དམག་མི། ལས་དོན་རུ་ཁག་བཅས་མཉམ་སྡོད་བྱེད་སའི་(分局)ཅེས་པའི་སྒོ་ཁར།
དེ་ལས་མང་བ་། “བོད་མདོ་སྨད་ཅོ་ནེ་རུ་རང་ལུས་མེར་སྲེག་གནང་འདུག” »
བོད་རྒྱའི་གནད་དོན། བཙན་རྒྱལ་བའི་མདུན་སྐྱོད་རོལ་དབྱངས། < 2 >
རྩོམ་པ་པོ། ཐང་ཏང་ཧུང་།
ཁག་གཉིས་པ། མི་རིགས་མང་བའི་རྒྱལ་ཁབ་ཡ་མ་གཟུགས།
མི་རིགས་གཞན་ལ་དྲག་པོའི་དབང་སྒྱུར་བྱེད་མཁན་བཙན་ཤེད་རྒྱལ་ཁབ་ཚང་མའི་ལས་ཀ་ལྟར། ངེས་པར་དུ་མི་སེར་སྤེལ་མཁན་ཚོའི་བློ་འདོད་ལྟར་ལོ་རྒྱུས་བཟོ་བཅོས་དང་བསྐྱར་སྒྲིག་བྱེད་རྒྱུ་དེ་རེད། “ཅའོ་ཀྲུའུ( ཀྲུང་ཡོན་ལ་ཟེར། དེ་ནི་བོད་སོག་ཡུ་གུར་མན་ཇུ་སོགས་མ་ཚུད་པའི་རྒྱ་རིགས་རང་གི་རྒྱལ་ཁབ་དེ་ལ་ཟེར། )རྒྱབ་ན།
དེ་ལས་མང་བ་། “བོད་རྒྱའི་གནད་དོན། བཙན་རྒྱལ་བའི་མདུན་སྐྱོད་རོལ་དབྱངས། ” »