འཇམ་གཅེས།
སྣ་མང་ལྟ་སྤྱོད་དགའ་བའི་དེང་རབས་ཀྱི་སྤྱི་ཚོགས།།
དུས་ཆེན་འདྲ་མིན་ཆུ་ཁའི་བྱེ་མ་ལས་མང་མོད།།
དེ་དག་ཀུན་ལ་དུང་བ་བདག་ཉིད་ལ་མེད་རུང་།།
མ་ལོའི་དུས་ཆེན་ཉིན་མོར་དྲན་གདུང་དེ་ལྕི་འདུག །
དམ་པའི་ལྷ་ཆོས་འཇིག་རྟེན་མི་ཆོས་ཀྱི་རིང་ལུགས།།
གང་ལ་གཞིགས་ཀྱང་དྲིན་ཅན་མ་ལོ་ཡི་དུས་བཟང་།།