གངས་ལྷ་མོ།
༡། བྱིས་པའི་དུས།
དཔྱིད་དཔལ་བཞད་པའི་དགུང་དྲོའི་དུས་ཤིག་ལ། ཡུལ་ས་མ་འབྲོག་སྟེ་ཁྲ་ཡག་རི་གྲོང་གི་ཞིང་ཁའི་མུ་འགྲམ་གྱི་ཆུ་རྒྱུན་དུ་ཕྲུ་གུ་བུ་བུ་མོ་ལོ་དྲུག་བདུན་ཙམ་ལོན་པ་གཉིས་རྒྱུག་ཆུའི་མུ་འདེད་ནས་རྩེད་མོ་རྩེད་ཅིང་། ཕྲུ་གུ་དེ་གཉིས་མཚམས་རེར་རྒྱུག་ཆུ་འགྲམ་གྱི་མེ་ཏོག་ཕྲ་ཆུང་འཐུས་ནས་སྐེ་རྒྱན་བཟོ་བ། ལེན་རེར་སྤང་ཐང་གི་དབུས་ནས་སྲན་ཆུང་སྔོན་པོ་ཞིག་འཐུས་ནས་ཟ་བ་བཅས་ཀྱིས་སྤང་ཁར་ཡར་རྒྱུག་མར་རྒྱུག་དང་། ཡང་ན་སར་ལྷོད་