རྔ་བ་ཀུན་བཟང་།
དེ་རིང་ཕྱོགས་སོ་སོ་ནས་མི་མང་ལྷན་ཚོགས་ཐོག་གསུམ་བཅུའི་དུས་དྲན་ཐེངས་ 63 པ་སྲུང་རྩི་ཞུས་བཞིན་ཡོད་པས། སེམས་ཀྱི་རེ་བ་དང་རྨི་ལམ་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་དང་། ཡང་སྒོས་སུ་ཆོས་དང་རིག་གཞུང་གཅིག་པའི་ཆོས་གྲོགས་རྣམས་ས་གནས་སོ་སོ་ནས་མཉམ་འཛོམས་སུ་ཕེབས་ནས་གསུམ་བཅུའི་དུས་དྲན་གསོ་བྱེད་བཞིན་ཡོད་པ་ང་རང་ཉིད་ནས་བཀའ་དྲིན་ཆེ་ཞུ།
དེ་ཡང་ཕྱི་ལོ་ ༡༩༥༩ ལོར་བོད་རྒྱལ་ཁབ་ནང་དྲག་པོའི་གཉན་གནོན་འོག་ཏུ་ཤོར་བའི་རང་རེའི་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོའི་ཆེད་དུ། མདོ་དབུས་ཁམས་གསུམ་གྱི་རྒྱལ་ཞེན་དང་སྙིང་སྟོབས་ཅན་གྱི་བོད་མི་རྣམས་ཀྱིས་མ་བཟོད་པར་༡༩༥༩ ལོའི་ཟླ་བ་3 ཚེས་10 ཉིན་མོར། ཕོ་བྲང་པོ་ཏཱ་ལའི་མདུན་དུ་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་དམར་པོ་བློས་གཏོང་གནང་ནས་མི་ལོ་ཧྲིལ་བོ་63 འཁོར་བའི་དུས་དྲན་དང་། རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དག་གི་བཅོས་མིན་གྱི་ལྷག་བསམ་དང་ཞུམ་མེད་ཀྱི་སྙིང་སྟོབས་ལ་ང་ཚོ་ཚང་མས་མ་འཆི་བར་དུ་གུས་བཀུར་དང་རྗེས་སུ་ཡིད་རང་ཞུ་བཞིན་ཡོད།
དེ་ལས་མང་བ་། “གསུམ་བཅུའི་དུས་དྲན་ཐེངས་63 པའི་དྲན་གསོ་དང་རེ་བ།” »