ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། བོད་ཀྱི་རྩོམ་པ་པོ་དང་རང་དབང་འཐབ་རྩོད་པ་འོད་ཟེར་ལགས་དེང་སང་ལྷ་སར་བཞུགས་ཡོད་པ་རེད། དེ་རིང་ སྤྱི་བདེ་ལས་ཁུངས་ཀྱིས་འབོད་འགུགས་བྱས་ཡོད་པ་དང་། འཛིན་བཟུང་བྱེད་པའི་ཉེན་ཁ་ཡོད་པ་རེད།
གཤམ་གསལ་ནི་མོས་བཏང་པའི་སྐད་འཕྲིན་ཡིན་པ་རེད།
ཛ་དྲག་གི་གནས་ཚུལ། ལྷ་སའི་སྤྱི་བདེ་ལས་ཁུངས་ནས་ཡིན་ཟེར་བའི་མི་ཞིག་གིས་ང་འབོད་འགུགས་བྱས་བྱུང་།
ཞོགས་པའི་ཆུ་ཚོད་ ༡༡་དང་སྐར་མ་ ༡༡ སྟེང་། ལག་འཁྱེར་ཁ་པར་ཨང་གྲངས་ 13989990059 ཡིན་པ་ནས་ང་ལ་ཁ་པར་བཏང་བྱུང་།
ཁ་པར་གཏོང་མཁན་གྱིས་ ལྷ་ས་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་ནས་ཡིན་ཟེར། ང་ད་ལྟ་རང་དེར་འབྱོར་དགོས་ཟེར།
ངས་རྒྱུ་མཚན་གང་ཡིན་ཞེས་དྲིས་པ་ཡིན།
ཁོས་ གནད་དོན་ཞིག་བྱུང་ཡོད་པ་དང་། དེ་ཤེས་རྒྱུའི་ཆེད་ང་དེར་བཅར་དགོས་འདུག་ཅེས་ལབ་བྱུང་།
ངས་ ང་ཡོང་གི་མིན། ང་མི་མང་སྤྱི་བདེ་ལས་ཁུངས་ལ་ཡོང་དགོས་པའི་རྒྱུ་མཚན་མེད་ཅེས་ལབ་པ་ཡིན།
ཁོས། ཡོད་ད་ཡོད། རྒྱུ་མཚན་ཡོད་དང་ཡོད། ཁྱོད་ཀྱིས་རང་ཉིད་ཀྱིས་ཅི་ཞིག་བྱས་ཡོད་པ་དེ་གསལ་པོར་ཧ་གོ་གི་ཡོད་རེད་ཟེར།
ངས་ ངས་ཁྲིམས་འགལ་གྱི་ལས་ཀ་གང་ཡང་བྱས་མེད། ཁྱེད་རང་འདིར་ཡོང་ཆོག་གི་རེད། ཡིན་ནའང་དེར་ཡོང་ལུགས་ཀྱི་ཁྲིམས་ཤིག་ཡོད་པ་རེད། དེ་བྱེད་དགོས་པ་རེད། ཅེས་ལབ་པ་ཡིན།
ཁོས་ དེ་འགྲིག་གི་རེད། ང་ཚོ་ཡོང་གི་ཡིན། དགོས་ངེས་པའི་ཆ་རྐྱེན་རྣམས་འཁྱེར་ནས་ཡོང་གི་ཡིན། ཞེས་ཟེར།