ཆགས་རྩོམ་བསྡུ་བའི་བརྡ་ཐོ།
སྲིད་པ་ན་ཅི་ཡང་སྲིད་ལ་ཅི་ཡང་མི་སྲིད་པ་ཞིག་ཏེ། བོད་མི་ཚོས་སེམས་ཁམས་ཀྱི་རིན་ཐང་དང་རིག་གནས་ཀྱི་བཤན་ཤུགས་ཐེབས་ཟེར་ནས་ད་རག་བར་བོད་ཆོལ་ཁ་གསུམ་ལ་ཆགས་སྤྱོད་དང་འཁྲིག་སྤྱོད་སོགས་ཀྱི་སྐོར་མཚོན་པའི་རྩོམ་ཡིག་ཉུང་ནི་རེད། ད་རེས་ཁོ་མོས་རང་གི་དཔལ་འབྱོར་འཁོས་ཐབས་ལ་གཞིགས་ནས་སྒེར་གཉེར་ཚགས་པར་ཞིག་གཉེར་རྒྱུ་ཡིན་པས།སྨྱུག་ཐོགས་པ་མཁན་བླུན་སྤྱང་གསུམ་དང་རྒན་དར་གཞོན་གསུམ་གྱིས་ཕྱག་རྩོམ་རེ་གནང་རྒྱུའི་རེ་བ་རྩེ་གཅིག་ཏུ་ཞུ་བའོ།
ཨ་མ་ལགས་ང་མྱུར་དུ་གཏོང་རོགས།
ཨ་མ་ལགས་ང་མྱུར་དུ་གཏོང་རོགས། བོད་རིགས་དང་རྒྱ་རིགས་ཕ་མ་གཅིག་གི་བུ་དང་བུ་མོ་རེད། ཨ་མའི་མིང་ལ་ཀྲུང་གོ་ཟེར། གླུ་ཚིག་འདི་གོ་ཐེངས་རེ གླུ་སྒྲ་འདི་ཐོས་ཐེངས་རེ ཨ་མ་ནི་ཇི་འདྲའི་བྱམས་བརྩེ་ཆེ་ཞིང ཨ་མ་ནི་ཇི་འདྲའི་དུང་བ་ཟབ་པའི་ཚོར་སྣང་ཞིག་སྦྱིན་འོངས ཨ་མ་ལགས་མ་གཡར ཨ་མ་ལགས་མ་ཚབ བུ་ཆུང་ཉོམ་ལག་རྒྱས་ཟིན་པའི རང་ཉིད་ལའང་རང་གི་འདོད་པ་ཡོད་ཅིང་ རང་ཉིད་ལའང་རང་གི་བསམ་ཚུལ་ཡོད་ངེས་བས ང་རང་མྱུར་དུ་གཏོང་རོགས བོད་ནས་ལྷ་མོ་སྒྲོལ་མས