ཡིག་ཆའདི་ཁམས་ནང་ཆེན་རྫོང་གིས་གཙོས་གྲོང་ཚོ་དང་ཡུལ་ཚོ་ཁག་༣༠་ལྷག་གི་ས་གནས་གང་སར་འགྲེམས་སྦྱར་ཡོད་པ་དང་། དེ་མ་ཐག་རྒྱ་ནག་གིས་ས་གནས་ལ་དམ་དྲག་བྱས་ནས་ཉུང་མཐར་ཡང་ཁུལ་དེའི་བོད་མི་ཚོང་པ་ལྔ་འཛིན་བཟུང་བྱས་འདུག།
རྟགས་དང་རྟེན་འབྲེལ་བསྒྲིགས།
བོད་རྒྱལ་ལོ་༢༡༣༧ལྕགས་སྟག་གནམ་ལོ་གསར་ཚེས་ལ་ཨ་རིའི་སྲིད་འཛིན་ཨོ་བྷ་མས་གཞི་བྱེས་བོད་མི་ཡོངས་ལ་ལོ་སར་མཚམས་འདྲི་གནང་བ་དང་ཨ་རིའི་གཞུང་གིས་རྒྱ་ནག་གི་ཁོང་ཁྲོ་ཚ་བོའི་ངོ་རྒྱོལ་ལ་མཐའ་གཅིག་ཏུ་མ་འཛེམ་པར་སྲིད་འཛིན་ཨོ་བྷ་མས་ཟླ་འདིའི་ཚེས་ ༡༨ ལོ་སར་ཚེས་༤ཉིན་ཕོ་བྲང་དཀར་པོ་ནས་༧གོང་ས་མཆོག་དང་མཇལ་འཕྲད་བྱེད་རྒྱུ་ཡིན་གནང་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་འདུག།
སྤྲོ་སྟོན་མེད་། ལོ་སར་ཡོད།
ལྕགས་སྟག་གནམ་ལོ་ཚེས་ན་ཡང་ལོ་སར་ལ་སྤྲོ་སྟོན་མེད་ཟེར་དོན་འདི་རེད། དེ་ཡང་སྤྲོ་སྟོན་མེད་ཟེར་བ་ལས་ལོ་སར་མེད་ཟེར་བ་གཏན་ནས་མིན། དེ་ལ་གོ་ནོར་ཐེབས་མཁན་མང་པོ་འདུག། བྱས་ཙང་བོད་རྟེན་འབྲེལ་གྱི་བདག་པོ་ཡིན་ཟེར་སྲོལ་ཡོད་པ་ལྟར་གནམ་ལོ་གསར་ཚེས་ཀྱི་སྐྱ་རེངས་ཤར་བའི་སྐབས་འདིར་གཞི་བྱེས་བོད་མི་ཡོངས་ཀྱི་ཡིད་སེམས་མཐུན་ཅིང་འབོད་སྒྲ་གཅིག་གི་ཁྲོད་བསམ་པ་དོན་ལ་འགྱུར་བར་ཤོག།
བལ་ཡུལ་དུ་རྒྱ་ནག་གཞུང་ཚབ་ཁང་གི་བོད་གྱི་ལོ་སར།
བལ་ཡུལ་ལ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཉིན་གཉིས་རིང་བསྟུན་མར་བལ་ཡུལ་གྱི་རྒྱལ་སར་ཡོད་པའི་སྐར་མ་ལྔ་ལྡན་གྱི་མགྲོན་ཁང་ལ་ལྕགས་སྟག་བོད་ཀྱི་ལོ་སར་བསུ་བའི་གསོལ་སྟོན་སྤྲོ་འཛོམས་ཚོགས་པའི་བྱ་འགུལ་སྤེལ་ཡོད། དེའི་ཆེད་ཉིན་ཤས་གོང་ནས་བོད་མིའི་སྤྱི་ཚོགས་ཁྲོད་མགྲོན་ཤོག་མང་པོ་རིན་མེད་དུ་དཀྲམ་ཡོད་ལ་སྟོན་ཐོག་ལ་ཞུགས་མཁན་ཚོར་བཟའ་བཏུང་སྣ་འཛོམས་དང་ཆང་རག་གང་འདོད་རིན་མེད་དུ་སྤྲད་ཡོད་ལ་སྐབས་དེར་གཞུང་ཚབ་ལས་བྱེད་དང་བལ་ཡུལ་ནང་གི་རྒྱ་མི་རིགས། བལ་ཡུལ་གྱི་མི་སེར་དང་བལ་ཡུལ་མི་སེར་ཁོངས་ལ་ཡོད་བའི་ཁ་ཙ་ར་མི་རིགས། དགོན་པ་གང་ནས་ཡིན་པ་གསལ་བོ་མེད་པའི་དགེ་འདུན་པ་དང་བལ་བོད་བར་གྱི་ཚོང་ལས་བ་དང་བལ་ཡུལ་ནང་གི་བོད་མི་མི་གྲངས་༣༠༠་ཙམ་མཉམ་ཞུགས་བྱས་ཡོད།
དེ་ལས་མང་བ་། “བལ་ཡུལ་དུ་རྒྱ་ནག་གཞུང་ཚབ་ཁང་གི་བོད་གྱི་ལོ་སར།” »
ཨ་རི་ལ་ཕ་ཡུལ་གྱི་ཁ་བ་བབ་འདུག
ཨ་རིའི་རྒྱལ་ས་གཙོས་ས་ཁུལ་མང་པོ་ཟིག་ལ་གངས་ཆེན་བབས་པ་དང་། གནས་ཐང་དང་་གཞུང་ལམ་མང་པོ་ཟིག་འགག་པ་སོགས་གྱི་གནས་ཚུལ་བྱུང་འདུག་ལ་
ཨ་རིའི་གྲོགས་པོ་ཟིག་གིས་འདྲ་འདི་བསྐུར་ཞོར་གླུ་འདི་བླངས་བྱུང་
ཁ་བ་མར་མར་བབས་དུས།
ཕ་ཡུལ་ཡིད་ལ་འཁོར་བྱུང་།
ཁ་བ་གངས་ཅན་ལྗོངས་ལ།
ལོག་རྒྱུ་བྱུང་ན་བསམ་བྱུང་།
བོད་མོ་སྒྲོལ་མ་ཚེ་རིང་ལ་རྒྱ་གར་ཀོ་ཌོན་མཛངས་མའི་གཟེངས་རྟགས་ཐོབ་འདུག
བང་ཆེན་ནས་དྲངས་་་་
ཟླ་འདིའི་ཚེས་༣ ཉིན་སྦེལ་ཀོབ་ཅོ་ཀུར་གཞིས་ཆགས་ནས་ཡིན་པ་བུ་མོ་སྒྲོལ་མ་ཚེ་རིང་ལགས་སུ་ཀོ་ཌོན་མཛངས་མའི་གཟེངས་རྟགས་ཐོབ་ཡོད་པ་རེད། དེ་ཡང་བྷེལ་ཀོབ་ནས་ཚེ་དབང་རྡོ་རྗེ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཀོ་ཌོན་མཛངས་མ་ཞེས་པ་ནི་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དྷུའི་མངའ་སྡེ་ནང་ཡོད་ པའི་གྲོང་ཁྱེར་ཀོ་ཡམ་བྷ་ཏུར་ནང། ཀོ་ ཌོན་མཛངས་མ་ཞེས་ས་ཁུལ་མཛངས་མའི་འགྲན་སྡུར་བྱེད་ཀྱི་ཡོད་པ་དང། དེ་ནི་ས་གནས་ཀྱི་མཐོ་རིམ་སློབ་མ་དང་དེ་མིན་གཟུགས་དང་བསམ་བློའི་མཛངས་སྤྱོད་ ལྡན་པའི་བུ་མོ་ཚོ་འཛུལ་ཞུགས་ཀྱིས་འགྲན་སྡུར་བྱེད་སའི་གར་སྟེགས་ཞིག་ཡིན་པ་ རེད། ད་ལོའི་དེ་གའི་མཛངས་མའི་འགྲན་སྡུར་ནང་རྒྱ་གར་བའི་བུ་མོ་༡༣ དང༌།
དེ་ལས་མང་བ་། “བོད་མོ་སྒྲོལ་མ་ཚེ་རིང་ལ་རྒྱ་གར་ཀོ་ཌོན་མཛངས་མའི་གཟེངས་རྟགས་ཐོབ་འདུག” »
༢༠༠༩ལོའི་འདྲ་པར་དྲག་འདེམས་པར་དེབ་ནས་བཀོད།
༢༠༠༩ ལོའི་པར་རྒྱག་སྒྱུ་རྩལ་པའི་འདྲ་པར་དྲག་འདེམས་པར་དེབ་ནི་ཚོང་ར་ལ་འགྲིམ་ཆེ་བའི་དེབ་ཞིག་དུ་གྱུར་ཡོད་པ་དང་འདིར་དེའི་ཁྲོད་གྱི་པར་ཁག་གཅིག་བཀོད་ཐབས་བྱས་བ་ཡིན།
རྡོར་གདན་དུ་དྲ་གྲོགས་ཀྱི་བརྩེ་བ་ཚོར་བ།
ཟླ་བ་གཞོན་ནུ།
མ་བསམས་ས་ནས་ཨ་རིག་དགེ་མཐོང་མཇལ་བ།
ཉིན་འདི་འགའི་རིང་གི་རྡོར་གདན་གྱི་གནམ་གཤིས་གྲང་མོ་འདིས་ང་རང་ལ་ཕ་ཡུལ་གངས་ལྗོངས་དེ་ཡང་ཡང་དྲན་དུ་བཅུག་སོང་ལ། ཁ་བ་ཅན་དང་རྒྱང་དུ་གྱར་བའི་གངས་ཅན་པ་གང་མང་ཞིག་ལ་དྲན་གདུང་གི་རྨ་ཁར་ཟུག་འཇོམས་ཀྱི་བྱིལ་བྱིལ་ལན་མང་བྱས་ཡོད་ངེས་སྙམ།
ཕོ་གསར་གྱི་སྣང་བ་ཞིག་ལས་རས་ལྭ་ཐེར་རྐྱང་དེ་གྱོན་ནས་གང་སར་མྱུལ་བ་ཡིན་མོད། མོ་གསར་ཚོའི་བྱེད་སྟངས་འདི་མཐོང་དུས་ཁོང་དགོད་ཅིག་ཀྱང་ཤོར་ཁུལ་བྱས་པ་ཡིན། ང་རང་ཕ་ཡུལ་ན་ཡོད་ཁུལ་གྱིས་གང་སར་ཉུལ་ཞིང་ག་ས་གང་དུའང་འཆར་ཡན་གྱི་སྣང་བ་སྐྲ་རྫོང་ལྟར་སྟུག་པའི་མིག་ཟུང་གིས་ཅེར་ཅི་ཐུབ་བགྱིས་པ་ཡིན།
ལམ་ཁ་གཉིས་ལས་གཅིག་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།
བལ་ཡུལ་གྱི་ཉེན་རྟོག་པས་སྤྱི་ཚེས་༡༥་ཉིན་བོད་ནས་རྐང་ཐང་བརྒྱུད་བྲོས་བྱོལ་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་བྲོས་བྱོལ་བ་ཕོ་མོ་མི་གྲངས་༢༢་ཙམ་བལ་ཡུལ་གྱི་མཐའ་མཚམས་བླ་མ་བྷ་ཛར་ཞེས་བ་ནས་རྡོ་ལ་ཁ་ས་གནས་ཉེན་རྟོག་དམག་མིས་འཛིན་བཟུང་བྱེད་ཐབས་བྱས་བར་བོད་མི་མང་ཆེ་བ་བྲོས་ཐར་བྱུང་བ་དང་། མི་གྲངས་བཞི་ད་དུང་ཡང་གར་སོང་ཆ་མེད་ལ་སོང་ཡོད་ཐོག་བུ་བརྒྱད་དང་བུ་མོ་གཉིས་བཅས་བསྡོམས་པས་མི་གྲངས་༡༠་ཉེན་རྟོག་པས་འཛིན་བཟུང་བྱས་པ་མ་ཟད། ད་ལྟའི་ཆར་ཕྱི་མི་ཞིབ་གཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད་པ་དང་། གནས་ཚུལ་དེ་བལ་ཡུལ་གྱི་གསར་ལམ་ཁག་མང་ཆེ་བར་ཐོན་ཡོད་པར་དེ་ཚོའི་ནང་ཕྱི་མི་ཞིབ་གཤེར་ལས་ཁུངས་གྱི་འབྲེལ་ཡོད་མི་སྣས་བོད་མི་ཁོང་ཚོར་འདྲི་རྩད་བྱས་བ་བརྒྱུད་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་རྒྱུ་དང་ཡང་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བལྟ་རྟོགས་ལས་ཁུངས་ལ་རྩིས་སྤྲོད་བྱེད་རྒྱུ་བཅས་ལམ་ཁ་གཉིས་ལས་གཅིག་ལ་གཏོང་རྒྱུ་ཞིབ་འཇུག་དང་ཐག་གཅོད་བྱེད་རྒྱུ་ཡིན་ཚུལ་བཤད་འདུག།
བཅོམ་ལྡན་མཆོད་པའི་གླུ་སྙིམ།
ཟླ་བ་གཞོན་ནུ། འཇིག་རྟེན་ཕན་ཞུགས་སྲུང་བ་གཅིག་ཉིད་ཉག་གཅིག་དཔའ་བ་ཁྱེད་ཉིད་དེ།། གཉིས་པ་མེད་ཅིང་གཉིས་སུ་མི་གསུང་ཞི་གནས་ལྷག་མཐོང་གིས་བཞུགས་པ།། རིག་གསུམ་གསལ་ཞིང་བསླབ་གསུམ་ལེགས་བསླབས་དུལ་གནས་གསུམ་གྱི་གཞི་ལ་མཁས།། ཆུ་བོ་བཞི་བརྒལ་རྫུ་འཕྲུལ་རྐང་བཞིའི་གཞིར་གནས་བསྡུ་དངོས་བཞི་ལ་སྦྱངས།། ཡན་ལག་ལྔ་སྤངས་འགྲོ་ལྔ་ལས་འདས་ཕུང་ལྔ་བདག་མེད་ཉིད་སྟོན་ཞིང༌།། ཡན་ལག་དྲུག་ལྡན་ཕར་ཕྱིན་དྲུག་རྫོགས་དབང་པོ་དྲུག་གི་སྒོ་བསྡམས་པ།། བྱང་ཆུབ་ཡན་ལག་བདུན་གྱི་མེ་ཏོག་བསྣམས་ཤིང་འཕགས་པའི་ནོར་བདུན་སྟོན།། འཇིག་རྟེན་ཆོས་བརྒྱད་དྲི་ཙམ་མ་གོས་ལམ་གྱི་ཡན་ལག་བརྒྱད་སྟོན་མཁན།། སྙོམས་འཇུག་གསུམ་གསུམ་དགུ་ལ་མཁས་ཤིང་མནར་སེམས་དངོས་དགུ་ལ་བྱང་བ།། སྟོབས་བཅུ་མངའ་ཞེས་སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས་པ་དེ་ལ་འདུད།། ༠༩།༠༩།༡༥ལ་སྦྱར་རོ།།
བྱམས་པ་ཕུན་ཚོགས་དང་ལེགས་མཆོག་གཉིས་ཀྱིས་གོ་གནས་ནས་རྩ་དགོངས་ཞུས་འདུག།
ཉེ་བའི་ཉིན་ཤས་ནང་རྒྱ་ནག་གི་གསར་ལམ་ཁག་དུ་སྔ་ཕྱིར་རྒྱུ་མཚན་གསལ་བོ་མེད་པར་གནས་ཚུལ་གཉིས་ཐོན་ཡོད་ལ་འདིའི་ཐད་དོ་སྣང་དང་དབྱེ་ཞིབ་ཆེད་འདིར་བཀོད་ཡོད་་་་་་་་ 2010-01-07 ཉིན་གསར་འགྱུར་ནང་ཀྲུང་དབྱང་གིས་གཏན་འབེབས་གནང་དོན། བློ་མཐུན་པདྨ་འཕྲིན་ལས་ཀྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས་རྒྱུ་དང་། བློ་མཐུན་ལེགས་མཆོག་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་གོ་གནས་མུ་མཐུད་བཞེས་རྒྱུ་མིན་པ་འདི་ཙམ་འཁོད། ཡང་ཟླ་༡ཚེས་༡༢ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་བའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ཤིང་། ཚོགས་ཐོག་ཏུ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལེགས་མཆོག་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་རྣམ་གཉིས་ཀྱིས་ལས་ཁུར་རྩ་དགོངས་ཞུ་བའི་སྙན་ཞུ་སྒྲོག་འདོན་གནང་ཞིང་། ལེགས་མཆོག་གིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་ལས་ཁུར་རྩ་དགོངས་ཞུས་པ་དང་། བྱམས་པ་ཕུན་ཚོགས་ཀྱིས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡི་ལས་ཁུར་རྩ་དགོངས་ཞུས་པར་གྲོས་འཆམ་བྱུང་བ་རེད་ཟེར།
རླུང་ནང་ནས་དྲན་པའི་ཁྱེད
བོད་ནས་ལྷམ་ཀོག་གིས་སྤྱི་ལོ་གསར་བའི་བྱེས་གྱུར་དག་ལ་ལེགས་སྐྱེས་སུ་ཕུལ་བ་ཡིན་ཟེར་་་་་་་་་་་་་་་་་
རླུང་གི་རྒྱུ་བ་ནི་ངའི་སྙིང་ལ་སྐྱེས་ཤིང
ལྗོན་ཤིང་གི་འདབ་མ་ནི་རླུང་གི་རྩེ་མོར་སྨིན
རླུང་ནང་ན་བཞུར་བའི་ཁྱེད རླུང་ལྡང་ཚུལ་གྱི་གོ་རིམ་ཞིག་རེད
མིག་ཀོང་ལས་ཅི་ཡང་སྣང་ཞིང་གང་ཡང་འགྲུབ་ཀྱིན་པ་དེ་དག་རླུང་ཡིན་ལ
རྨི་ལམ་ལས་ཕྱོད་ཀྱིས་སོང་བ་དེ་ཡང་རླུང་ཡིན་ཞིང
རླུང་ནི་ཁྱེད་དྲན་ཚུལ་གྱི་མེ་ལྕེ་ཞིག
ཆབ་ཆབ་ནི་ཕ་རོལ་ནས་རླུང་ལྡང་དུས
ཡར་ཆབ་ནི་ཕ་རོལ་ནས་རླུང་ལྡང་དུས
བརླ་བརྡུང་ཞིང་སྤུར་འདེབས་མཁས་པའི་ཁྱེད་རང
རླུང་བུ་ཞིག་ཡིན་ཞིང
སྐུ་འབུམ་དགོན་པའི་ཉེ་འགྲམ་ན་ཙན་དན་གྱི་ལོ་མ་རླུང་གིས་ཁྱེར་ཞིང
ལྷ་སའི་སྐྱིད་ཆུའི་འགྲམ་ནས་པོ་ཏ་ལ་ཡོམ་ཡོམ་བསྒུལ་ཚེ
དབུས་ཀྱི་རྡོ་རིང་ངོས་ཀྱི་ཡིག་ནོར་དག
དཀར་བོ་དང་དམར་པོ སེར་བོ་དག་གིས་གྲུབ་ཅིང
དབྱིན་ཇི་བ་དང་མ་ཧ་ཙི་ན་བ་དག་གི་གློ་ཁུག་ཏུ་འཛར་བའི་ཐིགས་པ་ཞིག
ཆར་བའི་སྐད་སྒྲ།
ཆར་བའི་སྐད་སྒྲ།
ཝོལཊ་ཝཻཊ་མཱན། (Walt Whitman) ཟླ་བ་གཞོན་ནུས་བསྒྱུར།
ཁྱེད་རང་སུ་ཡིན་ཞེས།
ལྷོད་ཀྱིས་འབབ་ཀྱིན་པའི་ཆར་རྒྱུན་ལ་དྲིས་ཚེ།
ཡ་མཚར་བ་ཞིག་ནི་དེས་ལན་ཞིག་སྤྲད་བྱུང་ལ།
དེ་ནི་ཇི་ལྟར་འདིར་བསྒྱུར་ཡོད་པ་ལྟར་ཏེ།
ང་ནི་ས་ཆེན་གྱི་སྙན་ངག་ཡིན་ཞེས་ཆར་བའི་སྐད་ཀྱིས།
བལ་བོད་ས་མཚམས་ལ་བོད་ཀྱི་རྒྱལ་དར།
ཉིན་ཤས་སྔོན་ཕྱི་གླིང་བ་ཞིག་གིས་བལ་བོད་ས་མཚམས་ནང་པ་ལའི་དབུ་རྩེ་ལ་བོད་གྱི་རྒྱལ་དར་བསྒྲེངས་འཛུགས་བྱས་བ། དྲ་འབྲེལ་འདི་བརྒྱུད་བལྟ་ཐུབ བལ་བོད་ས་མཚམས་ཀྱི་བོད་ཀྱི་རྒྱལ་དར།
འཁྲུངས་མ་ཐག་པའི་བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་རྒྱ།
བཙན་བྱོལ་བོད་མིའི་མདོ་སྨད་ཆོལ་ཁ་དབུས་རྒྱུན་ལས་ཁང་ནས་www.dhomay.net ཞེས་བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་རྒྱ་ཞེས་བ་གསར་བཟོ་ལེགས་འགྲུབ་བྱུང་ཏེ། ཟླ་འདིའི་ཚེས་༢༣ བཟང་པོ་བཅུ་འཛོམས་ཉིན་བཙན་བྱོལ་བོད་མིའི་རྒྱལ་ས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་མཛད་སྒོ་དང་མཉམ་དབུ་འབྱེད་བྱས་འདུག། བར་སྣང་ལ་དྲ་འབྲེལ་བྱས་མ་ཐག་པའི་དྲ་རྒྱ་དེའི་ནང་རྒྱུན་ལས་ཁང་ངོ་སྤྲོད་བྱས་པ་ནས་མདོ་སྨད་ས་ཁྲ་དང་། ཡུལ་སྲོལ་གོམས་གཤིས། དགོན་སྡེ་ཁག་ངོ་སྤྲོད། མི་སྣ་གལ་ཆེན་ཁག་ངོ་སྤྲོད་མདོ་སྨད་ལོ་རྒྱུས་སམ་མདོ་སྨད་སྤྱི་བཤད་དང། དབུ་མའི་ལམ། རྒྱ་ནག་ངོ་སྤྲོད། ས་བྱི་ལོའི་ཞི་རྒོལ་ཆེན་མོ། བཙན་བྱོལ་བོད་གཞུང། ༧གོང་ས་མཆོག་གི་བཀའ་སློབ། དོལ་རྒྱལ་སྐོར་སོགས་ཡོད་པ་མ་ཟད་ད་དུང་རྒྱལ་སྤྱིའི་རྒྱལ་ནང་གི་གསར་འགྱུར་དང་། རྡུང་ལེན་རོལ་མོ།…
དེ་ལས་མང་བ་། “འཁྲུངས་མ་ཐག་པའི་བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་རྒྱ།” »
གུང་སེང་འདི་མེད་པ་བཟོ་དགོས།
ངན་པ་དགུ་འཛོམས་དང་བཟང་པོ་བཅུ་འཛོམས་ཟེར་བའི་གུང་སེང་འདི་མེད་པ་བཟོ་དགོས།
གསེར་རྟ་ཚུལ་ཁྲིམས་གྱིས་དེ་སྔོན་ནས་ཟིན་བྲིས་ནང་བཀོད་ཡོད་ཀྱང་ད་ཐེངས་བསྐྱར་དུ་དུས་ཚོད་དང་བསྟུན་ཁ་བརྡར་བཞག་ཡིན་་་་་་་་་་་་་་་་་་
བོད་པའི་སྲོལ་རྒྱུན་གྱི་གོམས་སྲོལ་དུ་གྲགས་པའི་གུང་སེང་ངན་པ་དགུ་འཛོམས་དང༌། བཟང་པོ་བཅུ་འཛོམས་ཞེས་པ་དེ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་དུའང་གུང་སེང་གཏོང་སྲོལ་ཡོད་པ་དང༌། དེ་ཡང་དབུས་གཙང་གི་གོམས་སྲོལ་གཙོ་བོ་བྱས་པ་ཞིག་རེད། དེ་ཡང་དུང་དཀར་ཚིག་མཛོད་དུ་གསལ་བ་ལྟར་ན།
འཐག་བཞིན་པའི་འགྲོ་བ་མིའི་སེམས།
བོད། ལྷ་ཀླུ་གཉན་གསུམ་ནས།
སེམས་འདི་ནི་དར་ཐག་ཞིག་ཡིན་པའི་དབང་དུ་བཏང་བ་ཡིན་ན། དར་ཐག་འདི་འཐག་མཁན་གྱི་འགྲོ་བ་མིའི་རིགས་ཀྱི་རང་གི་ཆེད་དུ་དར་སྐུད་འདི་འཐག་བཞིན་ཡོད་པ་ཡིན་དུས། དར་སྐུད་འདི་ཉིད་གང་དུ་འཐེན་ཡོད་མེད་ཀྱི་ཐད་དུ་བསམ་གཞིགས་ནན་མོ་གཏོང་དགོས་མཁན་དེ་ཡང་འགྲོ་བ་མི་ཞིག་ཆགས་དགོས་པ་ཡིན་དུས། དོན་དངོས་སུ་འགྲོ་བ་མིའི་སེམས་པ་འདི་དར་སྐུད་ཅིག་གི་སྣེ་རུ་འདར་བཞིན་པའི་མཛེས་སྡུག་གི་བཟོས་པའི་དར་སྐུད་བཟོས་པའི་དངོས་པོ་ཞིག་ལས་གང་ཡང་མེད་པར་བརྩི་དགོས་པ་ཡིན་ནམ་ཅི་ལགས།
འདྲ་པར་འདིའི་ཉེན་བརྡ་ལས་ཁ་བརྡ་རེ་བྱེད་ཡ ་་་
ཁོ་པེན་ཧ་གྷན་དུ་འཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ལ་འཛམ་གླིང་སྤྱི་ཡོངས་ནས་དོ་སྣང་ཆེན་པོ་བྱེད་བཞིན་པ་ལྟར་ཡུལ་ལུང་དང་ས་གནས་འདྲ་མིན་ནས་ཀྱང་དུས་ཚོད་དེ་དང་བསྟུན་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད། ཉིན་ཤས་སྔོན་བལ་ཡིག་གི་དུས་དེབ་ཞིག་གི་སྟེང་གོ་ལའི་གནམ་གཤིས་དང་འབྲེལ་བའི་དཔྱད་རྩོམ་རིང་པོ་ཞིག་དང་མཉམ་གོང་གི་རི་མོ་དེ་འཁོད་པར་མི་ཚང་མས་དོ་སྣང་ཆེན་པོ་བྱུང་ཡོད། ཚན་རིག་པས་བཤད་ན་འཛམ་གླིང་ནང་གི་བཟོ་གྲ་ཁག་ནས་ཡོང་བཞིན་པའི་དུག་རླངས་གིས་གཙོ་བའི་གོ་ལའི་གནམ་གཤིས་ལ་གནོད་པའི་ལས་རིགས་ཀྱི་ཚད་གཞི་ཉུང་དུ་གཏོང་ཐབས་ངེས་ཅན་ཞིག་མ་བྱས་ཚེ་འབྱུང་འགྱུར་གྱི་ལོ་བཅུའི་ནང་གོ་ལའི་གནམ་གཤིས་ཀྱི་ཚ་དྲོད་ཚད་ལས་བརྒལ་བ་ཏེ་རྒྱ་མཚོ་འཁྱིལ་བ་སོགས་ཆུའི་འཇིག་པ་ཡོང་རྒྱུའི་ཉེན་བརྡ་བཏང་ཡོད། འདྲ་པར་འདིའི་ཉེན་བརྡ་ལས་ང་ཚོ་འཛམ་གླིང་གི་ཀླད་ནས་ཡིན་མཁན་ཚོས་ཁ་བརྡ་རེ་བྱེད་ཡ ་་་
རེ་བ་འདུག་གམ། འདི་འདྲའི་མི་རིགས་ཤིག་ལ།
བོད། ལྷ་ཀླུ་གཉན་གསུམ་ནས།
རེ་བ་འདུག་གམ། འདི་འདྲའི་མི་རིགས་ཤིག་ལ།
ཕུགས་ན་སྲོལ་རྒྱུན་ཐག་ནག་སྲ་མོ་ཞིག།
གཞུག་ན་སྒྱིད་ལུག་ངན་པའི་གོམས་གཤིས་ཤིག།
བར་ན་ཕྲག་དོག་ཁྲག་གི་གླེན་རྟགས་ཤིག།
སྡུག་གྱོང་ཉོ་དགོས་མི་འདུག་བསམ་སོང་། ཨར་བོད་དང་བཅས་པར་སྤྲིངས།
སྡུག་གྱོང་ཉོ་དགོས་མི་འདུག་བསམ་སོང་།
____ཨར་བོད་དང་བཅས་པར་སྤྲིངས།
ཞོགས་ལྗང་།
༄༅།།ཁྱོད་རང་ཚོས་དུས་རྒྱུན་ན་གཞོན་གསར་བ་ཞེས་མིག་དབང་གཞན་ཞིག་གིས་བལྟས་པར་སྙིང་ནས་དགའ་བསུ་ཞུ་གི་ཡིན། ཐེངས་འདིར་ང་ཚོར་མིང་དེ་འདྲའི༼རླབས་ཆེན༽ཞིག་བཏགས་པར་ཡང་དགའ་བསུ་ཆེན་པོ་ཞུ་གི་ཡིན། སྐད་ཆ་དེ་ལྟ་བུ་ཞིག་གིས་རང་གི་འཕོང་ཚོས་རང་གིས་བསྟན་པ་ལས་ང་རང་ཚོར་གནོད་ཅི་ཡང་སྐྱེལ་མི་ཐུབ་པར་མ་ཟད། འདི་ལྟ་བུ་ཞིག་གིས་བོད་ལ་ཡང་ཕན་ཅི་ཡང་ཐོགས་ཀྱིན་མེད་པས། བྱིས་པས་རྩེད་ཁང་ཕུབ་པ་ལྟ་བུ་ཞིག་ཡིན་ན་ང་རང་ཚོས་ཁྱོད་ཀྱི་རྨི་ལམ་ལ་ཐེ་གཏོགས་གང་ཡང་གནང་གི་མ་རེད། རེད་མོད་ཀྱང་། དེ་རིང་གསལ་བཤད་དགོས་རྒྱུ་ཞིག་ལ་ཁྱོད་དང་བཅས་པའི་གཞིས་བྱེས་བོད་ མི་མང་དག་ཅིག་གིས་ན་གཞོན་གསར་བ་ཞེས་པ་འདིའི་ཟུར་ཙམ་ཡང་མཐོང་ཐུབ་ཀྱིན་མི་འདུག་པས། ན་གཞོན་གསར་བའི་གསར་གྱི་ངོས་ཅུང་ཙམ་ཞིག་བཤད་ཐུབ་ན་ཁྱོད་རང་ཚོར་ཕན་ཐོགས་ཆེན་པོ་འབྱུང་གི་རེད་བསམ་ནས་བཀོད་ན་དགོངས་འགལ་མེད་པར་ཞུ།
དེ་ལས་མང་བ་། “སྡུག་གྱོང་ཉོ་དགོས་མི་འདུག་བསམ་སོང་། ཨར་བོད་དང་བཅས་པར་སྤྲིངས།” »