འཛིན་གྲྭ་གསུམ་པའི་བོད་ཡིག་སློབ་ཁྲིད་བརྙན་པར།
ཐ་སྙད་བེད་སྤྱོད་གཅིག་གྱུར་ཡོང་ཐབས་སྐོར་གྱི་གླེང་མོལ།
མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་མཆོག་གི་སྐོར་གླེང་བ།
ཆུང་ཚེ་རིང་།
དེ་རིང་དྲྭ་ལམ་ཁག་ཏུ། མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་(༡༩༣༤-༢༠༡༥) མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་འདུག་པས། རིན་པོ་ཆེ་ཐེངས་ཁ་ཤས་ཞལ་མཇལ་མྱོང་བའི་ཆ་ནས་གཤམ་གསལ་རྗེས་དྲན་གྱི་རྩོམ་འདི་བྲིས་པ་ཡིན། གྲོགས་པོ་གཞན་ཚོས་ཀྱང་གཤམ་དུ་མཆན་བཀོད་དེ་ཁོང་གི་མཛད་པ་ཆ་ཚང་བར་མཛོད།
ཕྲན་ལ་གདོང་ཐོག་རིན་པོ་ཆེ་མ་མཇལ་གོང་། ཁོང་གིས་མཛད་པའི་དབྱིན་བོད་ཚིག་མཛོད་སྣང་བ་གསར་པ་ཞེས་པ་དེ་མཇལ།
དེ་ལས་མང་བ་། “མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་མཆོག་གི་སྐོར་གླེང་བ།” »
བོད་རིགས་ཁྱིམ་ཚང་ཞིག་གིས་ཨ་སྒོར་འབུམ་གཅིག་གནང་བ།
ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
བོད་རིགས་ཁྱིམ་ཚང་གཅིག་གིས་ཤེས་རིག་ལས་ཁུངས་ལ་སློབ་ཡོན་ཆེད་ཨ་སྒོར་འབུམ་གཅིག་ཞལ་འདེབས་གནང་བ།
༄༅། །ཉེ་ཆར་ཨ་རིར་གནས་སྡོད་བོད་རིགས་ཁྱིམ་ཚང་སྨར་ཁམས་དུང་དཀར་ཚང་གིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ལ་བོད་རིགས་སློབ་མ་ཚོར་སློབ་ཡོན་གྱི་མཐུན་རྐྱེན་བསྐྲུན་ཆེད་ཨ་སྒོར་འབུམ་གཅིག་ཞལ་འདེབས་གནང་འདུག དེ་ཡང་སློབ་ཡོན་འདི་བཞིན་འཛིན་རིམ་བཅུ་གཉིས་ནང་མཐའ་མའི་ཡིག་རྒྱུགས་ཀྱི་བརྒྱ་ཆ་ ༩༠ ལོན་པ་དང་། ཉམ་ཐག་སློབ་ཕྲུག བོད་ནས་ཡིན་པའི་སློབ་ཕྲུག་བཅས་ཁྱོན་སློབ་མ་དགུ་ལ་འབུལ་རྒྱུ་ཡིན་འདུག
དེ་ལས་མང་བ་། “བོད་རིགས་ཁྱིམ་ཚང་ཞིག་གིས་ཨ་སྒོར་འབུམ་གཅིག་གནང་བ།” »
བོད་རྒྱ་ཞི་མོལ་ལྷན་ཚོགས་ཐེངས་༢༧ པ་དབུ་འཛུགས་གནང་བ།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་དྲངས།
བཞུགས་སྒར་དུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ལྷན་ཚོགས་ཐེངས་ཉེར་བདུན་པ་དབུ་འཛུགས་གནང་བ།
ཕྱི་ལོ་༢༠༡༥ ཟླ་༡ ཚེས་༥ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་(Asian health Resort ) ཨེ་ཤི་ཡན་ཧལ་ཐ་རི་སོ་ཌི། ཞེས་པའི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ལྷན་ཚོགས་ཐེངས་ཉེར་བདུན་པ་དབུ་འཛུགས་གནང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་ཚོགས་ཡོད་ཅིང་།
དེ་ལས་མང་བ་། “བོད་རྒྱ་ཞི་མོལ་ལྷན་ཚོགས་ཐེངས་༢༧ པ་དབུ་འཛུགས་གནང་བ།” »
གླིང་མེ་དང་བག་ཐུག ཞབས་དཀར་ཚོགས་དྲུག་གི་ལྔ་མཆོད་དགེ་སྐུལ།
ཆུང་ཚེ་རིང་ལགས་ཀྱི་ངོ་དེབ་ནས་དྲངས།
དེ་རིང་དགའ་ལྡན་ལྔ་མཆོད་རེད། ང་བྱིས་པ་ཡིན་དུས། “དགའ་ལྡན་ལྔ་མཆོད་ཐོག་ཁའི་རྩེ་ལ་ཡོད།། ཐུག་པ་བག་ཐུག་ཐབ་ཀྱོག་སྒང་ལ་ཡོད།།”ཅེས་པའི་ཚིག་བཅད་རྐང་པ་གཉིས་དེ། གྲོང་ཚོའི་ནང་གི་བྱིས་པ་ཚོས་ཞོགས་པ་ནས་དབྱངས་དང་བཅས་ཏེ་འདོན་གྱི་རེད། དེ་ནི་དེ་ཉིན་དགའ་ལྡན་ལྔ་མཆོད་རེད་ཅེས་དྲིལ་བསྒྲགས་བྱེད་པ་དང་འདྲ།
ཀ) གླིང་མེ།
གོང་གི་ཚིག་བཅད་རྐང་པ་གཉིས་ཀྱིས་དགའ་ལྡན་ལྔ་མཆོད་ཀྱི་བྱེད་སྒོ་གལ་ཆེ་ཤོས་གཉིས་ཏེ།
དེ་ལས་མང་བ་། “གླིང་མེ་དང་བག་ཐུག ཞབས་དཀར་ཚོགས་དྲུག་གི་ལྔ་མཆོད་དགེ་སྐུལ།” »
དམིགས་བསལ་ལེ་ཚན་༧གོང་ས་མཆོག་ལ་བཅར་འདྲི།
མཐོང་ཆུང་དང་དམའ་འབེབ་རི་འདྲ་བོ་ཞིག་བྱས་སོང་།
བློ་བཟང་མཁྱེན་བརྩེ། དྷ་ས། (བོད་ཀྱི་བང་ཆེན་ནས་དྲངས།)
དེང་སང་ང་ཚོའི་སྤྱི་ཚོགས་ནང་ད་ལྟའི་བཀའ་ཤག་འདིའི་བཀའ་བློན་ཚོས་བོད་རང་གི་ཡི་གེ་ཤེས་ཀྱི་མེད་པ་དང་། རང་མི་རིགས་ཀྱི་རིག་གཞུང་ལ་དུང་བ་མེད་རབས་སོགས་བཤད་དེ་སྐྱོན་བརྗོད་བྱེད་མཁན་དང། ཁ་རྡུང་གཏོང་མཁན་གྱི་རིགས་གང་མང་ཞིག་ཡོད་རེད་ལ། ལྷག་པར་མི་སྒེར་གྱི་དགའ་མིན་དགའ་དོགས་དང་འཁོན་འཛིན་སོགས་རྒྱུ་མཚན་དུ་བྱས་ཏེ་སྐྱོན་འཛུགས་དང་རྒྱབ་བཤད་བྱེད་མཁན་གྱི་དྲ་འབུའི་རིགས་ཀྱང་ཡོད་རེད། འོན་ཀྱང་དེ་དག་གི་ནང་ལས་ཁ་ཤས་ཀྱིས་གནད་དོན་གང་གི་ཐད་ནས་བཀའ་ཤག་འདིས་འཐུས་ཤོར་འགྲོ་ཡི་ཡོད་པ་ཤེས་ཀྱི་ཡོད་ན་ཡང་།
དེ་ལས་མང་བ་། “མཐོང་ཆུང་དང་དམའ་འབེབ་རི་འདྲ་བོ་ཞིག་བྱས་སོང་།” »
༧གོང་ས་མཆོག་གི་བཀའ་སློབ།
རྒྱལ་བ་རིན་པོ་ཆེའི་དྲ་རྒྱ་ནས་དྲངས།
༧གོང་ས་མཆོག་གིས་ནེའུ་ཡོག་ཏུ་བོད་མི་ཚོར་བཀའ་སློབ་སྩལ་བ།
ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༥ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཨ་རི་ཁུལ་གྱི་མཛད་འཕྲིན་ཉིན་མཐའ་མར་ནེའུ་ཡོག་དང་ནེའུ་འཇར་སེ་བོད་རིགས་སྤྱི་མཐུན་ཚོགས་པས་གྲ་སྒྲིག་ཞུས་པ་ལྟར་བོད་མི་གཙོས་མི་གྲངས་ ༥༡༠༠ བརྒལ་བར་བཀའ་སློབ་གསུང་བཤད་སྩལ་ཡོད་པ་རེད།
དེ་ཡང་ཟླ་༡༡ ཚེས་༥ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་ནེའུ་ཡོག་ལ་ཡོད་པའི་ཅའ་ཝེ་ཊི་སེན་ཁྲར་Javits Center ཞེས་པའི་ཚོགས་ཁང་ཆེན་མོའི་ནང་
ང་ཚོའི་བོད་ཀྱི་ལོ་རྒྱུས།
༸གོང་ས་མཆོག་གིས་ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་པ།
རྒྱལ་བ་རིན་པོ་ཆེའི་དྲ་རྒྱ་ནས་དྲངས།
༸གོང་ས་མཆོག་གིས་ཨ་ལ་བྷ་མའི་གཙུག་ལག་སློབ་ཁང་དུ་ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་པ།
༄༅། །ཕྱི་ལོ་༢༠༡༤ ཟླ་༡༠ ཚེས་༢༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཨ་ལ་བྷ་མ་མངའ་སྡེའི་གཙུག་ལག་སློབ་ཁང་དུ་ཚན་རིག་པ་ཁག་གཅིག་དང་ལྷན་ཀླད་རྩའི་འགྱུར་ལྡོག་དང་གསོ་ཐབས་ Neuroplasticity and Healing སྐོར་བགྲོ་གླེང་ལྷན་ཚོགས་སུ་བཀའ་སློབ་སྩལ་འདུག
དེ་ལས་མང་བ་། “༸གོང་ས་མཆོག་གིས་ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་པ།” »
ཧོང་ཀོང་མི་མང་གི་ངར་ཤུགས།
ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གྱི་ཚ་རླབས།
སྐབས་༡༥ གྲོས་ཚོགས་ཚོགས་དུས་༨ པའི་ཉིན་གཉིས་པ།
སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལ་བཅར་འདྲི།
ཀ་ཁ་ག་ང་།— ང་ཡི་བླ་སྲོག ༼གླུ་གཞས།༽
གཞས་པ། རིན་ཆེན་རྡོ་རྗེ།
དགེ་ཆོས་སྐོར་ལ་བཅར་འདྲི་དང་འབྲེལ་བའི་གློག་བརྙན།
ཤིང་སྟག་སིམ་ལའི་ཆིངས་ཡིག་བཞག་ནས་མི་ལོ་བརྒྱ་འཁོར་བ།
ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
ཤིང་སྟག་སིམ་ལའི་ཆིངས་ཡིག་བཞག་ནས་མི་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩིའི་བགྲོ་གླེང་ལྷན་ཚོགས་གནང་བ།
༄༅།།ཤིང་སྟག་སིམ་ལའི་ཆིངས་ཡིག་བཞག་ནས་མི་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གཉིས་ཀྱིས་ཕྱི་ལོ་༢༠༡༤ ཟླ་༧ ཚེས་༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སིམ་ལའི་ཆིངས་ཡིག་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་ཡོད།
དེ་ལས་མང་བ་། “ཤིང་སྟག་སིམ་ལའི་ཆིངས་ཡིག་བཞག་ནས་མི་ལོ་བརྒྱ་འཁོར་བ།” »