བློ་བཟང་རིན་ཆེན།
སྙན་པའི་གྲགས་པ་ཕྱི་ནང་ཀུན་ལ་ཁྱབ།།
དམིགས་མེད་སྙིང་རྗེས་རང་རྒྱུད་ཡོངས་སུ་བརླན།།
བཅུ་ཕྲག་ཡོན་ཏན་དུ་མའི་གཏེར་འཛིན་པ།།
མཚན་ལྡན་བཤེས་གཉེན་རྣམས་ལ་གཏིང་ནས་གུས།།
རབ་བརྟན་སེམས་པ་བཟང་པོའི་ས་གཞི་ལ།།
རབ་མཛེས་སྙན་ངག་ལྷ་མོའི་སྐུ་འཁྲུངས་ན།།
རབ་དགའ་བརྩེ་བ་ཟབ་མོས་བློས་བསླངས་ནས།།
རབ་བྱུང་འཛིན་གྲོགས་རྣམས་ལ་སྐྱེས་ཤིག་ཕུལ།།