ཚེ་དབང་བསོད་ནམས།
ཕྱི་ལོ་༡༩༥༩་ལོར་རྒྱ་མིའི་བོད་དུ་བཙན་གནོན་གྱིས་བོད་མི་ཁྲི་ཚོ་མང་པོ་དམར་བསོད་བཏང་བ་དང་བོད་མི་སྟོང་ཚོ་མང་པོ་རྨས་སྐྱོན་འོག་ཤི་གསོན་གྱི་ས་མཚམས་སུ་ལྷག་པ་དང་ཕ་མ་བུ་ཕྲུག་སྟོང་ཚོ་མང་པོ་གསོན་བྲལ་བཏང་བ་དང་བཟའ་ཚང་སྟོང་ཚོ་མང་པོ་ཁ་བྲལ་བཏང་བ་དང་བོད་མི་སྟོང་ཚོ་མང་པོ་ལྟོག་ཤི་ཐེབ་པ་དང་བོད་མི་བརྒྱ་ཕྲག་མང་པོ་རང་ཤི་རྒྱབ་པ་སོགས་དམྱལ་བ་མི་ཡུལ་དུ་དངོས་སུ་བོད་མིའི་མྱོངས་བའི་སྐབས་འདིར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་ཆོལ་ཁ་གསུམ་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རྒྱ་མིར་ཞི་བའི་ངོ་རྒོལ་གྱིས་ལས་འགུལ་སྤེལ་ནས་འབོད་ཚིག་ཏུ་བོད་རང་བཙན་ཡིན་བོད་ཀྱི་བདག་པོ་བོད་མི་ཡིན་རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག་རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཟེར་བའི་དེང་དུས་རྒྱལ་སྤྱིའི་སྲིད་དོན་ཚན་རིག་དང་མཐུན་པའི་ཆབ་སྲིད་རིག་པའི་ཐ་སྙད་