ཁྲོ་གཏུམ།
སྟག་ཀའི་མོག་མོག་ཟ་བའི་དུས་ནི་དཔྱིད་འགོ་ཚེས་ནས་དཔྱིད་དུས་ཡིན་ལ། སྟག་ཀའི་མོག་མོག་བཟོ་དུས། ཚིལ་རྙིང་མཉམ་དུ་བཟོ་ལ། ཤ་རྙིང་སྐམ་པོ་མཉམ་དུ་བཟོ། དེ་མིན་སྣུམ་ཅུང་ཟད་བླུགས་ཏེ་བཟོ་བའང་འདུག འབྲོག་པ་མང་ཤོས་ལ་ཤ་ཆད་བྱུང་བའི་དུས་ནི་དཔྱིད་ཀ་ཡིན་ལ། དགུན་ཆས་བཤས་པའི་ཤ་འཕྲོ་དང་ཚིལ་འཕྲོ་ལྷག་ཡོད་པ་དེར་རྙིང་དྲི་ཅུང་ཙམ་བྲོ། དེ་བས་སྟག་ཀ་ཡིས་ངའི་རོ་འཛིན་གྱི་སྟེངས་སུ་བྲོ་བ་བཞག་པའི་