འབྲིང་བ་འཇིགས་མེད་ཀྱིས།
༄༅།། དེ་རིང་ཕྱི་ཟླ་ ༨ ཚེས་ ༨ ནི་རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་འཁྲུངས་ཚེས་དང་ཕྱི་ལུགས་དགུང་གྲངས་ ༧༧ ལ་ཕེབས་པའི་ཉིན་མོ་ཁེལ་བ་དང་སྟབས་བསྟུན། ཁོང་གི་རླབས་ཆེ་བའི་མཛད་པ་འཕྲིན་ལས་ཀྱི་ཆ་ཤས་ཏེ། དེ་སྔ་ཁོང་གིས་བོད་ཀྱི་དཔེ་མཛོད་ཁང་དུ་རིག་གཞུང་ཉམས་ཞིབ་པའི་མཛད་འགན་བཞེས་སྐབས་བོད་ཀྱི་ངག་རྒྱུན་ལོ་རྒྱུས་མང་པོ་དང་གནའ་བོའི་གཞས་སྣ། བཀའ་གཏན་ཡིག་རིགས་སོགས་རྩ་ཆེའི་ལོ་རྒྱུས་ཀྱི་རྒྱུ་ཆ་དང་རིག་དངོས་ཤིན་ཏུ་མང་པོ་བསྡུ་རུབ་ཀྱིས་སྲུང་སྐྱོབ་མཛད་པའི་སྐོར་རགས་ཙམ་གླེང་བའི་སྒོ་ནས་བཀའ་དྲིན་རྗེས་དྲན་ཞུ་བར་འདོད།
གསེར་རྒྱ་མ་འབུམ་ ༤༡ ཡོད་པའི་ཨ་རིའི་རྣམ་སྲས་བང་མཛོད།
བྱམས་པ་ལྷུན་གྲུབ་ཀྱིས།
ཨ་རི་ནང་ཧྥོཊ་ནོཀས(Fort Knox) ཞེས་པའི་བང་མཛོད་ཅིག་ཡོད་ཅིང་། བང་མཛོད་དེ་ཡོད་སའི་གནས་དེ་སྤྱི་ལོ་༡༩༣༢ གོང་ལ་ཨ་རིའི་དམག་སྦྱོང་བྱེད་ས་དང་། དམག་གི་གོ་མཚོན་བཞག་སའི་ལྟེ་གནས་ཤིག་ཡིན་འདུག འོན་ཀྱང་། དམག་ཆེན་དང་པོའི་རྗེས་སུ་ཨ་རི་གཞུང་གིས་དམག་ཆེན་གཉིས་པ་ཤོར་ན། རྒྱུ་ནོར་ལ་གཏོར་བཅོམ་ཐེབས་པའི་ཉེན་ཚབས་ཆེན་པོ་ཡོད་པའི་སྔོན་དཔག་བྱས་ཏེ། སྤྱི་ལོ་༡༩༣༢ ལོར་རྒྱུ་ནོར་སྲུང་སྐྱོབ་ཆེད་གནས་དེར་ཧྥོཊ་ནོཀས་ཞེས་པའི་བང་མཛོད་དེ་བཞེངས་འདུག
དེ་ལས་མང་བ་། “གསེར་རྒྱ་མ་འབུམ་ ༤༡ ཡོད་པའི་ཨ་རིའི་རྣམ་སྲས་བང་མཛོད།” »
ཉེ་ལམ་སྐུ་ཞི་བར་གཤེགས་པའི་ཨ་ལགས་གཙང་བླ་འཇིགས་མེད་བློ་བཟང་བསྟན་པ་རྒྱ་མཚོ་མཆོག་གི་རྣམ་ཐར་ངོ་སྤྲོད་གནད་བསྡུས།
རེ་མདོ་སེངྒེ།
༄༅།། ཁ་སང་སྟེ་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༧ ཚེས་ ༢༠ ཉིན་ཕྲན་འཇར་མན་གྱི་རྒྱལ་ས་བྷ་ལེན་དུ་ཡོད་པའི་སྐབས། ཨ་ལགས་གཙང་བླ་སྐུ་ཕྲེང་ལྔ་པ་འཇིགས་མེད་བློ་བཟང་བསྟན་པ་རྒྱ་མཚོ་མཆོག་སྐུ་ཞི་བར་གཤེགས་འདུག་ཅེས་པའི་གནས་ཚུལ་ཞིག་ཐོས་འཕྲལ་སེམས་ཁམས་སྐྱོ་སྣང་གིས་ཁེངས་པ་ཞིག་བྱུང། ཨ་ལགས་ཚང་ཀིརྟིའི་མཚན་ཞབས་རིན་པོ་ཆེའི་ཞལ་ཆེམས་ཡོད་པ་ལྟར་བར་ལམ་ལོ་ཤས་ཀྱི་གོང་ནས་རྐྱང་ཚའི་ཆབ་ཚན་དུ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བསྙེན་མཚམས་ལ་བཞུགས་བཞིན་ཡོད་པའི་མཚམས་ཁོངས་སུ་སྙུང་གཞི་བཞེས་བཞིན་ཡོད་པའི་གནས་ཚུལ་ཐོས་ཀྱང།
ལུས་བདེ་སེམས་སྐྱིད་ཕྱི་མར་ཕན་པའི་གདམས་པ།
ཨ་ཅེ་མཁའ་མོ་ཐར།
ཆུ་རླངས་འབྲུག་བྱམས།
བརྙན་ཐུང་ཞིག་ནི་ངའི་དྲན་པའི་ནང་ནམ་ཡང་བརྗེད་ཐབས་མི་འདུག དེ་ནི་བོད་ཀྱི་སྐུ་ཚབ་ཚོགས་ཆུང་ཐེངས་དང་པོ་བོད་ལ་བསྐྱོད་པའི་སྐབས་ཀྱི་བརྙན་ཐུང་ཞིག་རེད། བརྙན་ཐུང་དེའི་ནང་དུ་ཨ་མ་རྒན་མོ་ཁག་ཅིག་གིས་ངུ་འབོད་དང་བཅས་སྐུ་ཚབ་རྣམ་གྱི་ལག་པར་འཇུས་ནས་ཞུ་འབོད་བྱེད་བཞིན་པ་དང་ཁག་ཅིག་ས་ལ་འགྱེལ་ཡོད་པའི་གནས་ཚུལ་དེ་དག་མཐོང་ཐུབ། བརྙན་ཐུང་དེ་ཕྲན་བོད་ནས་རྒྱ་གར་ལ་བཙན་བྱོལ་ལ་ཡོངས་སྐབས་བལ་ཡུལ་སྣེ་ལེན་ཁང་དང་རྡ་རམ་ས་ལ་བཅས་ནས་ཐེངས་མང་པོ་བལྟས་པ་ཡིན། བོད་ཀྱི་སྐུ་ཚབ་ཚོགས་ཆུང་ཐེངས་དང་པོ་རེབ་གོང་ལ་ཕེབས་པའི་སྐབས་རེད། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་ནས་ལོ་ངོ་ཉི་ཤུའི་རྗེས་རེད། སྐབས་དེར་སྐུ་ཚབ་ཚོགས་ཆུང་རེབ་གོང་ལ་མ་ཕེབས་སྔོན་ལ། ལ་ཧྲའུ་ཅི་ཟེར་བའི་རྒྱ་མི་འགོ་ཁྲིད་དེས་རེབ་གོང་མི་དམངས་ལ་གཏམ་བཤད་བྱས་ཏེ། ཁྱོད་ཚོས་
རེབ་གོང་སྤེན་དཀར་ཐང་དགོན་གྱི་རྗེ་དོ་ཁ་མའི་སྐུ་བརྙན་བྱིན་ཅན།
བསོད་ནམས་ཀྱིས་འོས་སྦྱོར་བྱས།
༄། །ན་མོ་གུ་རུ་སུ་མ་ཏི་ཀིརྟི་ཡ།
བློ་བཟང་ལེགས་གསུང་རྣམ་སད་རྫིང་བུ་ལ། །
མཁྱེན་བཟང་འོད་ཀྱི་དྲ་བ་སྟོང་འགྱེད་པའི། །
ཀུན་བཟང་ཉི་མ་ཕྱོགས་ཀྱི་སྐྱེ་དགུའི་རྒྱན། །
བཤེས་བཟང་རྣམ་པས་སྙིང་གི་པད་དཀར་སྐྱོངས། །
གང་གི་གསང་གསུམ་ག་པུར་ལ་འཐུང་པའི། །
གང་ལ་དད་གསུམ་ཀུ་མུད་མ་རྙིངས་པ། །
གང་གིས་ས་གསུམ་གདུལ་བྱ་འདྲེན་མཛད་པའི། །
དེ་ལས་མང་བ་། “རེབ་གོང་སྤེན་དཀར་ཐང་དགོན་གྱི་རྗེ་དོ་ཁ་མའི་སྐུ་བརྙན་བྱིན་ཅན།” »
ཤར་རྒྱལ་མོ་རོང་ལ་གནས་སྐོར་དུ་ཕྱིན་པའི་གཏམ།
སྒོ་བུ་ཤ་བོ་ཚེ་རིང་། (རྩོམ་ཁུངས། བཙན་པོ་དྲ་བ།)
དང་པོ། སྤོས་ངད་གྲོང་ནས་ལམ་ལ་ཆས་པ།
སྤྱི་ཟླ་4པའི་ཚེས་27ཉིན་གྱི་སྔ་དྲོར་དགེ་རྒན་གུར་མགོན་སྐྱབས་དང་། ཨ་ཁུ་གངས་དཀར། གྲོགས་རྡོ་རྗེ་རིན་ཆེན། ཕྲན་དང་བཅས་པའི་ཨ་མདོ་བ་བཞི། གྲོང་ཁྱེར་སྤོས་ངད་ལྡན་གྱི་ལྷོ་སྒོ་གསར་མའི་(新南门)རླངས་འཁོར་འབབ་ཚིགས་ནས་རླངས་འཁོར་ཞིག་གླས་ཏེ་ལྕགས་ཟམ་རྫོང་གི་ཕྱོགས་སུ་ཆས་པ་ཡིན། དེ་ནི་ངེད་ཅག་རྒྱལ་རོང་བསྐོར་བའི་ས་ཚིགས་དང་པོ་སྟེ། དེ་ནས་ལམ་འགྲོ་བ་བཞི་བོད་ཤར་ཕྱོགས་ཀྱི་བཙན་རྫོང་རྒྱལ་མོ་ཚ་བ་རོང་གི་སྣོད་བཅུད་ལ་རྐང་བས་བཅགས། མིག་གིས་བལྟས། སེམས་ཀྱིས་མྱང་བར་བྱ་བའི་གོམ་པ་དང་པོ་སྤོ་
མི་འགྱུར་རིན་པོ་ཆེའི་དེབ་གསར་པ་འཇིག་རྟེན་ལ་བརྩེ་བ།
མི་གསོན་པས་འོས་སྦྱོར་བྱས།
ཚན་རིག་པས་ཀླད་ཁམས་ལ་བརྟག་ཞིབ་བྱས་འབྲས་སུ་ཐུན་མིན་གྱི་ཁྱད་ཆོས་དུ་མས་ནང་ཆོས་སྒོམ་རིམ་གྱིས་སེམས་ཁམས་ཞི་བདེ་ལ་བསྒྱུར་བའི་དཔང་རྟགས་ཀྱི་མི་སྣ་གལ་ཆེན་དུ་གྱུར་པའི་མི་འགྱུར་རིན་པོ་ཆེས་དེབ་གསར་པ་འཇིག་རྟེན་ལ་བརྩེ་བ་ཞེས་པའི་དེབ་དེ་དེང་སྐབས་རྒྱལ་སྤྱིའི་ཁྱོན་དུ་འགྲེམ་ཚད་ཧ་ཅང་མཐོ།དེབ་འདི་ནི་མི་འགྱུར་རིན་པོ་ཆེའི་དབྱིན་སྐད་དུ་བྲིས་པའི་དེབ་ཕྲེང་བཞི་པ་སྟེ།དགའ་བའི་འཚོ་བ་དང་།མངོན་དགའི་ཤེས་རབ།མ་རིག་པ་འོད་གསལ་དུ་བསྒྱུར་བ།
དེ་ལས་མང་བ་། “མི་འགྱུར་རིན་པོ་ཆེའི་དེབ་གསར་པ་འཇིག་རྟེན་ལ་བརྩེ་བ།” »
《སྒེའུ་ཁུང་ཆུང་ཆུང་།》ཐུབ་བསྟན་རིག་བཟང་གིས་བསྒྱུར།
ཙ་རྐང་དྲུག་གིས།
འདིར་ཁོ་བོའི་ལས་གྲོགས་བོད་དགེ་ཐུབ་བསྟན་རིག་བཟང་ལགས་ཀྱིས་《སྒེའུ་ཁུང་ཆུང་ཆུང་།》ཞེས་པའི་དཔེ་ཆ་ཞིག་མི་འགྱང་བར་སྤྱི་ཚོགས་སུ་དགྲམ་ལ་ཉེ་ན། ཐོག་མར་བསྒྱུར་བ་བོ་ཁོང་ལ་བཀྲ་ཤིས་བདེ་ལེགས་ཞེས་འཚམས་འདྲི་དང་བཅས། སྒེའུ་ཁུང་ཆུང་ཆུང་ཞིག་ནས་བྱ་དངོས་དུ་མ་ཞིག་མཐོང་རྒྱུའི་རེ་བ་བཅང་པའི་ཀློག་པོ་ཡོངས་མཛུམ་གྱིས་བསུ། སྒེའུ་ཁུང་ཆུང་ཆུང་ནི་བོད་དབྱིན་ཤན་སྦྱར་གྱི་བརྡ་སྤྲོད་ཅིག་ཡིན་ལ། དེ་ཡང་མ་ཕྱི་དབྱིན་ཡིག་ལས་བོད་ཡིག་ཐོག་བསྒྱུར་བའི་འགྱུར་རྩོམ་ཞིག་
དེ་ལས་མང་བ་། “《སྒེའུ་ཁུང་ཆུང་ཆུང་།》ཐུབ་བསྟན་རིག་བཟང་གིས་བསྒྱུར།” »
རྡ་ས་ཐེག་ཆེན་གཙུག་ལག་ཁང་ངོ་སྤྲོད།
རྭ་རྒྱ་དཔལ་ལྡན།
རྡ་ས་ཐེག་ཆེན་གཙུག་ལག་ཁང་ནི་ཡོངས་གྲགས་རྡ་རམ་ས་ལ་ཟེར་བ་རྒྱ་གར་ཧི་ལ་ཅལ་གངས་ར་རྫོང་ཁོངས། Himachal Pradesh མེག་ལོར་སྒན་ཇུའི་ཏཱ་ལའི་བླ་ལ་སྐུ་ཕྲེང་བཅུ་བཞི་བ་ཆེན་མོ་བཙན་བྱོལ་དུ་བཞུགས་གནས་སུ་ཡོད། དེ་ནི་བོད་ཀྱི་རྒྱལ་ཐོག་གང་མང་རིང་ལྷ་རྟེན་ཆོས་གསུམ་དང་། བཙན་པོ་རིམ་བྱོན་ནས་ཡོང་བའི་གཙུག་ལག་ཁང་སྟོང་རྩ་མང་པོ་བཞེངས་པ་རྒྱ་ནག་དམར་པོས་བོད་ས་བཙན་བཟུང་སྐབས་རིག་གནས་གསར་བརྗེ་ཟེར་བའི་རླུང་འཚུབ་ཀྱིས་སྟོར་བཤིགས་བྱས་ཟིན་པའི་དྲན་རྟེན་གྱི་ཚབ་དང་། ཕྱི་སྡོད་བོད་མི་རྣམས་ཀྱི་མཆོད་གནས་དང་སློབ་གཉེར་ཁང་གཅིག་ལྕོགས་ལྟ་བུར་ཕྱི་ལོ་ ༡༩༦༩ ལོར་བོད་རབ་བྱུང་བཅུ་དྲུག་པའི་ས་བྱ་ལོར་གཙུག་ལག་ཁང་འདི་ལོ་གཅིག་དང་ཟླ་བ་དགུའི་ནང་སྐུ་རྟེན་རྣམ་གསུམ་དང་བཅས་བཞེངས་བསྐྲུན་ལེགས་པར་ཞུས་ཤིང་། འདིའི་ཐུགས་བཀོད་ཡོངས་སུ་ ༸ གོང་ས་ཏཱ་ལའི་བླ་མ་
པདྨ་ཚེ་བརྟན་གྱི་གློག་བརྙན་གསར་པ་གྲགས་ཅན་<<ལག་དམར།>>ལ་དྲ་ཐོག་ནས་རིན་མེད་བལྟ་ཐུབ།
བདེ་འཇགས་ཕོ་ཉ།
ཉེ་ཆར་པདྨ་ཚེ་བརྟན་གྱི་གློག་བརྙན་གསར་པ་གྲགས་ཅན་<<ལག་དམར།>>ལ་རྒྱལ་སྤྱིའི་རིམ་པའི་བྱ་དགའ་དང་གཟེངས་བསྟོད་མང་པོ་ཞིག་ཐོབ་ཅིང་། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་མང་པོ་ཞིག་ཏུ་བསྟན་པའི་ཉིན་འགའི་རིང་གི་གློག་བརྙན་གྱི་འཛིན་བྱང་བཙོང་རིན་རྒྱ་སྒོར་ཁྲི་༡༠༠༠ལས་བརྒལ་ཟིན། བོད་ཁུལ་དུ་གློག་བརྙན་ཁང་མེད་པའི་རྐྱེན་གྱིས་བོད་པ་ཤིན་ཏུ་མང་པོ་ཞིག་གིས་གློག་བརྙན་ལག་དམར་ལ་ལྟ་མི་ཐུབ་སྟབས། དེ་རིང་པདྨ་ཚེ་བརྟན་གྱིས་གློག་བརྙན་<<ལག་དམར།>>ནི་爱奇艺དྲ་ཐོག་ལ་བཞག་ཡོད་ནའང་། དེ་ནི་རྒྱ་ནག་ནས་མ་གཏོགས་ཕྱི་ལོགས་ནས་བལྟ་མི་ཐུབ་པར་བརྟེན། བདག་གིས་འདིར་
དེ་ལས་མང་བ་། “པདྨ་ཚེ་བརྟན་གྱི་གློག་བརྙན་གསར་པ་གྲགས་ཅན་<>ལ་དྲ་ཐོག་ནས་རིན་མེད་བལྟ་ཐུབ།” »
ཡེ་པི་གླེང་མོལ་མཉེན་ཆས་ངོ་སྤྲོད།
བདེ་འཇགས་ཕོ་ཉ།
ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༩ ཚེས་ ༢༩ ཉིན་བདག་གིས་ཁ་བརྡ་དྲ་ཚིག་ཐོག་ཏུ་<<ཡེ་པི་གླེང་མོལ་མཉེན་ཆས་བཀོལ་ནས་བོད་དུ་ཡོད་པའི་ནང་མི་སྤུན་མཆེད་སོགས་ལ་སྐད་ཆ་བཤད་ན་སྐད་འཕྲིན་ལས་ལྡབ་བརྒྱ་འགྱུར་གྱིས་བདེ་འཇགས་ཡིན།(https://www.khabdha.org/?p=94859)ཞེས་པའི་རྩོམ་ཡིག་ཅིག་བྲིས་ནས་ཡེ་པི་གླེང་མོལ་མཉེན་ཆས་ངོ་སྤྲོད་ཞུས་པ་ཡིན། སྐབས་དེར་ཀློག་པ་པོ་ཁ་ཤས་ཀྱིས་ཡེ་པི་གླེང་མོལ་མཉེན་ཆས་ཁ་པར་ནང་ལ་ཕབ་ལེན་དང་ནང་འཇུག་བྱེད་སྟངས་བསླབ་རོགས་ཞེས་རེ་སྐུལ་གནང་བྱུང་། འོན་ཀྱང་སྐབས་དེར་ལས་བྲེལ་གྱིས་ཁོམ་མ་སོང་། ཟླ་འདི་དག་གི་རིང་ལ་རྒྱ་ནག་གཞུང་གིས་སྐད་འཕྲིན་(wechat)ཞིབ་བཤེར་བྱས་ནས་བདག་གིས་ངོ་ཤེས་པ་ཁ་ཤས་ལ་ཉེན་བརྡ་བརྒྱབ་པ་དང་། ལ་ལ་བདུན་ཕྲག་གཅིག་ཙམ་བཀག་ཉར་བྱས་པའང་བྱུང་སོང་། དེ་ག་ནང་བཞིན་བདག་གིས་ངོ་མི་ཤེས་པ་མང་པོ་
མཐོང་ཐོས་མྱོང་གསུམ་ལས་བྱུང་བའི་འབྲས་སྤུངས་དཔེ་མཛོད་ཀྱི་ངོ་སྤྲོད་མདོར་བསྡུས།
ཀརྨ་བདེ་ལེགས། (རྩོམ་ཁུངས། བཙན་པོ་དྲ་བ།)

ཐོག་མར་གསལ་བཤད་ཞུ་རྒྱུ་ལ། སྤྱིར་འབྲས་སྤུངས་དཔེ་མཛོད་ཁང་དུ་རིན་ཐང་ཆེ་བའི་དཔེ་རྙིང་དཔེ་དཀོན་མང་པོ་ཞིག་བཞུགས་ཡོད་རུང་། དེ་རྣམས་ཀྱི་ཆ་འཕྲིན་དཀར་ཆག་དང་སྤར་བསྐྲུན་གྱི་ལམ་ནས་ཕལ་ཆེ་བ་སྤྱི་ཚོགས་ཐོག་ཕུལ་ཟིན་པས་བསྐྱར་
དེ་ལས་མང་བ་། “མཐོང་ཐོས་མྱོང་གསུམ་ལས་བྱུང་བའི་འབྲས་སྤུངས་དཔེ་མཛོད་ཀྱི་ངོ་སྤྲོད་མདོར་བསྡུས།” »
ཤར་རྒྱལ་མོ་ཚ་བ་རོང་གི་གནའ་མཁར་ལས་འཕྲོ་པའི་གཏམ།
རྒྱལ་རོང་ཁྲོ་སྐྱབས་བསྐལ་བཟང་གཡུང་དྲུང་།
སྤྱིར་གནའ་མཁར་ནི་རྒྱལ་རོང་ཡུལ་མིའི་ལག་རྩལ་དང་རྣམ་དཔྱོད་ལས་ཐོན་པའི་ཐུན་མིན་གྱི་ཁྱད་ཆོས་སམ་སྒྱུ་རྩལ་རང་བཞིན་ཅན་གྱི་བོད་ཀྱི་གནའ་བོའི་ཤེས་རིག་དང་འབྲེལ་བའི་རིག་གཞུང་གི་གྲུབ་ཆ་ཞི་ཡིན་མོད། དེའི་ཕྱིར་ངས་འདིར་གནའ་མཁར་གྱི་སྐོར་ལ་རྣམ་གྲངས་སམ་སྡེ་ཚན་གསུམ་གྱི་སྒོ་ནས་མདོ་ཙམ་གླེང་བར་བྱའོ།།
༡༽མཁར་གྱི་བྱུང་རིམ།
༢༽མཁར་གྱི་ཟུར་
དེ་ལས་མང་བ་། “ཤར་རྒྱལ་མོ་ཚ་བ་རོང་གི་གནའ་མཁར་ལས་འཕྲོ་པའི་གཏམ།” »
ཏི་ཤྲི་རས་པའི་བླ་སྒྲུབ་ཞལ་ཐང་ཐོག་མ།
སྐྱོ་བྲག་དགའ་དབང་།
དཔལ་འགྲོ་བའི་མགོན་པོ་བཀའ་བརྒྱུད་པ་ཆེ་བཞིའི་ཡ་གྱལ། འབའ་རོམ་བཀའ་རྒྱུད་དུ་གྲགས་པའི་ཆོས་བརྒྱུད་འདི་ཉིད། འགྲོ་མགོན་ཏི་ཤྲི་རས་པའི་བདག་རྐྱེན་ལས་དར་འཕེལ་བྱུང་བ་ཡིན་པར། རྒྱལ་ཚབ་གྲགས་པ་དོན་གྲུབ་ཀྱི་མར་པའི་རྣམ་ཐར་ལས། དཔལ་འབབ་རོམ་པ་ཆེན་པོའི་སློབ་མ་འགྲོ་མགོན་ཏི་ཤྲི་རས་པ་ནས་འབབ་རོམ་བཀའ་བརྒྱུད། ཅེས་གསུངས་པ་ལྟ་བུའི་གལ་གནད་ཆེ་བའི་བླ་མ་ཞིག་ཡིན་ནའང་། དིང་སང་གི་བར་དུ་རྒྱུན་གནས་བྱུང་བ་འབའ་རོམ
ལྕམ་ཟལ་མ བླ་གྷུ་ལོ་དང་ཁོང་གི་བཅོས་སྒྲུང་ཞིག
སྙན་བཟང་གཡུང་དྲུང་ཚེ་རིང་།
ཉིན་ཤས་ཀྱི་སྔོན་ཕྲན་གྱིས་ནོ་སྦེལ་བྱ་དགའ་ཐོབ་མཁན་གྱི་བུད་མེད་རྣམས་ཀྱི་སྐོར་ལ་དོ་སྣང་ཕྲན་བུ་བྱས་པར། ནོ་སྦེལ་བྱ་དགའ་ཐོབ་མཁན་བུད་མེད་ལྔ་བཅུ་དང་། དེའི་ཁྲོད་དུ་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་མཁན་བུད་མེད་བཅུ་གསུམ་ཡོད་པའི་གནས་ཚུལ་རྙེད་བྱུང་། ཡུ་རོབ་ཀྱི་རྒྱལ་ཁོངས་སུ་ཝི་ཌེན་ནས་ཡིན་པའི་ལྕམ་ཟལ་མ བླ་གྷུ་ལོ་(Selma Lagerlöf 1858-1940)ཞུ་བ་ནི་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་བུད་མེད་ཐོག་མ་དེ་ཡིན་པར་བཤད། བུད་མེད་འདིའི་བརྩམས་ཆོས་ཀྱི་སྐོར་བཙལ་སྐབས། «སུ་ཝི་ཌེན་བརྒལ་བའི་ནེལ་གྱི་ངོ་མཚར་བའི་འགྲུལ་བཞུད»(Le Merveilleux Voyage de Nils Holgersson à travers la Suède)ཅེས་པའི་བཅོས་སྒྲུང་དེ་ནི་ལྕམ་འདིའི་བརྩམས་ཆོས་དག་ལས་གྲགས་ཆེ་ཤོས་ཡིན་པའི་གནས་ཚུལ་མཐོང་བས་བཅོས་སྒྲུང་དེ་ཀློག་དགོས་པར་གྱུར།
དེ་ལས་མང་བ་། “ལྕམ་ཟལ་མ བླ་གྷུ་ལོ་དང་ཁོང་གི་བཅོས་སྒྲུང་ཞིག” »
འཁོར་བ་ལས་ཐར་བའི་མི་ལ་རས་པ། བུད་མེད་ལས་མ་ཐར་བའི་མི་ལ་རས་པ།
-ལོ་ཐོ་ཞིག་ལས་དེ་རིང་རྗེ་མི་ལ་རས་པའི་འདས་མཆོད་ཉིན་མོ་ཡིན་ཚུལ་བྲིས་འདུག
ཀླུ་སྨྱོན།
གཡུ་ཐོག་སྙིང་ཐིག་གི་ཆོས་བརྒྱུད་འཛིན་པ་ཞིག་ཡིན་པའི་ཆ་ནས་ངས་ནམ་རྒྱུན་གཡུ་ཐོག་གསར་རྙིང་གི་རྣམ་ཐར་དང་བླ་མའི་རྣལ་འབྱོར་ཁག་ལ་མཇལ་བཞིན་ཡོད།
གཡུ་ཐོག་རྣམ་ཐར་ལས་མི་ལ་རས་པ་རྒྱ་གར་གྱི་གྲུབ་ཆེན་ནག་པོ་སྤྱོད་པའི་སྐྱེ་བ་རྗེས་མ་ཞིག་ཡིན་ལུགས་བྲིས་འདུག
དེ་ལས་མང་བ་། “འཁོར་བ་ལས་ཐར་བའི་མི་ལ་རས་པ། བུད་མེད་ལས་མ་ཐར་བའི་མི་ལ་རས་པ།” »
ཡོལ་མོའི་སྟག་ཕུག་སེངྒེ་རྫོང་།
སྐྱོ་བྲག་དགའ་དབང་།
རྗེ་བཙུན་མི་ལ་རས་པ་ལ་བླ་མ་མར་པ་ལོ་ཙཱ་བས། བལ་ཡུལ་གྱི་ཡོལ་མོ་གངས་ར་མདོ་ཕལ་པོ་ཆེ་ནས་ལུང་བསྟན་པའི་གནས་ཡིན་པས་དེ་ལ་སྒོམས། ཞེས་བཀའ་བསྩལ་པ་བཞིན། རྗེ་བཙུན་མི་ལ་རས་པའང་བླ་མའི་བཀའ་བསྒྲུབ་ཕྱིར་ཡོལ་མོ་གངས་ར་ལ་བྱོན་པའི་ཚུལ་ནི། རྒྱལ་ཐང་པ་བདེ་ཆེན་རྡོ་རྗེའི་མི་ལའི་རྣམ་ཐར་ལས། རྗེ་བཙུན་གྱི་རྒྱལ་པོ་མིད་ལ་རས་པ་ཅེས་པ་དེ་ཉིད་ཀྱིས། མོན་གྱི་གནས་སེངྒེ་གླིང་གི་ནགས་ལ་སྒོམ་དུ་བྱོན་ནོ། །དེ་ལྟ་བུའི་གནས་དེ་ཤིང་རྩི་ནགས་ཚལ་ཤིན་དུ་སྟུག་པ། མེ་ཏོག་མང་པོ་སྐྱེས་པ། སྤྲ་དང་སྤྲེའུ་མང་པོ་གནས་པ། མི་དང་སྐྱེ་བོའི་ཚོགས་ཀྱིས་དབེན་པ། གཞི་བདག་དང་ལྷ་འདྲེའི་ཚོགས་ཀུན།
ས་མོ་ཕག་གི་ལོ་ལ།
སྒྱུར་བྱེད་ཅེས་པ་ས་མོ་ཕག་གི་ལོའི།།
བྱུང་བ་གང་ཡིན་བསྟན་རྩིས་ལས་བཏུས་ཏེ།།
འདས་པའི་ལོ་རྒྱུས་མདོར་ཙམ་ཡིད་ལ་བྱེད།།
བཀྲ་ཤིས་རྟེན་འབྲེལ་མཚོན་པའི་རྐྱེན་དུ་བསྔོ།།
མི་ཚེའི་ལོ་རྒྱུས་རིང་མོ་ཞིག་གི་བརྒྱུད་རིམ། (ཉི་མ་སྟོང་གི་ཉིན་ཐོ།) ངོ་སྤྲོད།
ཀླུ་སྨྱོན་ཧེ་རུ་ཀ
བོད་མི་མང་པོ་ཞིག་གིས་རང་ཉིད་ཀྱི་ལོ་རྒྱུས་ལ་འབྲི་རིན་མེད་སྙམ་པ་ནི་ནོར་འཁྲུལ་ཡིན། བོད་མི་ཚང་མས་རང་ཉིད་ཀྱི་ལོ་རྒྱུས་ངེས་པར་དུ་འབྲི་དགོས།
དེ་ལས་མང་བ་། “མི་ཚེའི་ལོ་རྒྱུས་རིང་མོ་ཞིག་གི་བརྒྱུད་རིམ། (ཉི་མ་སྟོང་གི་ཉིན་ཐོ།) ངོ་སྤྲོད།” »