མ་ཎི་རྡོ་ཕུང་།
གཞིས་རྩེ་བུ་ཆུང་ཚེ་རིང་། ང་ནི་མ་ཎི་རྡོ་ཕུང་ཞིག་ཡིན། གཏམ་རྒྱུད་སྙན་པའི་མ་ཎིའི་རྡོ་ཕུང་ཞིག་དང་། མཐོ་སྒང་ཡུལ་ན་འགྱིངས་པའི་གཡོ་མེད་ཀྱི་དཔང་པོ་ཞིག ཡིད་དུ་འོང་བའི་ངའི་བང་རིམ་རེ་རེ་ན། མི་རབས་སྟོང་གི་དར་རྒུད་བརྩིགས་ཡོད་ཅིང་། ལྷམ་མེར་འཛུམ་པའི་ཡིག་འབྲུ་རེ་རེ་ལ། མི་རབས་དུ་མའི་ལོ་རྒྱུས་མེ་ལོང་གསལ། གསོན་དང་། གངས་ཅན་གྱི་གཞོན་ནུ་ཚོ། གལ་ཏེ་ཁྱེད་ཀྱིས་ཉན་ཤེས་ན་མེས་པོའི་ཁ་ཆེམས་ཐོས་ངེས་ལ། གཟིགས་ཐུབ་ན་ཕ་མེས་ཡང་མེས་ཀྱི་མཛུབ་རིས་ཀྱང་མཐོང་། མ་ཟད།…