ལའུ་ཧྲན་བྱམས་ཆེན།
ཐེ་བོ་སངས་རྒྱས།
འཛམ་གླིང་ན་རྡོ་བརྐོས་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་འདྲ་ཆེ་ཤོས་ནི། རྒྱ་ནག་སི་ཁྲོན་ཞིང་ཆེན་ལའུ་ཧྲན་གྲོང་ཁྱེར་乐山市,གྱི་ཤར་ཕྱོགས་སུ་རྨིན་གཙང་པོ་དང་།岷江, ཆིང་ཡི་གཙང་པོ། 青衣江,ཏཱ་ཏའུ་གཙང་པོའམ་大渡江, རྒྱལ་མོ་རྔུལ་ཆུ་གསུམ་གྱི་འདུས་མདོ་སྟེ། གླང་ཆེན་འགྱིང་རིའི་峨嵋山,རི་བརྒྱུད་ཀྱི་བྲག་ངོས་ཤིག་ལ་བརྐོས་པའི་ལའུ་ཧྲན་བྱམས་ཆེན་ 乐山大佛,དེ་རེད། གོང་གི་ཆུ་བོ་གསུམ་པོ་བྱམས་སྐུ་དེའི་མདུན་ངོས་ཀྱི་ཞབས་དྲུང་བརྒྱུད་ནས་འབབ་ཀྱིན་ཡོད་ལ།
རེབ་གོང་གི་ཉི་མ་ནུབ་པ།
དགེ་འདུན་རབ་གསལ།
———————
(གསལ་བཤད། རྩོམ་ཡིག་འདི་ནི་ ༢༠༡༢ ལོར་བྲིས་ཤིང་། ༢༠༡༣ ལོར་དབྱངས་སྒྲོན་དོན་འགྲུབ་ལགས་(Yangdon Dhondup)དང་ཨུ་རི་ཆི་ པེ་གེལ།(Ulrich Pagel) ཇེཧྥ་རི་ སེམུལ་(Geoffrey Samuels)བཅས་ཀྱིས་རྩོམ་སྒྲིག་གནང་བའི་དེབ་ “བོད་བྱང་ཤར་ཁུལ་གྱི་སྐྱ་སེར་གྱི་སྲོལ་རྒྱུན་(Monastic and Lay Traditions in North-Eastern Tibet)” ཞེས་པ་ བྷི་རིལ་དཔར་ཁང་(Brill)གིས་ ༢༠༡༣ ལོར་ ལེ་དེན་ (Leiden) དུ་པར་སྐྲུན་བྱས་པའི་ཁོངས་ནས་སླར་ཡང་རྩོམ་སྒྲིག་པར་བཀའ་འཁྲོལ་ཞུས་ཏེ་ཁ་བརྡར་ཕུལ་བ་ཡིན། རྩོམ་ཡིག་འདི་ PDF ཐོག་གཟིགས་ན། འབྲེལ་ཐག་ 7th skal ldan rgya mtsho-khabdha འདི་ན་ཡོད། )
མཁས་དབང་དགེ་འདུན་ཆོས་འཕེལ་དང་དབྱུག་པ་ཅན་གྱི་སྙན་ངག་མེ་ལོང་།
འདིར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་ཁྲོད་དུ་བཞུགས་པའི་ལེགས་སྦྱར་བང་མཛོད་ལས། སྙན་ངག་མེ་ལོང་གི་སྐོར་དང་དབྱུག་པ་ཅན་གྱི་ལོ་རྒྱུས་བཅས་ཁོལ་དུ་ཕྱུངས་ཏེ་བཀོད་ཡོད། གཤམ་གྱི་འབྲེལ་ཐག་ལ་བསྣུན་ནས་གཟིགས་རོགས། ཤོག་ངོས་གསུམ་ཡོད། dge ‘dun chos ‘phel on Dandi
ཧོ་ལིས་ཝོའུ་ཌི་གློག་བརྙན་བཟོ་ཚོང་ཁང་།
ཐེ་བོ་སངས་རྒྱས།
ཧོ་ལིས་ཝོའུ་ཌི་ Hollywood, ནི་འཛམ་གླིང་ན་སྐད་གྲགས་འབྲུག་ལྟར་ལྡིར་བའི་གློག་བརྙན་བཟོ་ཚོང་ལྟེ་གནས་དྲག་ཤོས་དེ་རེད། དེར་བརྟེན་ཧ་ལམ་གོ་མ་མྱོང་མཁན་མེད་ཚོད་ཀྱང་ད་སྔ་བོད་ཡིག་ནང་དེའི་སྐོར་བྲིས་པ་ཞིག་མེད་པ་འདྲ། དེ་ནི་ཨ་རིའི་ཁཱ་ལི་ཧྥོར་ནི་ཡའི་མངའ་སྡེའི་ལཱོ་སི་ཨན་ཇེ་སི་ Los Angeles, California.ས་གནས་སུ་ཡོད། དུས་རབས་བཅུ་དགུ་བའི་ནང་ཧོ་ལིས་ཝོའུ་ཌི་ཐོག་མར་རྨང་གཞི་འདིང་བ་བོ་སྐུ་ཞབས་ཝེ་ཐྲི་ལིས་ J.H. Whitley,ཡིན་ཞིང་།
དབྱུག་པ་ཅན། (Dandin) དུས་རབས་བདུན་པ།
སྙན་ངག་པ་དང་བཅོས་སྒྲུང་རྩོམ་པ་པོ།
དགེ་འདུན་རབ་གསལ་གྱིས་བསྒྱུར།
(རྩོམ་ཡིག་འདིར་ཨིན་ཡིག་གི་མིང་ཚིག་མང་པོ་ངོས་འཛིན་ཐུབ་ཆེད་དུ་བཞག་ཡོད་སྟབས་བོད་ཡིག་གི་ཁ་འཐོར་བཅུག་པ་ལྟ་བུའི་ཚོར་བ་ཞིག་བྱུང་། ད་དུང་གཤམ་མཆན་རྣམས་ཀྱང་རྩོམ་གྱི་མཇུག་ཏུ་ཤོར་ཏེ་གཟིགས་བདེ་མེད་པ་ལྟ་བུ་ཞིག་བྱུང་འདུག དེར་བརྟེན་བོད་ཡིག་ཐོག་ནས་ PDF ལ་བསྒྱུར་ཏེ་འདིར་བཀོད་ཡོད། ཟུར་གྱི་འབྲེལ་ཐག་ལ་བསྣུན་ནས་གཟིགས་རོགས། dandin final )
དབྱུག་པ་ཅན་ནི་མཚན་སྙན་ཅན་གྱི་སྙན་ངག་པ་དང་རྩོམ་རིག་ལྟ་གྲུབ་སྨྲ་བ་ཞིག་ཡིན་པ་ཙམ་དུ་མ་ཟད་ཚད་མཐོ་བའི་ཚིག་ལྷུག་རྩོམ་པ་པོ་ཞིག་ཀྱང་རེད།
ཉེ་རབས་བོད་ཀྱི་རྒྱལ་རབས་སྐོར་གསུང་བཤད།
ངའི་གྲོགས་པོ་དམ་པ་བཛྲ་ཚུལ་ཁྲིམས།
ཧོར་གཙང་འཇིགས་མེད།
ང་སྐུ་ཞབས་བཛྲ་ཚུལ་ཁྲིམས་དང་ཐོག་མར་ཐུག་དུས་ནི། ང་རང་བླ་བྲང་དགོན་པར་ཆོས་ཞུགས་བྱས་ནས་ཅང་མ་འགོར་བའི་སྐབས་ཏེ་སྤྱི་ལོ་༡༩༨༠ ལོའི་ལོ་མཇུག་རེད། ངས་ཁོང་མཐོང་མ་མྱོང་བའི་ཡར་སྔོན་ནས་ཨ་ཁུ་བཟང་བོ་བརྒྱུད་དེ་ཁོང་གི་སྐོར་ཤེས་རྟོགས་གང་འཚམ་ཡོད། ཨ་ཁུ་བཟང་བོ་ནི་ཕ་ཡུལ་མཛོད་དགེ་ནས་ཡིན་ལ། ཨ་ཁུ་བཛྲ་ཚང་དང་། ཚུལ་ཁྲིམས་བཅས་ཁོང་རྣམ་པ་གསུམ་ལྷན་ཅིག་ཏུ་བཞུགས་ཀྱིན་ཡོད་ཅིང་། སྐབས་དེར་ད་དུང་ཆོས་སྒོ་ཕྱེ་མེད་སྟབས་ཁོང་རྣམས་བཞུགས་ས་བླ་བྲང་ས་དཀར་སྡེ་བ་ཡིན་ཚོད་ཀྱང་ཞིབ་ཆ་མ་ཤེས།
ཨི་ནི་ཨེ་ཁི་གློག་ཀླད།
ཐེ་བོ་སངས་རྒྱས།
ལོ་བཅོ་ལྔ་ཙམ་གྱི་ཡར་སྔོན་ང་འདྲའི་ཅང་མེད་ཅིག་ལ་མཚོན་ན། ལག་ཁྱེར་གློག་ཀླད་ཉོ་རྒྱུ་ནི་ཉིན་མོའི་རྨི་ལམ་གྱི་དཔེ་རང་ཡིན་ཡང་མ་བསམ་ས་ནས་རྨི་ལམ་དེ་མངོན་དུ་གྱུར། འདི་ང་ཕྱུག་པོར་ཆགས་པའི་སྐད་ཆ་མིན་པར་དུས་རབས་ཀྱི་འགྱུར་འགྲོས་ཁྲོད་འཕྲུལ་ཆས་རིགས་ཇེ་འབེལ་དང་གོང་ཇེ་བདེར་སོང་འདུག་ཟེར་བ་ཡིན། རེད་དེ་གློག་ཀླད་ཐོག་མར་སུ་དང་སུས་ཇི་ལྟར་གསར་གཏོད་བྱས་པའི་སྐོར་ད་སྔ་བོད་ཡིག་ཏུ་བྲིས་པ་ཞིག་མ་མཐོང་བས་ཁོ་བོས་དེའི་སྟོང་ཆ་ཟུར་ཙམ་སྐོང་ཨེ་ཐུབ་བལྟ།
མི་རིགས་དབྱེ་འབྱེད་ལས་རྣམ་པར་རྒྱལ་བའི་ལྷོ་ཨཧྥེརིཀ
བཞག་ལྡོམ་དར་རྒྱས།༼སྔོན་མའི་འཕྲོས།༽
གསུམ་པ།
སྤྱི་ལོ་༡༩༡༠ ཡི་ནང་ལྷོ་ཨཧྥེརིཀའི་མངའ་སྡེ་བཞི་བོ་རྒྱལ་ཁབ་གཅིག་གི་རྩ་ཁྲིམས་འོག་ཏུ་བསྒྲིལ་ཡང་མི་རིགས་ནག་པོ་ཚོར་ད་དུང་འོ་འཕེན་པའི་ཐོབ་ཐང་མ་སྤྲད་པ་མ་ཟད། གཞུང་གི་རྩ་ཁྲིམས་ཀྱི་ནང་དུ་མི་རིགས་དཀར་པོར་ལས་གླ་ཆེ་བ་དང་མི་རིགས་ནག་པོ་ཚོར་ལས་གླ་ཆུང་བ་སྤྲོད་པའི་ལུགས་སྲོལ་ཞིག་ཡོད་པ་སོགས་ཀྱིས་རྐྱེན་བྱས་ནས། མི་རིགས་ནག་པོ་ཚོས་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་རྩོད་ཆེད་ཆབ་སྲིད་ཀྱི་ཚོགས་པ་ཞིག་གསར་དུ་བཙུགས་ཤིང་། ཆབ་སྲིད་ཀྱི་ཚིགས་པ་དེ་རིམ་པའི་ལྷོ་ཨཧྥེརིཀའི་རྒྱལ་ཡོངས་འཐུས་ཚོགས་ཀྱི་(African National Congress)ངོ་བོར་གྱུར།
དེ་ལས་མང་བ་། “མི་རིགས་དབྱེ་འབྱེད་ལས་རྣམ་པར་རྒྱལ་བའི་ལྷོ་ཨཧྥེརིཀ” »
མི་རིགས་དབྱེ་འབྱེད་ལས་རྣམ་པར་རྒྱལ་བའི་ལྷོ་ཨཧྥེརིཀ
བཞག་ལྡོམ་དར་རྒྱས།
ལོ་ངོ་དྲུག་བརྒྱ་ཙམ་ཀྱི་རིང་ལ་ཨ་ཧྥེརིཀའི་གདོད་མའི་མི་རིགས་ནག་པོ་དང་ཡུརོབ་པའི་མི་རྒྱུད་དཀར་པོ་ཟུང་ལྷོ་ཨ་ཧྥེརིཀ་ནས་མཉམ་དུ་འཚོ་སྡོད་བྱས་བ་ཡིན་མོད་ཀྱང་། ཕྱིར་དྲན་གྱི་ལོ་ཟླ་དེ་དག་ནི་། ལྷོ་ཨཧྥེརིཀའི་མི་རིགས་ནག་པོར་མཚོན་ན་མི་རྒྱུད་དཀར་པོའི་དབང་འོག་ནས་དཀའ་ངལ་མྱོང་ཞིང་། སྡུག་བསྔལ་གྱི་མུན་ནག་ཁོ་ན་ལས་མ་ངེས་། གང་ལྟར་། ལྷོ་ཨཧྥེརིཀའི་མི་རིགས་ནག་པོ་ཚོར་རིམ་པའི་རང་གི་མི་རིགས་ཀྱི་ལྟ་ཚུལ་དང་། འཇིག་རྟེན་གྱི་ལྟ་ཚུལ་། ད་དུང་མི་ཚེའི་ལྟ་ཚུལ་བཅས་ཀྱི་རྩ་བ་བརྟན་དུ་སོང་ཞིང་རྩེ་མོ་མཁའ་རུ་འཕྱོ་བས། སྤྱི་ལོ་༡༩༩༠ ནང་མི་རིགས་ནག་པོ་ཚོའི་ཆབ་སྲིད་ཀྱི་སྟོབས་ཤུགས་རང་གི་ཕ་ཡུལ་ནས་མེ་རི་བཞིན་ཆེ་ཆེར་འབར།
དེ་ལས་མང་བ་། “མི་རིགས་དབྱེ་འབྱེད་ལས་རྣམ་པར་རྒྱལ་བའི་ལྷོ་ཨཧྥེརིཀ” »
ངག་རྒྱུན་ལོ་རྒྱུས་སྐོར་གཅིག་དྲ་ཐོག་ནས་ཉན་ཐུབ་པ་འདུག
ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ལགས་སུ་བཅར་འདྲི་ཞུས་པ། བསམ་ཕོ་བསྟན་འཛིན་གྲུབ་ལགས་སུ་བཅར་འདྲི་ཞུས་པ། ཕྲེང་རིང་འཇིགས་མེད་སུམ་རྩེན་དབང་པོ་རྣམ་རྒྱལ་ལགས་སུ་བཅར་འདྲི། ཀླུ་ཁང་ལྕམ་ཆུང་ལགས་སུ་བཅར་འདྲི། འདི་ལ་སོགས་པའི་ངག་རྒྱུན་ལོ་རྒྱུས་ཀྱི་བཅར་འདྲི་ཁག་དྲ་ཐག་འདི་ནས་གསན་ཐུབ་པ་འདུག http://tibetoralhistoryarchive.org/tohap-search.xqy?q=shakabpa
མན་དྲལ་ལ་ནི་འཚེ་མེད་ཞི་སྤྱོད་པ་ལས་ཞི་བའི་དྲག་སྤྱོད་པ་ཞིག་ཡིན།
ཨ་ནུ་ཐང་བསོད་ནམས།
ཚན་པ་དང་པོ།
ནཱར་སིན་མན་དྲལ་ལ་ནི་སྤྱི་ལོ ༡༩༡༨ ལོར་ལྷོ་ཨ་ཧྥུ་རི་ཁའི་རྒྱལ་པོའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་ཤིང་ཁྲིམས་ལུགས་སློབ་ཅིབ་ཁྲིམས་རྩོད་པའི་ཕྱག་ལས་གནང་། ཁོང་ནི་རྒྱལ་ཁབ་དེར་མི་རིགས་ནག་པོས་སྒེར་གྱི་ཁྲིམས་ལས་ཁང་བཙུགས་མཁན་ཐོག་མ་ཡིན། རིམ་བཞིན་ཆབ་སྲིད་ཀྱི་ནང་དུ་ལྷུང་ཞིང་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་འདྲ་མིན་བྱས་མཐར་ཨ་ཧྥུ་རི་ཁིའི་གཞོན་ནུ་ཚོགས་པར་འཛུལ་ཞུགས་བྱས།
དེ་ལས་མང་བ་། “མན་དྲལ་ལ་ནི་འཚེ་མེད་ཞི་སྤྱོད་པ་ལས་ཞི་བའི་དྲག་སྤྱོད་པ་ཞིག་ཡིན།” »
མཁས་དབང་མཁར་རྨེའུ་བསམ་གཏན་ཚང་གི་ལོ་རྒྱུས་ཤིག
༼ལོ་རྒྱུས་འདི་བཞིན་སྐད་འཕྲིན་དུ་བཀྲམས་འདུག་པ་ལས་འདིར་དྲངས་པ་ཡིན། ཁ་བརྡས།༽
ངའི་སྐྱེས་ཡུལ་ནི་ཨ་མདོའི་ལྷོ་ཤར་དུ་ཡོད་པའི་ཡུལ་སྐད་དུ་ཤར་ཁོག་ཟེར་བ་དང་དབུས་གཙང་དུ་ཟུང་ཆར་འབོད་པ་དེ་ཡིན། སྔོན་སྤྱི་ལོ་དུས་རབས་བདུན་པའི་མགོ་ནས་བཟུང་སྟེ་དགུ་བའི་དཀྱིལ་བར་དུ་བྱུང་བའི་བོད་བཙན་པའི་རྒྱལ་ཁབས་དུས་སུ་ཡུལ་དེ་ལ་ཟོང་ཆུ་ཞེས་གྲགས། དེར་བརྟེན་ས་ཁུལ་དེ་ནི་བོད་ཀྱི་ལྷོ་ཤར་མཐའ་མཚམས་ཀྱི་ས་ཁུལ་གནད་ཅན་ཞིག་ཡིན་པར་མ་ཟད་བཙན་པོའི་དུས་སྐབས་སུ་དེར་རྒྱུན་འཇགས་སུ་སྡོད་པའི་མཐའ་མཚམས་སྲུང་དམག་གི་ལས་ཁུངས་དང་དམག་སྒར་ཡང་ཡོད་པར་ངེས།
དེ་ལས་མང་བ་། “མཁས་དབང་མཁར་རྨེའུ་བསམ་གཏན་ཚང་གི་ལོ་རྒྱུས་ཤིག” »
དམག་ཆེན་དང་པོ་དང་མི་རིགས་རིང་ལུགས་ཀྱི་རྒྱབ་ལྗོངས།
ཨ་ནུ་ཐང་བསོད་ནམས།
གཏུམ་དྲག་ཅན་གྱི་རྒྱལ་པོ་ཚོས་རང་སྣང་གང་དྲན་གྱིས་འཇིག་རྟེན་འདིར་མངའ་དབང་སྒྱུར་ཏེ། རིམ་བཞིན་རང་རིགས་ལས་གཞན་རིགས་ལ་བཙན་འཛུལ་བྱས་ཤིང་། གཉའ་གནོན་དང་འདྲ་མཉམ་མིན་པའིི་སྲིད་ཇུས་འོག་རང་ནུས་ཅི་ལྕོགས་ཀྱིས་མི་རིགས་གཞན་དང་། ཡུལ་ལུང་གཞན་ལ་དབང་སྒྱུར་བྱས། དབང་སྒྱུར་དང་མངའ་ཐང་རྒྱ་སྐྱེད་འོག་ཨ་ཧྥུ་རི་ཁ་དང་ཨེ་ཤ་ཡ། དཀྱིལ་ཤར་དང་ཨ་རིའི་སོགས་ཀྱི་རྒྱལ་ཁབ་མང་པོ་ཡོ་རོབ་དང་སྟོབས་ཆེན་གྱི་མི་སེེར་སྤེལ་མཁན་གྱི་རྒྱལ་ཁབ་གཞན་རྣམས་ཀྱི་མངའ་ཁོངས་སུ་ཆགས་ཤིང་། དེ་ལུགས་སུ་གང་ཐུབ་ཀྱིས་བསྒྱུར།
དེ་ལས་མང་བ་། “དམག་ཆེན་དང་པོ་དང་མི་རིགས་རིང་ལུགས་ཀྱི་རྒྱབ་ལྗོངས།” »
ཧེ་ལེན་ཁེ་ལར་གྱི་མི་ཚེའི་ལོ་རྒྱུས།
ཁང་ཟླ་སྲས།
འདི་ནི་རྣ་བས་སྒྲ་མི་ཐོས་ཤིང་། མིག་གིས་གཟིགས་མི་མཐོང་བར་མ་ཟད། ད་དུང་སྐད་ཆ་ཡང་བཤད་མི་ཤེས་མཁན་གྱི་བུ་མོ་ཆུང་ཆུང་ཞིག་གི་གཅེས་པར་འོས་པའི་མི་ཚེ་མུན་ནག་གི་ཁྲོད་ནས་ཇི་ལྟར་འོད་སྟོང་འཕྲོ་བའི་ཉིན་མོ་ཞིག་ཏུ་ཇི་ལྟར་མདུན་སྐྱོད་བྱས་པའི་དོན་དངོས་ཀྱི་ལོ་རྒྱུས་ཤིག་རེད། ཁོང་ཉིད་ལོང་པ་དང་། འོན་པ་ཞིག་ཏུ་མ་གྱུར་པའི་ཡར་སྔོན་དུ་ཁོང་གིས་སྤྱིར་བཏང་གི་སྐད་ཆ་བཤད་རྒྱུ་འགའ་ཞིག་སློབ་སྦྱོང་བྱས་མྱོང་ཡོད།
ཐྲི་ཐྲའ་ནིག་གྲུ་གཟིངས།
ཐེ་བོ་སངས་རྒྱས།
འཛམ་གླིང་ལོ་རྒྱུས་ནང་གོ་གནས་ངེས་ཅན་ཟིན་པའི་དབྱིན་ཇིའི་འགྲུལ་སྐྱེལ་གྲུ་གཟིངས་ཐྲི་ཐྲའ་ནིག་ RMS.Titanic. སྐོར་ཁོ་བོས་ཤེས་རྟོགས་རགས་ཙམ་བྱུང་བ་བཤད་ན། མཚོ་གྲུ་དེ་ཧར་ལཱན་ཌུ་ཨནཌ་ཝོལ་ཧྥུ་ Harland and Wolff, ཞེས་པའི་བཟོ་གྲྭའི་གྲུ་རྫིངས་འཆར་འགོད་པ་སྐུ་ཞབས་ཐོ་མེ་སི་ཨན་ཌེར་ཝུ་སིས་ Thomas Andrews, བྱང་ཨེར་ལཱན་ཌུའི་གྲོང་ཁྱེར་བྷེལ་ཧྥ་སི་ཐྲི་ Belfast, ནས་དུས་རབས་ཉི་ཤུ་བའི་མགོ་སྟོད་དུ་གསར་བཟོ་བྱས་པ་ཞིག་རེད།
རང་དབང་བཞི།
ཐེ་བོ་སངས་རྒྱས།
རང་དབང་བཞི་(Four Freedoms.འགྲོ་བ་མིའི་གཞི་རྩའི་རང་བཞི་ཡང་ཟེར།)ཞེས་པའི་སྣུམ་ཚོན་རི་མོ་གྲགས་ཅན་ཧ་ཅང་གསོན་ཉམས་དོད་ཅིང་མཚོན་དོན་ལ་གཞོལ་ཚབས་ཆེ་བ་འདི་ནི། 1943 ལོར་ཨ་རི་བ་སྐུ་ཞབས་ནོར་མཱན་རོག་ཁི་ཝེལ་Norman Rockwell,གྱིས་བྲིས་པ་ཞིག་ཡིན་ལ། དེ་ཆ་ཚང་དེང་སང་ཨ་རིའི་སི་ཋོག་བྷིར་ཌུ་རྗི་ Stockbridge,ས་གནས་ཀྱི་ནོར་མཱན་རོག་ཁི་ཝེལ་གྱི་འགྲེམ་སྟོན་ཁང་དུ་ཉར་ཚགས་བྱས་ཡོད།
རྨ་བྱའི་གསེར་ཁྲི།
ཐེ་བོ་སངས་རྒྱས།
ཡོངས་གྲགས་ལ་རྒྱལ་པོ་ཤཱ་ཛྷང་སྐབས་ཀྱི་མུ་གྷལ་བའི་སྟོབས་འབྱོར་དང་བཟོ་རིག་ལག་རྩལ་ནི་འཇིག་རྟེན་ན་འགྲན་ཟླ་མེད་པའི་སོན་ཅིང་། དེའི་ཚབ་མཚོན་དུ་ཏཱ་ཇི་མཱལ་བང་སོ་དང་། མུ་ཏིག་ཆོས་ཁང་། རྨ་བྱའི་གསེར་ཁྲི་རྣམས་འཇོག་པ་ལས་ངས་འདིར་ཁྲི་དེའི་སྐོར་ཝེ་ཁི་ཕེ་ཌི་ཡ་རིག་མཛོད་ཆེན་ཆེན་མོར་ Wikipedia, གཞི་བཅོལ་ཏེ་ངོ་སྤྲོད་མདོ་ཙམ་བྱ་བར་འདོད།
<<མདོ་སྨད་ལོ་རྒྱུས་ཆེན་མོ་>>བཀླགས་བྱང་།
སྙན་བཟང་གཡུང་དྲུང་ཚེ་རིང་།
ཕྱག་ན་པད་མོའི་ཞལ་གསུང་རྡོ་རྗེའི་ཚིག །དད་གདུང་སྙིང་ལ་སྲོག་གི་སྟོབས་བསྐྱེད་ནས། །དཀའ་བའི་ཚེགས་ཀྱིས་བྲིས་པའི་གླེགས་བམ་ཆེ། །བགོ་བའི་སྐལ་བར་ཐོབ་པ་བསྔགས་པའི་ཡུལ། །གནའ་ནས་གྲགས་པ་མ་རྙིང་གདོང་དམར་གྱི། །ཡུལ་ཁམས་ཇི་ལྟར་ཆགས་པའི་བཤད་སྒྲོས་ལ། །དེང་རབས་རིག་པའི་འགྲོས་ཀྱིས་གཞལ་སྟངས་དེར། ། མཚོ་ཆེན་བྲི་བའི་ལྟད་མོ་ངང་གིས་འཁྱིལ། །