ཆང་སྐྱེས།
ཁ་བ་ཤུགས་ཀྱིས་འབབ་པའི་དགུན་ཁ་ཞིག་སྟེ།།
ཅེ་སྤྱང་འདུར་རྒྱུགས་རྒོད་པའི་སྨག་རུམ་ཀློང་ནས།།
གངས་རི་རྩེ་ན་འཛུམ་པའི་ཟླ་བ་དཀར་པོ།།
གློ་རྡེག་དགྲ་གཅན་ནག་པོས་ཁྱུར་མིད་བཏང་སོང་།།
གནམ་འདེགས་ཀ་བ་བརྡིབས་པའི་མཚན་མོ་དེ་ལ།།
མཆོག་སྤྲུལ་ཟླ་བ་གཞོན་ནུ་རེ་ཞིག་ནུབ་པས།།