ཐེ་འོད་ཟེར།
མདོ་ཁམས་རྟ་ཡི་ཆོལ་ཁ་ཡངས་པོར་སྐུ་ཡི་བཀོད་པའི་མེ་ཏོག་བཞད།།
ལྷ་ལྡན་ཕོ་བྲང་པོ་ཏ་ལ་རུ་ལུཊ་གཉིས་ཁྲི་འཕང་བརྗིད་ཀྱིས་མནན།།
སྲིད་ཀྱི་ན་བུན་ལང་ལོང་འཁྲིགས་པའི་མུན་ནག་མཚན་མོའི་སྐར་འོད་འོག།
སྐྱོ་གདུང་སྤྱན་ཆབ་བཙན་གྱིས་མིད་བཞིན་ཞབས་སོར་འཕགས་ཡུལ་ཕྱོགས་སུ་བསྒྱུར།།
ཟབ་གསང་ཐུགས་ཀྱི་ལྷ་ལམ་ཡངས་པོར་ཐབས་ཤེས་ཉི་ཟླའི་རྣ་ཆ་འཛིན།།
འཕགས་ཡུལ་ས་ཡི་ཐིག་ལེ་ཡངས་པོར་དེང་རབས་ཤེས་བྱའི་རྨང་གཞི་བཏིངས།།
སྲིད་ལུགས་ཀུན་གྱི་དྭངས་མར་གྱུར་པའི་མང་གཙོའི་གསོལ་རས་འབངས་ལ་གནང་།།
མཁའ་ལྟར་ཡངས་པའི་མཁྱེན་རྒྱ་ཟབ་མོས་གཉིས་སྨན་དབུ་མའི་