ཆང་སྐྱེས།
སྨུག་ནག་མུན་པ་ས་ལ་ལྷུང་སྟེ་ཁོར་ཡུག་རི་བོའི་མཛེས་སྡུག་རྒུད།།
འདབ་ཆགས་མ་བུའི་གཤོག་འགྱུར་མྱུར་མོ་བདེ་མོ་ཐང་ནས་རྒྱང་དུ་ཡལ།།
སུན་སྣང་སྟུག་པའི་ཚོར་བ་ནག་པོ་ཡིད་སེམས་སྡུག་པའི་རྒྱུ་རུ་སྨིན།།
ཐ་མག་རྐང་གཅིག་རྔུབ་བཞིན་རྔུབ་བཞིན་སྐྱོ་གདུང་སེམས་པ་ལག་པས་སྐྱོར།།
སྒེའུ་ཁུང་ངོགས་ཀྱི་ཟླ་བ་ཁེར་འགྲོ་མཚན་མོའི་མཁའ་ན་དལ་གྱིས་འདུར།།
ཁྱི་ཚོགས་ཟུག་སྐད་ཕྱི་རོལ་ཁྲོམ་ན་སྐྱི་སེར་རླུང་གིས་རྒྱང་ལ་འཁུར།།