ཐུབ་བསྟན་ཤེས་རབ་རྒྱ་མཚོ།
ལུས་རྫོགས་རྒྱན་མཛེས་དོན་གྱི་སྙིང་བཅུད་ཅན།།
གཅེས་པའི་སྙིང་ནོར་སྙན་ངག་བུ་མོ་ཁྱོད།།
མ་སྡོད་འཛམ་གླིང་ཐ་གྲུ་ཀུན་ཏུ་སོང༌།།
བགོས་པའི་བྱ་བ་གྱིས་ཤིག་བཞིན་བཟང་མ།།
འཕགས་པའི་ཡུལ་འདི་ཁྱོད་ཀྱི་ཕ་ཡུལ་ཏེ།།
ཕ་མའི་སྒོར་སོང་ལུས་དང་རྒྱན་རྣམས་སྟོན།།
མི་ཡུལ་ཡུན་རིང་འཁྱར་བའི་སྡུག་ཡུས་ཤོད།།
དེ་ལས་མང་བ་། “སྙན་ངག་གི་བུ་མོ་བག་མར་བྱིན་པའི་སྐབས་གོ་བར་བྱ་བའི་གཏམ།” »