ཨཱཙཱརྱ་ཨག་ལོ་ཡིས།
༄། །མཁས་མང་འགྲན་ཟླ་བྲལ་བའི་རྣམ་དཔྱོད་ལྟར། །
འཇམ་དབྱངས་ཕྱག་གི་རལ་གྲི་རྣོ་ངར་ལྡན། །
ཆོས་ཀུན་མ་ལུས་ཆུབ་པའི་མཁྱེན་པ་བཞིན། །
ཞི་བདེ་རྒྱ་མཚོའི་མུ་མཐའ་དཔོག་པ་རྫུན། །
སྨྲ་བའི་དབང་པོ་ཟམ་གདོང་རིན་པོ་ཆེ། །
བྲམ་ཟེའི་རིགས་སུ་ལྟེ་ཁྲག་འཕོས་གྱུར་ཚེ། །
རིག་པའི་ཁྱུ་མཆོག་ཕྱོགས་གླང་ཡབ་སྲས་དང་། །
འབྱེད་ཆོས་གཞན་ནི་ཉིན་གྱི་སྐར་མའི་མདངས། །
དེ་ལས་མང་བ་། “༼མ་ཧཱ་པཎྜིཏའི་རྟོགས་བརྗོད་ཀེ་ཏ་ཀ་བཞུགས་སོ། །༽” »