འགྱུར་མེད་ཚེ་རིང་།
རབ་འབར་བྱིན་རླབས་ཀྱི་ཚན་ཁ་རྒོད་པའི་གནས་མཆོག་ཏུ།།
རབ་མང་མི་ཚོགས་ཀྱི་འཚང་ཁའི་རྦ་རླབས་ཆེ་ཆེ་འདྲ།།
རབ་ཞི་དམ་ཆོས་ཀྱི་ཉིང་ཁུ་རླབས་པོ་ཆེ་ཆེ་དེ།།
རབ་མྱུར་འགྲོ་ཚོགས་ཀྱི་སྙིང་ཁར་གྲང་ཆར་སིམ་སིམ་བཞིན།།
གཟུང་བ་གཞི་ཡུལ་ལ་འགྱུར་ལྡོག་རྣམ་འགྱུར་མོད།།
འཛིན་པ་ཡུལ་ཅན་གྱི་རྣམ་རྟོག་ཆུ་གཉེར་འདྲ།།
རྣམ་རྟོག་ཆུ་གཉེར་གྱི་རང་གཟུགས་རེ་རེ་དེ།།
སོ་བཞི་དབྱངས་གསལ་གྱི་སྲད་བུར་སྤེལ་བར་བྱ།།