ཁྲོ་གཏུམ།
དུས་དེ་ནས་བཟུང
གྲོང་ཁྱེར་ལ་ལྷུང་སོང་བས
མགོ་ཐོག་ཏུ་འཕུར་བ་དག་ལྕགས་བྱ་དང་དེའི་འཛེར་སྐད
རྐང་འོག་ཏུ་འགྲོ་བ་དག་རླངས་འཁོར་རིགས་ཀྱི་ཚོགས་དང་དེའི་ཆོམ་སྒྲ
ཁྲོ་གཏུམ།
དུས་དེ་ནས་བཟུང
གྲོང་ཁྱེར་ལ་ལྷུང་སོང་བས
མགོ་ཐོག་ཏུ་འཕུར་བ་དག་ལྕགས་བྱ་དང་དེའི་འཛེར་སྐད
རྐང་འོག་ཏུ་འགྲོ་བ་དག་རླངས་འཁོར་རིགས་ཀྱི་ཚོགས་དང་དེའི་ཆོམ་སྒྲ
བློ་བཟང་རིན་ཆེན།
གནམ་ལ་ཉི་ཟླ་སྐར་གསུམ་མངོན་པར་བཀྲ །
ས་ལ་སེ་འབྲས་དགའ་གསུམ་མངོན་པར་འཕགས།།
མཁས་དབང་སྐར་ཚོགས་ཁྲོད་ཀྱི་ཟླ་བ་ནི།།
ང་ཡི་བཤེས་གཉེན་ཟླ་བ་ཚེ་རིང་ཉིད།།
དཀར་དམར་ཚོན་གྱིས་ཞལ་མདངས་མ་ཕབ་ལ།།
བཅོས་མའི་ཉམས་ཀྱིས་གཞན་སེམས་མི་སླུ་ཞིང་།།
ཞི་དུལ་བག་ཕེབས་སྤྱོད་ལམ་བཟང་པོ་ཡིས།།
སློབ་བུ་སྟོང་ཕྲག་མང་པོའི་ཡིད་དབང་བཀུག །
གཡོ་དང་རྫུན་གྱི་ལྷད་པ་མ་འདྲེས་ཤིང་།།
གཏམ་དང་སྙན་གྲགས་ཆེད་དུ་མི་དམིགས་པར།།
གཞུང་ལུགས་རྣལ་མ་བཤད་ལ་མཁས་པའི་མཆོག །
མཁས་བརྒྱའི་ཁྲོད་ཀྱི་མཁས་པའི་དབང་པོ་ཉིད།།
གསལ་ལེ་རྒྱལ།
༼ ལྷ་མོ་དབྱངས་ཅན་མར་བྲིས་པའི་བརྩེ་འཕྲིན་རྡོ་རྗེ་མདུད་པ༽
ཀ་ཡེ་རིང་ནས་འདྲིས་པ་ཡི།།
ཁ་སེམས་གཉིས་མེད་གཅིག་གནས་མ།།
ག་དུས་བོས་ན་ཕེབས་པ་ཡི།།
ང་ཡི་ལྷ་མོ་བདེ་ལགས་སམ།།
ལོ་དང་ནམ་ཚས་དེད་པ་འམ།།
གསར་བུའི་སྣང་བ་ཉམས་པ་ཡིས།།
ལོ་ཟླས་ཟོས་པའི་སྐྲ་ལོ་བཞིན།།
རིག་པ་རིག་བྱེད་ཚིག་གིས་སྟོང་།།
ཁྲོ་གཏུམ།
ཤིང་ལོ་མའི་ལྗང་ལོ་ཉི་མར་ལྡེ་དུས
བྱ་བྱེའུའི་མགྲིན་གླུས་གཉིད་ལ་ཡུར་བའི་ཁོར་ཡུག་གི་ལྷིང་འཇགས་དཀྲོགས
ང་རང་གཉིད་ལས་སད་དོན
མིག་འབྲས་མུ་ཏིག་ཡིན་པས་ཕྱོགས་བཞིར་བལྟས་ཏེ
བསམ་བློའི་གཤོག་པས་ནམ་འཕང་གཅོད་ཚུལ་མཐོང་འདོད
གཉིད་སད་འདོད་པའི་རང་ཉིད་ནི
ཉེ་འཁོར་གྱི་འཕྲུལ་ཆས་སྣ་ཚོགས་ཀྱི་ཆོམ་སྒྲའི་ཁྲོད
གནས་གང་ཞིག་ལ་འགྲོ་བའམ
ཡང་ན གནས་གང་ཞིག་ཏུ་ངལ་གསོ་དགོས་པའི་འདུན་པ་དག་འཐུ་ཞོར
ལམ་ལ་ཆས་པའི་རྐང་རྗེས་མདུན་ནས་མདུན་དུ་དཔར
ཐེ་བོ་སངས་རྒྱས།
༡ འཛམ་གླིང་ཞི་བདེའི་དེད་དཔོན་གཟིམ་ཆུང་ཡོད།།
མིག་ནས་མཆི་མ་མི་འཁྲིགས་མཇལ་བ་མེད།།
ཆོས་ཀྱི་སྒྲ་དབྱངས་རྟག་པར་ཐོས་རྒྱུ་ཡོད།།
གྲུ་འཛིན་གཉིས་པ་མ་རེད་ཟེར་མཁན་མེད།།
༢ ལེགས་པའི་ཕྱོགས་རྣམས་མི་གླེང་བཞག་འདོད་ཡོད།།
ཆེད་དུ་སུ་ལ་དམིགས་ནས་འབྲི་འདོད་མེད།།
དེ་ཕྱིར་སུ་ལའང་མི་ཕོག་རེ་བ་ཡོད།།
རྟོག་བཏགས་ཁོ་ན་ཡིན་པའི་ངེས་པ་མེད།།
གདོང་མཁན་པས།
ཁྱེད་གསོན་པའི་སྐབས་ལ་དགག་སྒྲུབ་བྱེད་མ་མྱོང་ལ་་་་་
འུར་འགྲོས་ཀྱིས་བསྟོད་ཚིག་ཆེད་གཏད་དེ་ལས་བྱེད་མ་མྱོང་་་་
ངས་་་་་ཁྱེད་ངོ་ཤེས་པ་ནི་་་་་་་
མི་རིགས་དང་རིག་གཞུང་ལ་ཕུགས་མདུན་ཆེད་་་
ཀ་ཁའི་དབྱངས་རྟ་ལ་ཞེན་ཆགས་ཟབ་མོ་དང་་་་་་་་
གསོ་རིག་གི་སྨན་ཁུག་ནས་དྲི་བསུང་འཐུལ་བ་དེ་རེད་་་་་
དེ་རིང་ཁྱེད་ང་ཚོ་དང་རྒྱང་རིང་དུ་གྱེས་སོང་བ་ཐོས་འཕྲལ་་་་་
མྱ་ངན་དང་འཁྲེན་སེམས་འཐུམས་པས་ན་ཟུག་དང་་་་་་་
གདུང་བས་མནར་བའི་མིག་ཆུས་བརླན་ཞིང་་་་་
ཁྲོ་གཏུམ།
——-གྲོགས་རས་པ་དྲན་སྟངས་ཤིག
ཁྱོད་རྒྱལ་ཁབ་དེ་ན་ཡོད
ང་རྒྱལ་ཁབ་འདི་ན་ཡོད
སེམས་བསམ་པའི་གནས་མཆོག་ཅིག་གང་ན་ཡོད
ཁྱོད་ནི་ངའི་བསམ་གཞིགས་ཀྱི་སྡིང་ཆར་བཞག
དེ་ནས་བཟུང་བརྗེད་ཐུབ་མི་འདུག
ལན་རེར་ངའི་བསམ་པའི་སྡིང་ཆར་ཁྱོད་ལྷུང་ལ་བྱས
འདི་བསམ་པའི་བར་སྟོང་ལ་ཐོན་པའི་སེར་བུ་ཞིག
བོད་དགེ་པདྨ་ལྷུན་གྲུབ།
བོད་ཅེས་མཐོ་སྒང་རྒྱལ་ཁབ་ས་ཁྱོན་གྱི་ཡངས་པ།།
ཕྱི་ལོ་དུས་རབས་སྔོན་གྱི་སྲིད་པ་རུ་ཆགས་ཞིང།།
གངས་རི་ལྗིད་ཆགས་བསྐོར་པའི་ཕ་ཡུལ་གྱི་ཞིང་ས།།
བོད་ལྗོངས་ལྷ་མི་ཡོངས་ཀྱི་ཞིང་ཁམས་དེ་ལོས་ཡིན།།
སྤྲེལ་རྒན་བྱང་སེམས་ཕ་ཡི་རིགས་བརྒྱུད་དེ་ཁོང་ནི།།
འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་བྱོན་ཞིང།།
བྲག་སྲིན་མ་ཡི་བརྒྱུད་པའི་བོད་རིགས་ཀྱི་འབྱུང་ཁུངས།།
མི་བརྒྱུད་སྡོང་པོར་མཆེད་པའི་བོད་རིགས་ཀྱི་སྤུན་ཟླ།།
ཆབ་མདོ་ངག་ཕུན།
བོད་ཁ་བ་ཅན་གྱི་མགོན་སྐྱབས། །སྐྱབས་རྒྱལ་དབང་བསྟན་འཛིན་རྒྱ་མཚོ།།
སྐུ་མཛད་འཕྲིན་དབྱར་མཚོ་ནང་བཞིན། །དུས་རྟག་ཏུ་རྒྱས་པའི་སྨོན་འདེབས།།
གནས་ཐེག་ཆེན་གཙུག་ལག་ཁང་གི་ནང་། །གནས་འཕགས་ཡུལ་གྷན་དྷིའི་ཚོགས་པ་ཡིས།།
ཆེས་རྩ་ཆེན་གཟེངས་རྟགས་འབུལ་བཞེས་མཛད། །བདག་དགའ་བ་ཚད་མེད་སྐྱེས་ནས་བྱུང་།།
སྐུ་ལང་མཚོ་གངས་རི་ལྗོངས་ནས་རྒྱས། །གསུང་དྲི་མེད་འཛམ་གླིང་ཡོངས་སུ་ཁྱབ།།
ཐུགས་ཞུམ་མེད་གཞན་དོན་མཛད་པར་སྐྱོང་། །སྐྱབས་བླ་མ་སྐུ་ཚེ་རིང་བརྟན་ཤོག།
ས་རྒྱུས་མེད་མི་ཡུལ་ཕེབས་ན་ཡང་། །བོད་གངས་ཅན་ལྗོངས་ཀྱི་ཆོས་རིག་རྣམས།།
གནས་ཉམས་པ་མེད་པའི་སླར་གསོ་མཛད། །སྐྱབས་བླ་མར་བཀའ་དྲིན་སྙིང་ནས་ཞུ།།
གཞུང་པ་ཚེ་དབང་བསོད་ནམས།
ཀ་ཁའི་འོག་ཏུ་གསོ་སྐྱོང་བྱས་པའི་བོད་ཕྲུག་ཚོ།
ཁ་བ་གངས་ཅན་ཆོས་སྲིད་གཉིས་ལྡན་བོད་ཡུལ་དེ།
ག་འདྲ་བྱས་ནས་རྒྱ་མིའི་ལག་ཏུ་ཤོར་བ་རེད།
ང་ཚོར་སློབ་སྦྱོངས་མེད་ནས་རྗེས་ལུས་ཤོར་བ་རེད།
ཅ་ཅོ་མ་མང་བདེན་མཐའ་གསལ་ལ་སློབ་སྦྱོངས་དགོས།
ཆ་རྐྱེན་འཛོམས་པའི་དུས་སྐབས་འདི་ལ་རིག་པ་སྒྲིམ།
ཇ་ཆང་རྗེས་ལ་མགོ་བོ་འཁོར་ནས་མ་བསྡད་པར།
ཉིན་རེ་བཞིན་དུ་རང་གི་ལས་འགན་ཚུལ་བཞིན་སྒྲུབ།
དེ་ལས་མང་བ་། “བོད་དོན་བདེན་མཐའ་གསལ་བ་ལ་བོད་ཕྲུག་ཚོར་ཤེས་ཡོན་གལ་ཆེ་བའི་ཀ་བཤད།” »
རེབ་ཐོག་མདའ།
འདི་ཕྱིའི་ཚེ་ཡི་འཁུར་བོ་རྫོགས་མེད་ཀྱི་འཚོ་བ། །
སྣང་བ་འཇའ་ཚོན་རི་མོ་ལས་ཉོན་གྱིས་བསྐུལ་ན། །
ཉི་ཟླའི་འཆར་ནུབ་མི་འཇིག་རྟག་བརྟན་དུ་གནས་ཀྱང་། །
སྒྱུ་མའི་འཇིག་རྟེན་འདི་ལ་ཡིད་རྟོན་རེ་མ་རྙེད། །
རྒས་གཉེར་སྟུག་པོ་སྐྱ་བོའི་ངོ་གདོང་ནས་མངོན་ཀྱང་། །
རང་རྒྱུད་དགེ་བར་འཇུག་པའི་ལམ་ཁ་ཞིག་མ་རྙེད། །
ན་རྒའི་སྡུག་བསྔལ་དབང་མེད་ལུས་སེམས་ནས་འགུལ་ཀྱང་། །
སྲིད་པའི་འཁོར་བ་ཞེན་པའི་ལན་ཆགས་ཞིག་འཁོར་སོང་། །
རས་པ།
འདི་ནས་ཡར་ལ་བལྟས་པའི་རི་བོ་དེས།
ག་ལེར་སྐྱ་ཡུག་ཡུག་གི་ལྭ་བ་མནབས་ཏེ།
སྐྱོ་གདུང་གི་རྡུལ་འཚུབ་གཏོར།
མཛེས་སྡུག་གི་རི་ལུང་བདེ་བར་བཞུད་ཅིག
སྐྱིད་སྡུག་ནི་སྔ་ཕྱི་ཙམ་ཡིན་པས་སང་ལོ་མཇལ་ཆོག
རི་ཞིག་ལ་འདང་རྒྱབ་ན།
ཁྱོད་ལ་རང་གི་མཛེས་སྡུག་གི་སྔོ་ལྗང་འཕྲོག་པའི་སྡུག་བསྔལ་ཡོད་དམ།
ངས་རང་གི་སྤང་ཐང་ཡངས་པོ་དྲན་ཐེངས་རེར།
སྡུག་བསྔལ་དང་ཁོང་ཁྲོ་ཡིས་རང་ཉིད་འཇོམས་པར་བྱེད།
ཡིན་ནའང་། དགུན་འཁྱག་གི་དུས་འགྱུར་འདི་ལ།
མགོ་བོ་བསྲིངས་ནས་རང་སྲོག་གཅོད་མི་སྲིད།
ཆབ་མདོ་ངག་ཕུན།
ངུར་སྨིག་གར་གྱི་འཛིན་པ། །ཆོས་སྲིད་གཉིས་ཀྱི་ཐོག་ལ།།
མཁྱེན་རྒྱ་ཤིན་ཏུ་ཆེ་བའི། །སྐྱབས་རྗེ་ཟམ་གདོང་བླ་མ།།
བོད་དོན་གཉན་འཕྲང་སྐབས་སུ། །ཡོད་ཚད་བློས་བཏང་མཛད་ནས།།
ལྷག་བསམ་ཞུམ་པ་མེད་པའི། །བོད་དོན་ཕྱག་ལས་མཛད་ཡོད།།
ཝ་ན་གཙུག་ལག་སློབ་གྲྭ། །གསར་དུ་བསྐྲུན་པར་མཛད་ནས།།
ཆོས་དང་རིག་གཞུང་མི་ཉམས། །གོང་འཕེལ་རླབས་ཆེན་མཛད་ཡོད།།
སྤྱི་འཐུས་གཙོ་ཚོགས་མཛད་ནས། །བཙན་བྱོལ་བོད་མིའི་སྒྲིག་འཛུགས།
དེང་རབས་མཐུན་པའི་མང་གཙོ། །རྨང་གཞི་སྲ་བརྟན་མཛད་ཡོད།།
ཁྲོ་གཏུམ།
མེ་ཏོག་སྣ་བརྒྱའི་དྲི་ངད་ཀྱིས་ཁེངས་པའི་རྩྭ་ཐང་ནས་གཉིད་ལ་ཤོར
གཉིད་ཧ་ཅང་མཐུག་པོའི་ཁོང་གསེང་ལས་རྨི་ལམ་བཏང
ལྗང་མདོག་གི་ནེམ་ལོས་འཁྱུད་ཅིང
ཉི་འོད་ཀྱི་ཟེར་མས་བཀབ་དུས
ང་ནི་ཆེས་གཅེས་ལངས་སུ་སོང་བའི་ཨ་མའི་བང་གི་བུ་ཁོ་དེ་མིན་ནམ
དེ་ལས་མང་བ་། “རྩྭ་ཐང་ནས་བྱེ་ཐང་ལ་ལྷུང་བའི་མཐོ་སྒང་གི་རྣམ་ཤེས་འཁྱམས་པོ་ཞིག” »
ཁྲོ་གཏུམ།
མཁའ་དབྱིངས་སུ་ཅེར་བ་དག
གནས་མལ་དུ་བཏང་སྟེ
ཤོག་ཐོག་ཏུ་ཡོད་པ་དག་གད་སྙིགས་སུ་ལྡུགས་ཞོར
ཤེས་ཡོན་པའི་ཀླད་པ་རྐང་རྩེད་སྤོ་ལོ་བྱེད
མཐའ་མཇུག་གི་མཚེར་ས་ནི
གྲུ་སྒོ་འགོག་མཁན་གྱི་ལག་ཏུ་མ་ཤོར་བའི་ཕར་ཕྱོགས་ཀྱི་དྲ་ཐག་ལ་བརྡབ་པ་དེའོ
བསྟན་པའི་དངོས་གྲུབ།
སྤྱི་འཐུས་ཡིན་ཁུལ་བསམ་མེད་རེ་ཟུང་གིས།།
ཆོལ་ཞེན་སྒེར་ནད་སྤྱི་ལ་འཁྱེར་ཡོང་ནས།།
ཨ་མ་ལྟ་བུའི་བོད་མིའི་སྒྲིག་འཛུགས་འདི།།
ཧམ་པ་ཆེན་པོས་གཏོར་འདོད་འདི་ཡ་མཚན།།
ས་ཆ་སྦར་གང་བདག་དབང་མེད་བཞིན་དུ།།
ཤ་ཚ་ཡོད་མདོག་ཤ་འཁོན་རྩོད་པ་དང་།།
ལ་རྒྱ་ཡིན་མདོག་རྩ་དོན་ཡིན་ཟེར་མཁན།།
ར་ལུག་ལས་ཀྱང་གླེན་པའི་སྤྱི་འཐུས་འགའ།།
ཉག་རོང་དོན་གྲུབ་ནས།
རྡ་སའི་རི་ལ་ཅི་ཡོད།།
བཙན་བྱོལ་ནང་ལ་གང་ཡོད།།
དམར་དམར་གཅེས་གཅེས་ཐམས་ཅད།།
རུབ་རུབ་བྱས་ནས་ཡོད་སྐད།།
བཀའ་ཤག་ལྷན་རྒྱས་ཟེར་རུང་།།
འགོ་པ་གཅིག་གིས་བཟུང་ཡོད།།
མང་གཙོ་ཉུང་གཙོ་བྱས་ན།།
འདེམས་ཐོན་བཞི་ལྕོགས་རྒྱལ་འགྲོ །།
འཆི་མེད།
༡
ཡང་ཡང་བསྒྲུགས་ཤིང་ཡང་ཡང་གཏོར་པའི་བག་ཆགས་ཀྱི་ས་བོན།
ཅིས་ཀྱང་མིད་སྒོ་ནས་ལུས་དགོས་པའི་མཛེས་སྡུག་གི་ངག་རྒྱུན།
རྒྱང་རིང་ན་ཅི་ཡང་མེད་པའི་ངའི་རྒྱང་རིང་།
གནམ་མཐའི་ཕྱི་མིག་དེ་ང་ལ་ལྷག་སྲིད་དམ།
རྨི་ལམ་ལས་སད་རྗེས་ལམ་བུ་མི་རྙེད་པའི་སྡུག་བསྔལ།
དཔྱིད་ཀྱི་དྲན་པ་ཁོ་ནས་བསླངས།
རྒྱུས་མེད་ཡིན་ལ་རྒྱུས་ཡོད་ཡིན་པའི་དྲན་པའི་སྣེ་གཉིས།
ཇི་ལྟར་མཐུད་ཚུལ་སུས་ཀྱང་ཤོད་མ་ནུས།
དྲི་ལན་དེ་ཡང་རླུང་གིས་ཁྱེར།
ལྕགས་རི་དེ་དང་འཇིག་རྟེན་དེ།
ཕྱག་འཇུ་རེ་རེས་གྱེས་ཕྱག་འབུལ་ཐབས་མ་བྱུང་བ།
གང་དང་ཅི་ཡིས་ལན།
གནམ་ས་ཁ་འཕྲོད་དཀའ་པ།།
ཆར་བས་འབྲེལ་ལམ་འཇོག་གིས།།
སྙིང་གི་གའུར་བཅུག་པའི།།
ཆད་མདོ་མཆི་མས་བཀྲུས་སོང་།།
སོ་རུ་ཚེ་རིང་།
ནུབ་ཁའི་མཚམས་སྤྲིན་གྱི་ལོ་མ་སེར་པོ
དྭངས་གསལ་གཙང་འགྲམ་དུ་ག་ལེར་ལྷུང་དུས
སྤྲིན་པ་ལྟར་འཐིབས་པའི་སེམས་གཏིང་འདི་ནས
གློག་འགྱུ་བཞིན་མྱུར་བའི་འགུལ་སྐྱོད་ཅིག་མཆེད་ཡོང
སྤྱི་གཙུག་ན་ཤར་བའི་ཚེས་རིས་ཆུང་ཆུང་དེ
མཛའ་གཞས་ཀྱིས་བསུས་པའི་མགྲོན་པོ་ལྟར
འཛུམ་མདངས་གསོན་པོ་ཞིག་གི་མཛེས་ཉམས་བསྟན་བཞིན
ངའི་སྙིང་དཀྱིལ་དུ་ཟུག་པ་ནི
འོད་ཐིགས་ལྟ་བུའི་ཁྱེད་ཀྱི་བྱམས་བརྩེ་ཡིན
བསེ་རུ། ཨོ་གླིང་།
ཤེས་རབ་ལྷ་མོའི་བཀའ་ཆད་བདག་ལ་ཕོག།།
དབྱངས་ཅན་བྱིན་རླབས་སྐལ་བ་རིངས་ནས་དབེན།།
སོར་མོའི་འདུ་བྱེད་འདར་འདར་འཕྲུག་འཕྲུག་འདི།།
ལྷ་མོའི་ཐུགས་དགོངས་འཁྲུགས་པའི་རྒྱུ་རུ་ཟད།།
མི་གཟུགས་ཅན་ལ་གདོན་གྱི་སྲོག་ཞུགས་པའི།།
ཉིན་ཞག་ཟློས་གར་སྟངས་སྟབས་ཉམས་འགྱུར་རྣམས།།
རྣམ་རྟོག་ཡོལ་བ་ནག་པོ་མེར་བསྲེགས་ཏེ།།
གོ་ལའི་གར་སྟེགས་མཐོན་པོར་ལྷང་ངེར་བཤམས།།