རྩོམ་པ་པོ། རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས།
ཡིག་བསྒྱུར་བ། གཟི་མིག
ང་ལ་ལག་དེབ་གསུམ་ཡོད། ངའི་མཛུབ་ཐེལ་དང་ཕྱེད་པར་ཡོད་པའི་སྐྱབས་བཅོལ་ལག་དེབ་ཏུ་ང་རང་རྒྱ་གར་དུ་སྐྱེས་ཤིང་རྒྱ་གར་དུ་འཚོ་སྡོད་བྱེད་ཀྱིན་ཡོད་པ་གསལ་ཡོད། རྒྱ་གར་དབུས་གཞུང་གིས་གནང་བའི་ལག་དེབ་གཉིས་པ་དེབ་སེར་པོ་( ཕྱིར་སྐྱོད་ལག་དེབ) ནི་ང་རང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཏམ་བཤད་སྤེལ་བར་སྐྱོད་པའི་འགྲུལ་སྐྱོད་ཡིག་ཆ་ཞིག་ཡིན། ལག་དེབ་གསུམ་པ་དེ་ནི་བཙན་བྱོལ་བོད་གཞུང་གིས་གནང་ཞིང་། དེ་ནི་བོད་ཀྱི་མ་འོངས་པའི་ཕྱིར་སྐྱོད་ལག་དེབ (passport) ཡིན་ཡང་། ལག་དེབ་དེ་དག་ལས་གཅིག་གིས་ཀྱང་ང་རང་མི་སེར་ཞིག་ཡིན་པ་སྒྲུབ་ཐུབ་ཀྱི་མེད་པས་ང་ནི་རྒྱལ་ཁབ་སུ་གང་གི་མི་སེར་ཆགས་མེད། ང་ཚོས་ང་ཚོར་སྐྱབས་བཅོལ་བ་ཞེས་འབོད་ཅིང་། རྒྱ་གར་གཞུང་གིས་བོད་མི་རྣམས་ལ་རྒྱ་གར་གྱི་སྐུ་མགྲོན་དུ་འབོད་ཀྱིན་ཡོད་ལ། ༧རྒྱལ་བ་རིན་པོ་ཆེ་མཆོག་ནི་དེའི་ཁོངས་ཀྱི་སྐྱབས་བཅོལ་བ་ཞིག་རེད།
དེ་ལས་མང་བ་། “ངེས་གཏན་མེད་པའི་མི་ཚེ། སྐྱབས་བཅོལ་བོད་མིའི་གཏམ་རྒྱུད་ཅིག” »