སྤྱི་ཟླ་བཞི་བའི་ཚེས་༡༢ཉིན་ཏེ་གཟའ་ཟླ་བའི་ཉིན། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཨ་རིའི་རྒྱལ་ས་ལྦ་ཤིན་ཀྲོན་ལ་སླེབས་ཀྱི་ཡོད།
སངས་རྒྱས་བསྟན་པའི་དགྲ་བོ། བོད་མི་མང་གི་སྲོག་གཅོད་དང་ཁྲག་འཐུང་། མི་པགས་འོག་གི་སྲིན་པོ་དངོས་ཏེ། ཧོའུ་ཁྲག་འཐུང་འདིར་ཡོང་གི་ཡོད་པས། རྒྱང་རིང་ན་ཡོད་མཁན་ཚོས་ཀི་རྒྱོབས། ཐག་ཉེ་ན་ཡོད་མཁན་ཚོས་སྐད་རྒྱོབས། སྲང་ལམ་གྱི་གཡས་གཡོན་གང་ས་ནས་ངོ་རྒོལ་བྱོས། རྩིགས་ངོས་གང་སར་ཡི་གེ་སྦྱོར། སྒོང་ང་གཡུགས།
འདིར་ལྦ་ཤིན་ཀྲོན་ཏུ་ལས་འགུལ་སྤེལ་བར་ཕེབས་མཁན་ཚོར་རོགས་རམ་བྱོས། དེ་ལྟར་བྱེད་མ་ཐུབ་ཚེ་ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོ་ངོ་ཚ། ང་ཚོ་འདིར་རང་དབང་ལུང་པར་ཡོད་པའི་གོ་མ་ཆོད་པ་རེད། དུས་རྒྱུན་ཏུ་བརྙན་འཕྲིན་ལས་མཐོང་རྒྱུ་ཡོད་པ།
རི་དྭགས་སེམས་ཅན་རྩ་གཟན་གྱི་རིགས་ཡིན་ན་ཡང་། རང་གི་རིགས་གཅིག་པ་སེང་གེ་དང་སྟག་སོགས་ཀྱི་ཁ་ལ་ཚུད་དུས། ཡ་ལན་བྱེད་མ་ཐུབ་ཀྱང་། རྐང་ལག་གིས་ས་ལ་བསྡབས་ནས་ཁ་དང་སྣ་ཁུང་ནས་སྐད་བརྒྱབ་སྟེ་སྐོར་རྒྱུག་བྱེད་བཞིན་པའི་ཚུལ་ལ་ལྟོས་དང་།
དེ་ལས་མང་བ་། “བོད་མི་ཚོ་། ཧུའུ་ཁྲག་འཐུང་ལ་ངོ་རྒོལ་བྱེད་དུ་ཤོག” »