བདམས་ཐོན་སྤྱི་འཐུས་རྣམ་པས་ལས་ཁུར་དམ་བཅའ་ཕུལ་བ།
བར་བརྒལ་སྤྱི་འཐུས་ཚོགས་གཙོ་མཆོག་གི་དྲུང་ནས་བདམས་ཐོན་སྤྱི་འཐུས་རྣམ་པས་ལས་ཁུར་དམ་བཅའ་ཕུལ་བ།
༄༅། །ཕྱི་ལོ་༢༠༡༦ ཟླ་༥ ཚེས་༣༠ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་བའི་སྤྱི་འཐུས་རྣམས་ཀྱིས་བར་བརྒལ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གི་མདུན་དུ་ལས་ཁུར་དམ་བཅའ་ཕུལ་ཡོད།
དེ་ལས་མང་བ་། “བདམས་ཐོན་སྤྱི་འཐུས་རྣམ་པས་ལས་ཁུར་དམ་བཅའ་ཕུལ་བ།” »
བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ལེན་ཡོད་པའི་བོད་ཀྱི་རྩེད་རིགས་ཚོགས་པ་ནི་གཅིག་ལས་མེད།
ཡོང་ཁུངས། བོད་ཀྱི་བང་ཆེན་དྲ་བ།
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་ལས་གཞིར་རོགས་པ་བྱེད་མཁན་ཨ་རི་བའི་བུད་མེད་ཁེ་སི་ཆེལ་ཌེར་གཉིས་བར་མ་མཐུན་པའི་གཞི་བྱུང་ནས། མོས་བོད་ཀྱི་བུད་མེད་རྐང་སྤོལ་ཞེས་པའི་ཚོགས་པ་ཞིག་བཙུགས་ནས་དེབ་སྐྱེལ་བྱས་ཏེ། བུད་མེད་རྩེད་མོ་བ་བསྡུ་བསྐོང་བྱས་ནས་རྩེད་འགྲན་ཁག་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད། དེ་བཞིན་རྒྱལ་ཡོངས་རྩེད་རིགས་ཚོགས་པར་བུད་མེད་ཀྱི་རུ་ཁག་གཅིག་ཡོད་པས། ཕྱོགས་གཉིས་ནས་རུ་ཁག་གང་གིས་བོད་པའི་བུད་མེད་ཀྱི་ངོ་ཚབ་བྱེད་དགོས་མིན་དང།
དེ་ལས་མང་བ་། “བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ལེན་ཡོད་པའི་བོད་ཀྱི་རྩེད་རིགས་ཚོགས་པ་ནི་གཅིག་ལས་མེད།” »
གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྐོར་ལ་དཔྱད་གླེང་།
གསར་འགོད་པའི་ས་མིག་གསལ་བསྒྲགས།
གནས་ཚུལ་གཏོང་མཁན། ཀླུ་འབུམ་བཀྲ་ཤིས། ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཊོན་ནང་རྟེན་གཞི་བྱེད་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཀྲོའུ་ནས་དབུས་སྐད་ཐོག་ལ་གནས་ཚུལ་མཁོ་གཏོང་གནང་མཁན་གསར་འགོད་པ་གཅིག་དགོས་པའི་ས་མིག་གསལ་བསྒྲགས། དགོས་ངེས་ཆ་རྐྱེན། ༡༽ བོད་སྐད་ལ་བྱང་ཆ་ཡོད་པའི་ཐོག་བོད་ཡིག་གི་ཤེས་ཚད་མཐོ་སློབ་ཐོན་པའམ་ཡང་ན་མཐོ་སློབ་ཀྱི་ཤེས་ཚད་ཡོད་པ་ཁུངས་ལྡན་ར་འཕྲོད་ཐུབ་པ། ཞིབ་གསལ་འདི་ནས་གཟིགས།http://www.rfa.org/tibetan/dakhyab/stringer-in-ktm-nepal-05192016110734.html
༼ལམ་གྱི་ཞེན་ཆགས་༽ཞེས་པའི་གློག་བརྙན།
དོལ་ཚོགས་པས་ནག་ཉེས་ངོས་ལེན་བྱས་པ།
གནས་ཚུལ་གཏོང་མཁན། ངག་དབང་།
ཕྱི་ལོ་༢༠༡༤ ཟླ་བ་༡༠ ལོ་མཇུག་ཏུ་༧གོང་ས་མཆོག་འདི་ག་ས་གནས་སུ་ཆིབས་བསྒྱུར་སྐབས་དོལ་ཚོགས་ནས་བྱ་ངན་བརྩམས་པ་ཁྲིམས་ཐོག་ཏུ་དེབ་སྐྱེལ་བྱས་པ་དེ་བཞིན་དེ་རིང་ཕྱི་ལོ་༢༠༡༦ ཟླ་བ་༥ ཚེས་༢༣ ཉིན་འདི་ག་ས་གནས་བྷོསྭ་ཊོན་མངའ་ཁོངས་ཀྱི་ཁེམ་བི་རིཇ་རྫོངས་ཁུལ་ཁྲིམས་ཁང་(Cambridge Distric Court) ཏུ་མཐའ་མའི་ཐག་གཅོད་ཆེད་སྔ་དྲོའི་ཆུ་ཚོད་ ༩ ཐོག་ངོས་ཕྱོགས་གཉིས་ཀ་ཁྲིམས་བཀུག་གནང་བྱུང་། ཆུ་ཚོད་ ༩།༣༠ ཐོག་ནག་ཉེས་པ་བློ་བཟང་རྒྱལ་མཚན་ནམ་(རྡོ་བ་རྒྱག་པ་)ཁོ་པའི་ཁྲིམས་རྩོད་པ་དང་
བོད་མི་ཚོས་བཞེངས་སྐྲུན་བྱས་པ་ཞེས་པའི་རི་མོའི་འགྲེམས་སྟོན།
ཀུན་ཕན་ཚང་།
བོད་མི་ཚོས་བཞེངས་སྐྲུན་བྱས་པ་ཞེས་པའི་འགྲེམས་སྟོན་གྱི་རི་མོ་སྐོར་ཚོགས་ཤིག་ལ་རྩེའི་ཇ་ཁང་ནང་ལ་སྤེལ་མྱོང་། ད་ལྟ་རི་མོའི་ཚོགས་དེ་ནེའུ་ཡོག་གྲོང་ཁྱེར་ལ་སླེབས་ནས་བདུན་ཕྲག་རྗེས་མར་འགྲེམས་སྟོན་བྱེད་ཀྱི་འདུག རི་མོའི་ཚོགས་དེའི་ནང་ན་རི་མོ་གྲངས་ ༡༤༣ ཡོད་ཅིང་རྒྱལ་ཁབ་བརྒྱ་དལ་ཁ་ཐོར་དུ་བཞུགས་པའི་རི་མོ་བ་བརྒྱ་དང་ཞེ་གསུམ་གྱི་བརྩམས་ཆོས་ཡིན། འདི་ལྟ་བུའི་རི་མོ་གྲངས་མང་པོ་འགྲེམས་སྟོན་ཐེངས་གཅིག་བྱེད་པ་ནི་ཧ་ཅང་ཉུང་བས་ཤོར་དུ་ཕངས་པའི་གོ་སྐབས་ཤིག་ཡིན། འགྲེམས་སྟོན་བྱེད་ཡུན་ནི་
དེ་ལས་མང་བ་། “བོད་མི་ཚོས་བཞེངས་སྐྲུན་བྱས་པ་ཞེས་པའི་རི་མོའི་འགྲེམས་སྟོན།” »
ཁ་མཆུ་རྩིས་མེད་བཏང་བ་ཡིན།
ཡོང་ཁུངས། བོད་ཀྱི་དུས་བབ།
སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་དང་དབུས་འོས་བསྡུ་ལས་ཁང་གཉིས་འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་སྐོར་ཁྲིམས་གཏུག་བྱས་པ་དེ་ཁ་སང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྩིས་མེད་བཏང་བ་ཡིན་སྐོར་ཁྱབ་བསྒྲགས་བྱས་འདུག་ཀྱང་དེ་རིང་ཞུ་སྦྱོར་བ་ཚོས་ཁྲིམས་ཞིབ་ཁང་གི་ཐག་གཅོད་དེར་ངོས་ལེན་མེད་ཟེར།
དེ་རིང་ཉིན་གུང་ཆུ་ཚོད་ ༡༢ སྟེང་། དྷ་ས་སྨན་རྩིས་ཁང་གི་ཉེ་འཁྲིས་སུ་ཡོད་པའི་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ།
བོད་ཀྱི་རོལ་དབྱངས་པ་གྲགས་ཅན་སྤེན་ནོར་ལགས་ཀྱི་སྐོར།
རྩོམ་བསྡུའི་གསལ་བསྒྲགས།
བརྒྱུད་གཏོང་བ། བསྟན་འཛིན་འཇམ་དཔལ།
བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གཉིས་པ།༼བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་།༽
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༨ ནས་ཚེས་ ༢༠ བར། བརྗོད་གཞི་གཙོ་བོ། བོད་དང་བཙན་བྱོལ་བོད་མི། ༼རེ་བ་དང་གདོང་ལེན།༽ ཉིན་གསུམ་གྱི་ཚོགས་འདུ་དང་བརྗོད་གཞི།
• ཉིན་དང་པོ། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་། བོད་ནང་གི་བོད་མི་དང་འབྲེལ་བའི་གནད་དོན།
༼སྨོན་ལམ་ཚིག་མཛོད་ཆེན་མོ།༽རྒྱ་ཡིག་ཏུ་བསྒྱུར་རྒྱུ་ཡིན་པ།
མཁོ་སྤྲོད་པ། ཐའེ་ཝན་ཐེག་ཆེན་ཆོས་གླིང་ཆོས་ཚོགས་ཡིག་ཚང་།
ཧ་ཤེན་རིན་པོ་ཆེ་དང་ཁོང་གི་ཆོས་ཚོགས་ཀྱིས་༼སྨོན་ལམ་ཚིག་མཛོད་ཆེན་མོ།༽རྒྱ་ཡིག་ཏུ་བསྒྱུར་རྒྱུ་ཡིན་པ།
༡༽ བརྡ་འཕྲིན་དུས་རབས་ཀྱི་བོད་ཀྱི་རིག་གནས་ཀྱི་འཕེལ་ཕྱོགས།
དེ་ཡང་དེང་གི་དུས་འདིར་རིག་གནས་བརྡ་འཕྲིན་ཅན་དུ་ཕྱོགས་བཞིན་པ་དང་། བོད་ཕྱི་ནང་གི་ལས་རིགས་སོ་སོའི་ཁྱབ་ཁོངས་ནས་ཀྱང་མིང་ཚིག་གསར་བཟོ་དང་ཚིག་མཛོད་བསྡུ་བསྒྲིགས་སོགས་ཀྱི་ལས་དོན་མང་པོ་ཞིག་བརྩམས་དང་རྩོམ་བཞིན་ཡོད།
དེ་ལས་མང་བ་། “༼སྨོན་ལམ་ཚིག་མཛོད་ཆེན་མོ།༽རྒྱ་ཡིག་ཏུ་བསྒྱུར་རྒྱུ་ཡིན་པ།” »
ལ་རྩེ་དཔེ་མཛོད་ཁང་དུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད་གསལ་བསྒྲགས།
ལ་རྩེ་དཔེ་མཛོད་ཁང་དུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གི་གསུང་བཤད་གསལ་བསྒྲགས།
གསོན་ཉམས་ལྡན་པའི་སྐད་ཡིག – ཐ་སྙད་གསར་པ་གཏན་འབེབས་དང་ཁྱབ་སྤེལ་གླེང་བ།
སྤྱི་ཟླ་5 ཚེས་17། རེས་གཟའ་མིག་དམར། དགོང་དྲོ་ཆུ་ཚོད་7:00
ཁ་བྱང་། ལ་རྩེ་དཔེ་མཛོད་ཁང།
དེ་ལས་མང་བ་། “ལ་རྩེ་དཔེ་མཛོད་ཁང་དུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད་གསལ་བསྒྲགས།” »
རྩོམ་པ་པོ་བློ་མིག་ལ་ལོ་༧དང་ཕྱེད་ཀའི་ཁྲིམས་ཐག་བཅད་འདུག
མཁོ་སྤྲོད་པ། རྨེའུ་དཀོན་རྒྱམ།
ཕྱི་ལོ་༢༠༡༦ ཟླ་༥ ཚེས་༩ ཉིན་སི་ཁྲོན་ཝིན་ཁྲན་མི་དམངས་ཁྲིམས་ཁང་ཟེར་བ་ནས་རྩོམ་པ་པོ་བློ་མིག་ལ་ལོ་ངོ་བདུན་དང་ཕྱེད་ཀའི་ཁྲིམས་ཐག་བཅད་ཡོད་པ་ཤེས་རྟོགས་བྱུང་འདུག ཕྱི་ལོ་༢༠༡༥ ཟླ་༤ ཚེས་༡༧ ཉིན་ཁོང་འཛིན་བཟུང་བཙོན་འཇུག་བྱས་ཏེ་ཝིན་ཁྲན་ལྟ་སྲུང་ཁང་ཟེར་བ་སོགས་ནས་ལོ་ངོ་༡དང་ཟླ་གཅིག་ལྷག་ལ་གཅར་རྡུང་མནར་གཅོད་ཀྱི་ཁྲོད་ནས་བཀག་ཉར་བཙོན་འཇུག་བྱས་ཡོད་འདུག དེ་རིང་གཞི་ནས་ཁོང་གི་ནང་མི་ཁ་ཤས་སི་ཁྲོན་ཝིན་ཁྲན་མི་དམངས་ཁྲིམས་ཁང་ཟེར་བ་ནས་ཆུ་ཚོད་ཕྱེད་ཀའི་རིང་ཐུག་བཅུག་ཡོད་འདུག
དེ་ལས་མང་བ་། “རྩོམ་པ་པོ་བློ་མིག་ལ་ལོ་༧དང་ཕྱེད་ཀའི་ཁྲིམས་ཐག་བཅད་འདུག” »
རྔ་པའི་རྩོམ་པ་པོ་ཞིག་ལ་བཙོན་འཇུག་ལོ་ཐག་བཅད་འདུག
དེ་རིང་སྟེ་ཕྱི་ལོ་༢༠༡༦ ཟླ་༥ ཚེས་༩ ཉིན་བོད་ནས་གནས་ཚུལ་འབྱོར་གསལ་ལ། རྔ་པ་ཀིརྟི་དགོན་པའི་གྲྭ་པ་རྩོམ་པ་པོ་ཇོ་བློ་བཟང་འཇམ་དབྱངས། (སྨྱུག་མིང་ལ་བློ་མིག) རང་ལོ་ ༢༨ ཡིན་པ་ཁོང་ལ་རྒྱ་གཞུང་གིས་ལོ་༧ དང་ཟླ་བ་༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག འདི་ནས་ཤེས་རྟོགས་བྱུང་བར་ཁོང་ལ་ཁྲིམས་ཐག་གཅོད་ས་དེ་རྔ་པ་རང་སྐྱོང་ཁུལ་ཝིན་ཁྲན་རྫོང་ཡིན་ཞིང་། ཕྱི་ལོ་༢༠༡༥ ཟླ་༤ ཚེས་༡༧ གྱི་མཚན་མོའི་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀ་ཙམ་ལ་རྔ་བ་རྫོང་མཁར་གྱི་སྲང་ལམ་ཞིག་ནས་
དེ་ལས་མང་བ་། “རྔ་པའི་རྩོམ་པ་པོ་ཞིག་ལ་བཙོན་འཇུག་ལོ་ཐག་བཅད་འདུག” »
ཚོགས་གཙོ་མཆོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོས་པ།
ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
དཔལ་ལྡན་ཚོགས་གཙོ་མཆོག་གིས་དགའ་སྤོབས་དང་བཅས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་འགན་ཁུར་བཞེས་རྒྱུ་ཡིན་སྐོར་གསུངས་པ།
༄༅། །ཕྱི་ལོ་༢༠༡༦ ཟླ་༥ ཚེས་༧ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཡོལ་ཙམ་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་པ་ཚོར་ཁོང་ཉིད་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བར་ཐུགས་ཚོར་ཇི་བྱུང་སྐོར་གྱི་དྲི་བར་ལན་འདེབས་གནང་དོན།
དེ་སྔོན་འོས་བསྡུ་འགྲོ་བཞིན་པའི་སྐབས་དང་འོས་བསྡུའི་ལས་རིམ་ཟིན་པའི་རྗེས་སུ་ཞུས་པ་ལྟར།
དེ་ལས་མང་བ་། “ཚོགས་གཙོ་མཆོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོས་པ།” »
ཚོགས་གཙོ་མཚོག་གིས་དགའ་བསུའི་འཚམས་འདྲི་གནང་བ།
ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སླར་ཡང་སྲིད་སྐྱོང་དུ་བདམས་ཐོན་བྱུང་བར་སྤྱི་འཐུས་ཚོགས་གཙོ་མཚོག་གིས་དགའ་བསུའི་འཚམས་འདྲི་གནང་བ།
༄༅། །ཕྱི་ལོ་༢༠༡༦ ཟླ་༤ ཚེས་༢༨ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་ལས་ཐོག་བློ་བཟང་སེངྒེ་མཆོག་སླར་ཡང་སྲིད་སྐྱོང་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་ཚོགས་གཙོ་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལས་ཁུངས་སུ་ཆེད་ཕེབས་ཀྱིས་
དེ་ལས་མང་བ་། “ཚོགས་གཙོ་མཚོག་གིས་དགའ་བསུའི་འཚམས་འདྲི་གནང་བ།” »
འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་སྐོར་ཁྲིམས་གཏུག་བྱས་འདུག
ཡོང་ཁུངས། བོད་ཀྱི་དུས་བབ།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དཔྱ་ཁྲལ་ལག་དེབ་ནང་ཁོང་གི་མཚན་ལ་ ‘སློབ་བཟང་སངས་རྒྱས’འཁོད་ཡོད་པ་དང་འོས་བསྡུའི་འགེང་ཤོག་ནང་ ‘བློ་བཟང་སེང་གེ’ ཞེས་འཁོད་ཡོད་པའི་གནད་དོན་དེ་བོད་མི་མང་པོ་འདས་པའི་དྲ་ཚོམས་ཤིག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་བྱས་ཡོད་འདུག
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤།༣༠ སྟེང་དྷ་ས་ནོར་བུ་མགྲོན་ཁང་དུ་ “ཁྲིམས་ཀྱི་བྱ་ར་སྐད་འཕྲིན་ཚོགས་པ”ཞེས་པའི་འཛམ་གླིང་ཤར་ནུབ་གང་སར་
དེ་ལས་མང་བ་། “འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་སྐོར་ཁྲིམས་གཏུག་བྱས་འདུག” »
སྐུ་ཚབ་དོན་གཅོད་ཀྱིས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་༼མལ་སྒྲི་སིན༽དུ་གཟིགས་སྐོར།
གནས་ཚུལ་གཏོང་མཁན། འཚོ་སྐྱིད།
ཕྱི་ལོ་༢༠༡༦ ཟླ་༣ ཚེས་༧ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐལ་རྡོར་ལགས་ཀྱིས་༧ སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་དང་སྟབས་བསྟུན་གྱིས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་༼མལ་སྒྲི་སིན༽(University of Wisconsin-Madison) དུ་ཕེབས་ཏེ་དབུས་ལས་བྱེད་བདག་གཉེར་ལས་ཁུངས་སུ་གཟིགས་སྐོར་གནང་ཞིང་། གཙུག་ལག་སློབ་ཆེན་གྱི་དབུས་ལས་བྱེད་བདག་གཉེར་ལས་ཁུངས་ཀྱི་སྤྱི་ཁྱབ་དབུ་འཛིན་སྦོབ་ལ་ཝིག་ན་(Bob Lavigna, Assistant Vice Chancellor-Human Resources)དང་།
དེ་ལས་མང་བ་། “སྐུ་ཚབ་དོན་གཅོད་ཀྱིས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་༼མལ་སྒྲི་སིན༽དུ་གཟིགས་སྐོར།” »
༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་འཁྲུངས་སྐར་བརྩི་སྲུང་།
གནས་ཚུལ་མཁོ་སྤྲོད་པ། རྨེའུ་དཀོན་རྒྱམ།
ཕྱི་ལོ་༢༠༡༦ཟླ་༤ཚེས་༢༥ཉིན་རྒྱབ་ཨོ་སི་ཁྲོ་ལེ་ཡའི་སེད་ནེ་བོད་རིགས་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ཕ་མའི་འཐུས་མི་ཚོགས་ཆུང་གིས་གོ་སྒྲིག་བྱས་ཏེ་ ༸པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་ནང་མི་དང་བཅས་པ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༡ འགྲོ་བཞིན་ཡོད་པའི་ཡིད་སྐྱོའི་གནས་བབ་དང་། ཡང་དེ་རིང་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་མཆོག་དགོང་ལོ་ ༢༧ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་ལ་འཁེལ་ཡོད་པས་འཁྲུངས་སྐར་བརྩི་སྲུང་གི་
དེ་ལས་མང་བ་། “༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་འཁྲུངས་སྐར་བརྩི་སྲུང་།” »