བོད་མིའི་སྒྲིག་འཛུགས་ཀྱིས་བལ་ཡུལ་དུ་ས་ཡོམ་གྱིས་གོད་ཆག་བྱུང་བར་བློ་ཕམ་དང་ངལ་སེལ་ཆེད་བལ་སྒོར་འབུམ་ ༢༠ གནང་བ།
དེ་རིང་ཕྱི་ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཛ་དྲག་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སྟེ། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༥ ཉིན་བལ་ཡུལ་དང་རྒྱ་གར་བྱང་ཕྱོགས་ས་ཁུལ། དེ་བཞིན་བོད་བཅས་ཀྱི་ས་གནས་ཁག་གཅིག་ཏུ་ས་ཡོམ་ཤུགས་ཚད་ (7.9) བརྒྱབ་ནས་མི་རྒྱུར་གནོད་སྐྱོན་ཚབས་ཆེན་ཕོག་པར་དངངས་འཚབ་དང་བཅས་བློ་ཕམ་ཧ་ཅང་བྱུང་སྐོར་གསུངས་ཡོད།
དེ་ལས་མང་བ་། “བོད་མིའི་སྒྲིག་འཛུགས་ཀྱིས་བལ་སྒོར་འབུམ་ ༢༠ གནང་བ།” »