ཚིག་མུ་ལ།
མི་ལོ་ལྔ་བཅུའི་རིང་ལ། །
ཕྱི་རོལ་ཡུལ་གྲུ་གང་སར། །
མགོ་ནག་བོད་པའི་ཆེད་དུ། །
མཛད་འཕྲིན་རྒྱ་ཆེར་གནང་མཁན། །
བུ་ངའི་སྙིང་གི་ནོར་བུ། །
ཞི་བདེ་བསུ་བའི་བླ་མ། །
ཚིག་མུ་ལ།
མི་ལོ་ལྔ་བཅུའི་རིང་ལ། །
ཕྱི་རོལ་ཡུལ་གྲུ་གང་སར། །
མགོ་ནག་བོད་པའི་ཆེད་དུ། །
མཛད་འཕྲིན་རྒྱ་ཆེར་གནང་མཁན། །
བུ་ངའི་སྙིང་གི་ནོར་བུ། །
ཞི་བདེ་བསུ་བའི་བླ་མ། །
མུ་ལ།
མ་ཡུམ་སློབ་གྲྭའི་གླིང་ན།
དབྱངས་གསལ་སོ་བཞི་གྱེར་རོགས།
སྙིང་སྡུག་ལྷག་དཀར་སྒྲོན་མ།
ཁྱོད་ལ་བཅངས་བའི་བརྩེ་བ།
མི་འགྱུར་རྡོ་རྗེ་བྲག་ཡིན།
བུ་ངའི་སྙིང་གི་མེ་ཏོག
ཤར་ཕྱོགས་ཁུག་རྟ།
སྡུག་དཀའ་ལས་ཉིས་ཀ་རང་གིས་མྱངས།།
སྐྱིད་ཡོན་ཏན་ཉིས་ཀ་བུ་ལ་གནང།།
བུ་བུ་མོར་རང་མགོ་ཐོན་བཅུགས་རྗེས།།
ཁྱོད་ལམ་སེང་ཕེབས་སོང་ཨ་མ་ལགས།།
ཁྱོད་ཕེབས་པ་སྔ་སོང་ཨ་མ་ལགས།།
གཞས་པ། ཁ་རག་སྤེན་པ།
ཚིག མུ་ལ་ནས།
ལོ་ད་ལོ་ལོ་གསར་སྐྱིད་པོ་རེད། །
གནས་མཐོང་བ་ཀུན་སྨོན་རྡ་ས་ནས། །
རྗེ་བླ་མའི་ཕྱོགས་བཞིའི་སློབ་བུ་རྣམས། །
དུས་མཉམ་དུ་འཛོམས་པས་སྐྱིད་པོ་རེད། །
ལོ་ད་ལོ་རྟེན་འབྲེལ་བཟང་པོ་རེད། །
མགོན་བླ་མའི་དགུང་གྲངས་བརྒྱད་ཅུར་བཞེས། །
གཞས་པ། འཇམ་དབྱངས་བཀྲ་ཤིས།
ཤར་ཕྱོགས་ཁུག་རྟ།
ལུས་པོ་བྱང་ན་གནས་ཀྱང།།
མིག་གིས་ལྷོ་ལ་བལྟས་ཡོད།།
ལྷོ་ཕྱོགས་སྤྲིན་པའི་པང་ནས།།
སྙིང་སྡུག་མཐོང་ན་བསམས་བྱུང།།
In north is my body
Yet towards south are my eyes set,