མཆོང་།
ངས་ཡུན་རིང་ཁྱེད་ཀྱི་འཇམ་མཉེན་པའི་རྒྱུ་བ་མྱང་ཡང་ཚོར་མ་ཐུབ། རེ་སྨོན་བཅོལ་བའི་མིག་འབྲས་ཀྱིས་ཡོད་ཚད་སློག་བཤེར་བྱས་ནའང་ཁྱེད་ཀྱི་འོད་ ཟེར་འཕྲོ་བའི་མིག་མདངས་དང་སྦྲེལ་མ་ཐུབ། ཁྱེད། རྒྱང་དུ་གནས། ཁད་ཀྱིས་རྒྱང་དུ་ཕྱིན་པའི་ཁྱེད། ངེད་གཉིས་ཀྱི་བར་ལ་ཆོ་འཕྲུལ་བཙན་པོ་ཞིག་གཙང་བོ་རྒྱུས་མེད་ཏུ་རྒྱུ་བཞིན་རབ་ རིབ་ངང་རླབས་ཕྲེང་བསྟུན་མར་བསྐྱོམས་ནས་ཡུད་ཀྱིས་བཅད། ཁྱེད། རྒྱང་དུ་གནས། ཁད་ཀྱིས་རྒྱང་དུ་ཕྱིན་པའི་ཁྱེད།