ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
ཀུན་ཕན་བྱ་བ་ནང་ཆོས་བཅུད།།
ཁ་ཉུང་བསམ་བཟང་ནང་ཆོས་བཅུད།།
གུས་བཀུར་ཡིད་ཆེས་ནང་ཆོས་བཅུད།།
ང་རྒྱལ་ཉོན་སྤོངས་ནང་ཆོས་བཅུད།།
ཅ་ཅོ་མ་མང་ནང་ཆོས་བཅུད།།
ཆ་ལུགས་མ་འཆོལ་ནང་ཆོས་བཅུད།།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
ཀུན་ཕན་བྱ་བ་ནང་ཆོས་བཅུད།།
ཁ་ཉུང་བསམ་བཟང་ནང་ཆོས་བཅུད།།
གུས་བཀུར་ཡིད་ཆེས་ནང་ཆོས་བཅུད།།
ང་རྒྱལ་ཉོན་སྤོངས་ནང་ཆོས་བཅུད།།
ཅ་ཅོ་མ་མང་ནང་ཆོས་བཅུད།།
ཆ་ལུགས་མ་འཆོལ་ནང་ཆོས་བཅུད།།
ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།། ནམ་རྒྱུན་ངོས་ནི་ཉམ་ཆུང་རང་ཚུགས་བཟུང་ནས་གལ་ཆེན་བླ་མ་དམ་པའི་འདས་མཆོད་དང་ཆོས་བཞིན་སྒྲུབ་པ་དག་ལ་གང་ཤེས་ཀྱིས་མདོ་སྔགས་དམ་པའི་ཆོས་ཀྱི་འཆད་ཉན་དང་སྒོམ་སྒྲུབ་ལ་བརྩོན་བཞིན་མཆིས། དམིགས་བསལ་གྱི་རབ་གནས་མེ་སྤྲེལ་ལོ་འདིའི་ནང་འཛམ་གླིང་ཤར་ནུབ་རྒྱལ་ཁབ་དུ་མར་དམ་ཆོས་དང་འབྲེལ་བའི་རྟེན་འབྲེལ་ལེགས་ཚོགས་སུ་འགྲིགས། ཁྱད་པར་དུ་མེ་སྤྲེལ་མགོ་ཟླའི་ཚེས་པ་༼༢༠༡༧ ༡ ༡༢ ༽བཅོ་ལྔ་ནས་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འདས་མཆོད་ཐེངས་བཅུ་གསུམ་པ་གནས་མཆོག་སེངྒྷ་གླིང་གི་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་སུ་ཚད་ལྡན་ཞིག་འཚོགས་པ་དང་།
དེ་ལས་མང་བ་། “༄༅།།ཀུན་མཁྱེན་བླ་མ་མཇལ་བའི་སྐལ་བཟང་གི་ཉི་མ།” »
སྙན་བཟང་གཡུང་དྲུང་ཚེ་རིང་།
དེ་རིང་གཟའ་སྤེན་པ་རེད། ད་ཕྱི་ལོགས་སུ་འགྲོ་འདོད་བྱུང་། མ་ཕྱིན་སྔོན་ལ་གྲོགས་པོ་ཚོར་ནང་གཏམ་གྱི་ཚུལ་དུ་ཁ་བརྡ་ཐུང་ཐུང་ཞིག་བྱེད།
ཁ་སང་ཁེ་ཉིན་ངས་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་གྲགས་ཆེ་བའི་ངག་རྒྱུན་ཞིག་ཡིག་ཐོག་ཏུ་ཡོད་མེད་སྐོར་བཙལ་བསྡད་པ་ཡིན། ད་ནངས་ཀྱང་ཞོགས་པ་སྔ་མོ་ནས་ཡར་ལངས་ཏེ་བཙལ་འཚོལ་བྱས་ཀྱང་རྙེད་མ་སོང་། ངག་རྒྱུན་འདི་བཙལ་བའི་གོ་རིམ་ནང་དུ་དགེ་བཤེས་པོ་ཏོ་བའི་ལོ་རྒྱུས་གསལ་པོ་ཤེས་བྱུང་ལ། བུ་སྟོན་རིན་པོ་ཆེར‘‘བུ་སྟོན་ཁ་ཆེ’’ཞེས་འབོད་པའང་ཤེས་པར་གྱུར། སྤྱིར་བཏང‘‘བུ་སྟོན་ཁ་ཆེ’’ཞེས་པ«དེབ་ཐེར་དམར་པོའི»ནང་དུའང་གསལ་བར་འདུག་ཀྱང་ད་བར་དུ་དེ་ལ་དོ་སྣང་མ་བྱས།
དེ་ལས་མང་བ་། “གྲོགས་པོ་ཚོར་ནང་གཏམ་གྱི་ཚུལ་དུ་ཁ་བརྡ་ཐུང་ཐུང་ཞིག་བྱེད།” »
ཡར་འབྲོག་སྨྱོན་པ།
ཕྱི་ལོ་དང་དུས་རབས་མེད་པའི་སྐབས་སུ་དཔལ་འབྱོར་རིག་པ་དང་། ཚན་རྩལ་རིག་པ་ནང་དོན་རིག་པ་སོགས་ཀྱི་ཁྱད་ཆོས་དེ་ཙམ་དར་ཁྱབ་མེད་ན་ཡང་ས་ཡི་གོ་ལ་ནི་ཆེས་མཛེས་སྡུག་ལྡན་ལ་རྒྱ་ཆེ་ཞིང་། ཆུ་བོ་ཡན་ལག་བརྒྱད་ལྡན་གྱི་མཐའ་སྐོར། འབྲས་ལྡན་ལྗོན་ཤིང་སྣ་ཚོགས་ཀྱི་བསིལ་གྲིབ་སྙོམས། དེར་གནས་སྡོད་བྱེད་མཁན་གྱི་འགྲོ་བ་ཡང་རང་བཞིན་བཟང་ལ་བྱམས་སྙིང་རྗེ་ཅན་ཤ་སྟག་རེད། ང་ཚོའི་ཁྱིམ་གཞི་དེ་ནི་ཅི་འདྲའི་དྭངས་ཞིང་གཙང་བ་དང་འགྲོ་བ་དེ་དག་ཡང་གཅིག་ཕན་གཅིག་གྲོགས་ཀྱི་ཡ་རབས་ཚུལ་ལྡན་ཞིག་ཡིན་པ་སྨོས་མེད་རེད།
—-གསལ་ལེ་རྒྱལ།
རིན་པོ་ཆེ། ཁྱེད་གང་ན་བཞུགས། དགའ་ལྡན་ན་བཞུགས་སམ། ང་བརྒྱད་ལོ་དང་རིག་གནས་གསར་བརྗེ། གྱ་དགུ་ལོ་དང་ཉིས་སྟོང་བརྒྱད་སོགས་ཀྱི་གནས་ཚུལ་ཛ་དྲག་དག་སྔ་མོ་ནས་ཚང་མས་ཞུས་ཟིན་པ་མ་ཟད། ན་ནིང་གི་གནས་ཚུལ་ཡང་ཞུས་ཟིན་པས་འདིར་བསྐྱར་བཤད་མི་བྱེད།
འཕན་པོ་སྐལ་ལྡན།
ཀ་དག་གནས་ལུགས་རྟོགས་པའི་མི་བུ་འགའ།།
དངུལ་ལོ་བྱུང་ན་གནས་ལུགས་ཚང་མ་བརྗེས།།
ཁ་ཞེ་གཉིས་མེད་ཡིན་པའི་བྱམས་པ་དག །
དངུལ་ལོ་བྱུང་ན་བརྩེ་བ་གནང་མེད་བཞག །
ག་བཏང་གོ་ཆོད་གཞུང་ཞབས་ལས་བྱེད་རྣམས།།
དངུལ་ལོ་བྱུང་ན་ལས་དོན་སྣང་མེད་འཇོག །
འཕན་པོ་སྐལ་ལྡན།
ཨ་ཀྱོག་པ་ཀྱོག་བྲིས་པའི་ཡིག་ཆུང་འད་ི།
ཧ་ལས་ཧོན་མཐོར་མེད་པར་གཟིགས་པར་ཞུ་།
ས་ཐའི་འཁྱམ་་པོའི་སྙིང་གཏམ་ཡིན་ལགས་ན་།
ཤ་ཚའི་སེམས་ཀྱི་མ་བཟོད་བྲིས་པ་ཡིན།
ལ་ལུང་མང་པོ་བརྒལབའི་ཉམ་མྱོང་ཡོད།
ར་མ་ལུགས་ཀྱི་སྐད་རིགས་ལ་སོགས་དང་།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
དཀའ་ལས་མེད་པའི་དངོས་སྒྲུབ།
ཁག་རྒྱུ་མེད་པའི་ལས་དཀའ་།
དགའ་སྡུག་མེད་པའི་མི་མང་།
ང་ཚོ་བོད་མིའི་ལས་དབང་།
ཅ་དངོས་ཉོ་ཚོང་མང་བ་།
ཆ་རྐྱེན་ཁྲིམས་མཐུན་མེད་པ་།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
ཀོ་ལི་གྷལ་གྱི་ཡུལ་ཕྱོགས་འདིར།།
མཁའ་རླུང་མ་དྭངས་ཆར་ཆུ་དཀོན།།
དགོས་པའི་ཆར་མེད་མི་དགོས་རླུང་།།
ང་ཚོ་གཞིས་མིའི་དཀའ་སྡུག་ལ།།
ཅིས་ཀྱང་ལྟ་རྟོག་དུས་སུ་གཟབ།།
ཆར་ཆུར་བསྟེན་པའི་ཞིང་ལས་ལ།།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
སྐད་ཡིག་མེད་པའི་གདོད་མའི་སྤྱི་ཚོགས་དུས་འདིར་དཀོན།།
ཁ་བཤད་གཏམ་དང་ལག་གིས་བྲིས་པའི་ཡི་གེ་གཉིས།།
གང་དུ་ཕྱིན་ཀྱང་ཡུལ་ལུང་སོ་སོར་མ་འདྲ་འདུག །
ང་ཚོ་བོད་མིའི་སྐད་ཡིག་རིག་གཞུང་མེས་དབོན་དྲིན།།
ཅིས་ཀྱང་གཟབ་གཟབ་མི་ཉམས་རྒྱུད་འཛིན་ང་ཚོའི་འགན།།
ལྷ་ཐོག་འཆི་པོ་རྒྱལ།
རྒྱལ་ས་ཆེན་པོ་ལྡི་ལིའི་གཡས་གཡོན་ལ།།
བོད་པའི་བུ་མོས་སྟུ་ཚོང་རྒྱག་ས་རེད།།
བོད་པའི་ཕོ་གསར་ཆོམ་རྐུན་བྱེད་ས་རེད།།
མགོ་ནག་བོད་པའི་ཞབས་འདྲེན་ཞུ་ས་རེད།།
རྒྱ་གར་རྒྱལ་ས་ལྡི་ལིའི་དཀྱིལ་དབུས་སུ།།
སེང་ཕྲུག་བརྟན་པ།
ལ་ལས་བོད་ཀྱི་དོན་དུ་རང་སྲོག་དོ
ལ་ལས་བོད་ཀྱི་དོན་དུ་བསྟན་པ་འཛི
ལ་ལས་བོད་ཀྱི་དོན་དུ་ཡུལ་གྲུ་སྐོ
ལ་ལས་བོད་ཀྱི་དོན་དུ་བཀའ་གསུང་
འོན་ཀྱང་ལ་ལས་དགྲ་དགའ་གཉེན་སྡུ
རྩ་དོན་ཁ་རུ་ཁྱེར་ནས་བླ་མར་སྨད།