གྲིབ་གཟུགས།
ངའི་མིང་ནི་ཚད་མའི་སྐྱེས་བུ་རྣམས་ཀྱིས་མཛད་པའི་བཀའ་མདོ་རྒྱུད་བསྟན་བཅོས་ཙམ་གྱིས་མ་ཚད་འདོན་ཆོག་ཁག་ནང་དུའང་མི་ལྟ་བསམས་ནའང་ནར་ནར་དུ་ཐོན་གྱི་འདུག དེ་དག་གི་མཚན་གཞི་ཙམ་འཇོག་ན། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན།།འགྱུར་བ་མེད་པའི་ཆོས་ཉིད་དོ།། ཞེས་དང་། འགྱུར་མེད་དོན་དམ་བདེན་པའི་རང་བཞིན་ནི།། ཞེས་དང་། དངོས་པོའི་ཆོས་ཉིད་ལ་ནི་ནམ་ཡང་འགྱུར་བ་མེད་དོ།། ཞེས་དང་། འགྱུར་མེད་སྐུ་མདོག་གངས་ལ་ཉི་ཤར་འདྲ།།