བསྟན་འཛིན་དགེ་ལེགས།
ཁ་བརྡའི་དྲ་ཐོག་ཏུ་གོང་གི་དབྱིན་ཚིག་དེར་བོད་སྐད་དུ་ཐ་སྙད་ཅིག་མེད་པ་དང་། ཡང་ན་ཁ་ཤས་གསར་བཟོ་ཡིན་ཁུལ། ད་དུང་དྲ་གྲོགས་ཁ་ཤས་ནས་བོད་མཁས་པ་ཚོར་ཚིག་དེའི་བཀའ་འདྲི་ཞུས་འདུག་ཀྱང་ད་བར་འཐད་ལྡན་གྱི་ལན་ཞིག་མེད་པ་སོགས་རང་རང་གི་ཞེ་འདོད་མང་པོ་ཞིག་བྲིས་འདུག ། Emotion=སེམས་འགུལ་ཐེབས། ཐ་སྙད་ཚད་ལྡན་ཡིན་པ་དང་དམངས་ཁྲོད་དུ་དར་ཁྱབ་ཡོད་པ་ཞིག་ཡིན་པ་ཡང་ལྷ་སའི་བོད་སྐད་རླུང་འཕྲིན་གསན་ན་མཁྱེན་ཡོང་། མ་ཟད་སེམས་འགུལ་ཐེབས་ཞེས་པའི་ཐ་སྙད་འདི་ང་རང་ཆུང་བྱིས་པའི་དུས་ནས་གོ་མྱོང་བ་ཞིག་དང་བེད་སྤྱོད་བྱས་དང་བྱེད་མུས་ཞིག་ཡིན།
འོན་ཀྱང་དོན་དག་གོ་རྒྱུ་མི་འདྲ་བ་གཉིས་ཡོད་པ་ཡང་སྐད་ཆའི་ནང་དོན་ལས་ཤེས་ཐུབ་ཀྱི་རེད། དཔེར་ན། མི་ཞིག་གིས་ཁྱེད་རང་ལ་སྒྲུང་སྙན་པོ་ཞིག་བཤད་པར་ཁྱེད་རང་སེམས་འགུལ་ཐེབས་པ་དང་། ཡང་མི་གཞན་ཞིག་གིས་སྒྲུང་སྐྱོ་པོ་ཞིག་བཤད་པར་སེམས་འགུལ་ཐེབས་པ་གཉིས་རེད། དང་པོ་དེ་སེམས་ལ་དགའ་བའི་ཚོར་སྣང་གིས་ཡིན་པ་དང་། གཉིས་པ་ནི་སེམས་ལ་སྐྱོ་བའི་ཚོར་སྣང་གིས་ཡིན། ད་དུང་དེའི་སྐོར་ཞིབ་ཆ་ཤེས་འདོད་ཡོད་ཚེ་བོད་དབུས་ཁུལ་གྱི་རྒན་པོ་རྣམས་ལ་དྲིས་ན་གསལ་རྟོགས་ཡོང་ངེས་རེད། དེང་སྐབས་རང་དབང་ཆེ་དྲགས་ནས་ཐ་སྙད་གང་བྱུང་ལོག་འགྲེལ་བྱེད་པ་དང་། མིང་ཚིག་གསར་སྒྱུར་བྱེད་པ་སོགས་ཀྱི་ནད་ཡམས་ཞིག་གིས་གང་སར་འགོས་ཀྱི་འདུག་པས་གཟབ་གཟབ་གནང་རོགས། གལ་ཏེ་དབྱིན་སྐད་ལ་ཡོད་པའི་རྒྱུན་སྤྱོད་ཐ་སྙད་ཞིག་བོད་སྐད་ནང་དུ་མེད་ན་ངའི་ཡང་མེས་ཐོན་མི་ཨ་ནུ་ཁོང་བོད་ཆོས་རྒྱལ་གྱི་མཛངས་བློན་མ་ཡིན་པའི་ཁྱབ་པ་དོན་གྱིས་ཁས་བླངས་དགོས་སོ།།
Emotion= ཚོར་ཤུགས་དྲག་པོ།
སེམས་འགུལ་ཐེབ་པ། = Inspired
རེད། དེང་སང་བོད་པའི་སྐྱ་སེར་གཉིས་ཀ་མགོ་མེད་མཇུག་མེད་ཅིག་ཆགས་འགྲོ་བཞིན་པ་ལ། ཚང་མས་ཡིད་གཟབ་གནང་དགོས་པར་སེམས། རུས་པ་མེད་པའི་མི་བུ་མང་པོ་ཞིག་འཚར་བཞིན་པ་འདི་ནི་བོད་རྒུད་པའི་མཐར་ཟག་པའི་རྟགས།
Feeling དང་emotion དང་ sensation འདི་ཚོའི་རིགས་ལ་མི་འདྲ་བའི་ཁྱད་པར་གང་ཡོད།
Feeling = ཚོར་བ། རེག་ཚོར། མྱོང་ཚོར།
emotion = ཚོར་ཤུགས་དྲག་པོ
sensation = ཤེས་ཚོར།
བསྟན་བདེ་ལེགས་ནས་ད་དུང་དེའི་སྐོར་ཞིབ་ཆ་ཤེས་འདོད་ཡོད་ཚེ་བོད་དབུས་ཁུལ་གྱི་རྒན་པོ་རྣམས་ལ་དྲིས་ན་གསལ་རྟོགས་ཡོང་ངེས་རེད། ཟེར། རྒན་པོར་འདྲི་དགོས་པའི་མིང་བརྡའི་དཔྱད་གླེང་པ།
Emotion-ཚོར་འདུ་དྲག་པོ། ཞུ་ན་ག་འདྲ་འདུག།
སེམས་འགུལ་ཐེབས་ཟེར་བ་བློ་དང་རིག་པ་ཤེས་པ་མ་རེད། སེམས་ལ་གཡོ་འགུལ་བྱུང་བའི་བྱ་བ་གསལ་བྱེད་ཀྱི་ཚིག་རེད། emotionལ་ཤེས་པ་ཡིན་དགོས་པ་རེད། ཁ་ཤས་ཀྱི་མཆན་གཞན་དུ་ཕོག་ཐུག་ཤོར་བདེ་ཟེར་བ་དང་རྣམ་རྟོག་ཚ་པོ་ཟེར་བ་ལྟ་བུ་Emotionགྱི་སྐད་དོད་ལ་སྤྱད་སོང་། དེ་ཚོས་གཞུང་ལུགས་ལ་མ་བསམས་པར་རང་གར་བཤད་པ་རེད། ཕོག་ཐུག་ཤོར་བདེ་ཟེར་ན་སེམས་སམ་གང་ཟག་གང་ཞིག་གཉོད་ཆེ་ཆུང་གི་རང་བཞིན་ནམ་གཤིས་ཀ་གསལ་བྱེད་ཀྱི་སྒྲ་ཡིན་པ་ལས། དེས་emotionགྱི་གོ་བ་མི་སྟོན། རྣམ་རྟོག་ཚ་པོ་ཟེར་ན་གང་ཟག་ཅིག་གི་སེམས་ཀྱི་གནས་བབ་དང་འབྲེལ་ནས་གང་ཟག་དེ་ཉིད་ངོས་འཛིན་གྱི་དོན་སྟོན་པའི་ཚིག་ཅིག་རེད་མ་གཏོགས་emotionམི་སྟོན་པ་ཙམ་མ་ཟད། རྣམ་རྟོག་ཚ་པོ་ཟེར་བའི་སྒྲ་དེའི་ནང་ཤེས་པའི་དོན་མི་ལྡན།
ངས་emotionཟེར་བའི་ཚིག་འདི་ནུབ་ཕྱོགས་སེམས་ཁམས་རིག་པའི་གཞུང་ལུགས་ནང་གོ་བ་ཇི་ལྟར་རྒྱག་གི་ཡོད་མེད་ཀྱི་ཚད་ལྡན་སེམས་ཁམས་རིག་པ་བའི་ཁུངས་བཀོད་ནས། ཐ་སྙད་དེ་ཉིད་ཀྱི་ནང་དོན་མཚོན་བྱེད་ཀྱི་བོད་ཀྱི་སྐད་བརྡ་ཞིག་ཡོད་མེད་དང་ཡོད་ན་ཡོད་པའི་ཁུངས་དང་རྒྱུ་མཚན་བཅས་བཤད་ཡོད།
ཕྱི་ནང་རིག་གནས་གཉིས་ཆར་ནང་བྱན་ཆུད་པའི་བོད་ཀྱི་གྲགས་ཅན་མཁས་པ་ཟམ་གདོང་རིན་པོ་ཆེ་དང་དགེ་བཤེས་ཐུབ་བསྟན་སྦྱིན་པ་གཉིས་ཀྱི་Emotionགྱི་སྐད་དོད་དུ་སྤྱད་པའི་སེམས་ཚོར་ཟེར་བ་དང་ཚོར་མྱོང་ཟེར་བའི་ཐ་སྙད་གཉིས་བཀོད་དེ། ནུབ་ཕྱོགས་སེམས་ཁམས་རིག་པའི་གཞུང་ལུགས་ནས་འབྱུང་བའི་ཁྱད་ཆོས་བདུན་ལྡན་གྱི་Emotionཟེར་བའི་དོན་གསལ་བར་སྟོན་བྱེད་ཀྱི་སྐད་དོད་ཅིག་ལ་སེམས་ཚོར་ཟེར་བ་དེ་ཉིད་ལེགས་པའི་རྒྱུ་མཚན་བཤད་ཡོད།
ངས་oxfordདང་cambridge,ཟེར་བའི་ཚིག་མཛོད་དེ་ཚོའི་ནང་Emotionལ་གོ་བ་གང་འདྲ་བརྒྱབས་ཡོད་མེད་བཙལ་ནས་Emotionགྱི་འགྲེལ་བཤད་དང་དེའི་ནང་དོན་མཚོན་བྱེད་ཀྱི་བོད་བརྡ་བཙལ་མེད། ངས་ནུབ་ཕྱོགས་སེམས་ཁམས་རིག་པ་མཁས་ཅན་paul Ekmanལྟ་བུས་འཕེལ་འགྱུར་རིག་པའི་ཤིང་རྟའི་སྲོལ་འབྱེད་ཌར་ཝིན་ལྟ་བུར་ཁུངས་གཏུགས་ཏེ་གཏན་ལ་ཕབ་པའི་སེམས་ཁམས་རིག་པའི་གཞུང་ལུགས་ནང་བྱུང་བའི་emotionགྱི་ནང་དོན་དང་དེ་ཉིད་མཚོན་བྱེད་ཀྱི་བོད་བརྡ་འཚོལ་གྱི་ཡོད། དེ་དང་འབྲེལ་ནས་རྩོམ་ཡིག་བྲིས་ཡོད།
རྣམ་པ་ཚོས་ནུབ་ཕྱོགས་སེམས་ཁམས་རིག་པ་གཞན་དག་གིས་Emotionལ་མཚན་ཉིད་ཇི་འདྲ་འཇོག་གི་ཡོད་མེད་མཁྱེན་མཁན་ཡོད་ན་དེ་དག་གི་ཁུངས་དང་འབྲེལ་ནས་སེམས་ཁམས་རིག་པའི་གཞུང་ལུགས་ནས་འབྱུང་བའི་Emotionཟེར་བའི་དོན་དག་དེ་ཉིད་མཚོན་བྱེད་ཀྱི་བོད་བརྡ་ཞིག་འཚོལ་རོགས། སེམས་ཁམས་རིག་པའི་དཀྱིལ་འཁོར་ནང་emotionལབ་པ་དང་འཇིག་རྟེན་རང་ག་བའི་ཇ་ཁ་ཆང་ཁ་ནས་Emotionལབ་པ་གཉིས་ལ་ཡང་ནང་དོན་གཏིང་ཟབ་ལོས་ཀྱི་ཁྱད་པར་ཡོད་པ་ནི། ཐལ་འགྱུར་བའི་གཞུང་ལུགས་དང་འབྲེལ་བའི་སྐད་ཆའི་ནང་སྟོང་པ་ལབ་པ་དང་འཇིག་རྟེན་ཐ་མལ་པའི་གྲོང་ཚིག་ནང་སྟོང་པ་ལབ་པ་གཉིས་ལ་ཁྱད་པར་ཡོད་པ་དང་ཀུན་ནས་མཚུངས།
བོད་དབུས་གཙང་ཁུལ་གྱི་རྒན་པོ་རྒན་མོ་ཚོས་ཞིང་ཁ་དང་ར་ལུག་བ་ཕྱུག་མཛོ་སོགས་ཀྱི་སྐད་ཆ་ཤོད་སྐབས་སེམས་འགུལ་ཐེབས་ཟེར་བའི་ཐ་སྙད་བེད་སྤྱོད་བྱེད་པའི་རྒྱུ་མཚན་གྱིས་ཐ་སྙད་དེ་emotionགྱི་སྐད་དོད་ལ་སྤྱད་དགོས་གསུངས་པ་ལྟར་ན། བོད་དབུས་གཙང་ཁུལ་གྱི་རྒན་པོ་རྒན་མོ་ཚོས་ཆང་ཐུང་གླུ་གར་ལ་རོལ་དུས་མི་སྐྱིད་མི་བདེ་ཟེར་བ་ལྟ་བུ་སེམས་ཀྱི་མྱོང་ཚོར་མཚོན་བྱེད་ཀྱི་སྐད་བརྡ་གྲངས་མེད་བེད་སྤྱོད་བྱེད་ཀྱིན་ཡོད་པས་སྐད་བརྡ་དེ་དག་ཀྱང་Emotionགྱི་སྐད་དོད་ལ་སྤྱད་རུང་བར་འགྱུར།
མདོར་ན་ངས་Emotionལ་ཁྱད་ཆོས་བདུན་གྲངས་པའི་ནུབ་ཕྱོགས་སེམས་ཁམས་རིག་པའི་བཞེད་ཚུལ་བཀོད་དེ་དེ་ཉིད་ཀྱི་དོན་སྟོན་ནུས་ཀྱི་ཐ་སྙད་ཅིག་ང་ཚོའི་བོད་སྐད་རྒྱུན་སྤྱོད་ཀྱི་གོ་རིམས་ཁྲོད་ནས་ཡོད་པར་འགྱུར་ན་སྙམ་པའི་སྨོན་སེམས་བསྐྱེད་དེ་རྩོམ་ཡིག་དེ་བྲིས་པ་ཡིན།
གོང་དུ་བསྟན་འཛིན་དགེ་ལེགས་ལགས་ཀྱིས། གལ་ཏེ་དབྱིན་སྐད་ལ་ཡོད་པའི་རྒྱུན་སྤྱོད་ཐ་སྙད་ཞིག་བོད་སྐད་ནང་དུ་མེད་ན་ངའི་ཡང་མེས་ཐོན་མི་ཨ་ནུ་ཁོང་བོད་ཆོས་རྒྱལ་གྱི་མཛངས་བློན་མ་ཡིན་པའི་ཁྱབ་པ་དོན་གྱིས་ཁས་བླངས་དགོས་སོ། ཞེས་གསུངས་འདུག ད་ལྟ་ང་ཚོ་རྒྱུ་མཚན་མེད་པའི་གོ་ལོག་གི་ལ་རྒྱ་དང་ཞེན་ཁོག་འདི་འདྲ་བྱེད་པའི་དུས་ཚོད་མ་རེད།
ང་ཚོའི་རྒྱུན་སྤྱོད་ཁྲོད་ཐོན་མི་ཨ་ནུ་འཚོ་བཞུགས་སྐབས་མཐོང་ཐོས་ལྟ་ཞོག་སེམས་ལ་ཡང་འཁོར་མྱོང་མེད་པའི་ཤེས་བྱ་དང་དངོས་པོའི་རྣམ་གྲངས་གཞལ་དུ་མི་སྤྱོད་པ་ཞིག་བྱུང་དང་འབྱུང་བཞིན་ཡོད། ཐོན་མི་ཞལ་བཞུགས་དུས་ཤེས་རིག་འདི་ཚོ་གཞི་གྲུབ་རྒྱུ་ཡིན་ན་ཤེས་རིག་འདི་ཚོ་མཚོན་བྱེད་ཀྱི་སྐད་བརྡ་དེ་བས་ཀྱང་གཞི་གྲུབ་རྒྱུ་ཡིན་པ་སྨྲོས་མི་དགོས་པའི་ཐོག དེང་སང་ཤེས་རིག་འདི་ཚོ་ལོངས་སྤྱོད་བྱེད་པའི་དུས་སྐབས་སུ་ཡང་ང་ཚོའི་སྐད་ཡིག་གི་ཁྱབ་རྒྱའི་ཚད་གཞི་ཇི་ཙམ་ཡིན་པ་ཤེས་ཐུབ་པ་འདིས་གོང་གི་ཚིག་དེ་ཚོར་སྣང་གི་ཚིག་ཙམ་ཞིག་ཡིན་པ་མཐོང་གི་འདུག་སྟབས། ཐོན་མི་ཨ་ནུར་ལར་ཞེན་བྱེད་སྟངས་དེ་འདྲ་རང་ཞིག་མིན་དགོས་པའི་རེ་བ་ཡོད།
ང་ཚོའི་རྒྱུན་སྤྱོད་ཁྲོད་ཀྱི་སྐད་བརྡའི་ནང་དབྱིན་སྐད་ཀྱི་རྒྱུན་སྤྱོད་ཁྲོད་ཀྱི་སྐད་བརྡ་ཡོངས་རྫོགས་ལྟ་ཅི་བརྒྱ་ཆ་༦༠ཙམ་ཡོད་ན་ཡང་དགའ་པོ་ཡོང་ས་རེད། ཕྱི་རྒྱལ་བའི་རྒྱུན་སྤྱོད་ཀྱི་སྐད་ཆ་ཟེར་བ་གནས་ཚད་གང་ཙམ་མཐོན་པོ་ཡིན་པ་འདྲ། ང་ཚོའི་རྒྱུན་གྱི་སྐད་ཆ་ནི་བཟའ་བཏུང་འགྲོ་སྡོད་དགའ་སྐྱོ་ཆགས་སྡང་སོགས་ཀྱི་གནས་སྟངས་ལས་གོང་དུ་འཕགས་ཐུབ་ཀྱི་མེད་པ་རེད། ཁྱད་པར་དེ་ཕྱི་རྒྱལ་དང་རང་ཅག་གི་ཤེས་ཡོན་གནས་ཚད་ལ་ཐུག་གི་ཡོད་པ་རེད།
ཐ་སྙད་ཅིག་གཏན་འབེབས་བྱེད་པར་རྩོད་པ་འདི་འདྲ་རིང་པོ་ཞིག་རྒྱག་དགོས་པ་དང་སོ་སོའི་འདོད་ཚུལ་མ་གཏོགས་དཔེར་མཚོན་འོས་པའི་ཚད་ལྡན་མཁས་པའི་གསུང་ལ་ཡིད་རྟོན་མི་བྱེད་པའི་ལྟ་ཚུལ་མཁྲེགས་པོ་ཞིག་བཟུང་བསྡད་པ་ཡིན་ན། བོད་པའི་སྐད་བརྡ་ནི་ཉིན་བཞིན་ཉམས་པའི་མཐའ་ལ་ཐུག་ངེས། ད་ལྟ་རང་རེའི་ལམ་བུ་ནི་རྒྱུ་མཚན་དང་ཚད་ལྡན་མཁས་པ་ཚོའི་དགོངས་བཞེད་དང་བསྟུན་ནས་འགྲོ་རྒྱུ་དེ་རེད་མ་གཏོགས། ཆོས་རྒྱལ་ཚོའི་དུས་སྐབས་ནང་བཞིན་དབང་ཤུགས་ཀྱིས་གཅིག་གྱུར་བྱེད་པའི་དུས་དང་ཁོར་ཡུག་གཉིས་ཀ་མེད་པ་རེད།
Emotionདང་འབྲེལ་བའི་སྐད་ཆ་འདི་རེ་ཞིག་མཐའ་མ་ཡིན། རྩོམ་པ་པོ་ཁྱེད་དང་གཞན་ཡང་དྲྭ་གྲོགས་མང་པོ་ཞིག་གིས་སྤྱི་སེམས་དང་འབྲེལ་ནས་བསམས་ཚུལ་གང་མང་གསུངས་པར་ཐུགས་རྗེ་ཆེ།
ཚོར་སྣང་ལབ་ན་འགྲིག དེ་ནས་གཞི་ནས་སེམས་ཚོར་དྲག་པོ་ལས་སོགས་ཤུགས་ཆེ་ཆུང་སྤྲོ་ཆོག་གི་རེད།
གང་ལྟར་ཚོར་སྣང་ཟེར་བ་ནི། ལེགས་དང་ཉེས་བཟང་དང་ངན་ཆེ་དང་ཆུང་ལས་སོགས་མང་པོ་ཞིག་གི་སྣེ་མོར་ཡོང་ཆོག མི་འགའ་ཞིག་གིས་སྐད་ཆ་བཤད་དུས་དེ་ཡི་ཉེ་འཁྲིས་ཀྱི་མི་བུ་འགའ་ཞིག་ལྐོག་ལབ་དང་རྣམ་འགྱུར་མི་གསལ་བའི་ཤུགས་ལབ་ལས་སོགས་ཀྱིས་རྟགས་མང་པོ་འདོན་པ་ཡོང། མ་ཟད་འགའ་ཞིག་གིས་ཧབ་སྒྲ་ཆེན་པོས་དགོད་པ་ཡང་ཡོང་སྲིད། དེ་དུས་མི་དེ་ལ་ཁོང་གི་སྐད་ཆ་དེ་ལ་ཚོར་སྣང་དྲག་པོ་ཞིག་བྱུང་བའི་རྟགས་རེད། གཅིག་བྱས་ན་ཁོ་ཡི་སྐད་ཆར་སྣང་བར་མི་འགྲོ་བའི་ཚོར་སྣང་དྲག་པོ་ཞིག་བྱུང་བའི་རྟགས་སྟོན་གྱི་ཡོད་རེད། གཅིག་བྱས་ན་སྣང་བར་བབ་པོ་ཞིག་བྱུང་ནས་དགོད་སྒྲ་བྱུང་བ་རེད། ད་མང་པོ་རྩོད་དགོས་པ་མི་འདུག emotion ཟེར་བ་ཚོར་སྣང་ལ་བསྒྱུར་ན་ལེགས་ཤོས་ཞིག་ཏུ་མཐོང། དེ་ལས་ལྷག་པ་ཞིག་ཏུ་དོན་བསྒྱུར་ཅིག་རྙེད་མི་སྲིད། འདི་ནི་ངས་ང་ཡི་གྲོགས་པོ་ཕྱི་རྒྱལ་བ་མང་པོའི་མཉམ་དུ་དེའི་སྐོར་ལ་སྐད་ཆ་བཤད་པ་ལ་བརྟེན་ནས་ངེས་ཤེས་རྙེད་བྱུང། བྱས་ཙང་emotion ཟེར་བ་དབྱིན་སྐད་ཡིན་ཙང་དེ་ཡི་སྐོར་ནང་དོན་ཇི་ཡིན་ཤེས་རྟོགས་དགོས་ན་ཁོང་ཚོའི་ངག་ལམ་སོགས་ནས་ཐོབ་སྲིད་པ་ལས་བོད་ཀྱི་ཚིག་མཛོད་དང་གཞུང་ལུགས་པོད་ཆེན་ལྔ་དང་སེམས་འབྱུང་ལྔ་བཅུ་རྩ་གཅིག་ལས་སོགས་ལ་དཔྱད་པ་བྱས་ན་ཕན་ཐོགས་གང་ཡང་མེད་དོ།
འཇིགས་མེད་བློ་གྲོས་ལགས་ནས་ལས་སླ་བོ་ཅིག་ཧ་ཅང་གིས་དཀའ་མོ་ཅིག་ཏུ་བསྒྱུར་བཞིན་འདུག སེམས་འགུལ་ཐེབས་ཟེར་བའི་ཚིག་འདི་ཨིན་ཚིག་དེའི་ཚབ་ལ་དེང་སང་བོད་ནང་གི་ལྷ་ས་དང་མཚོ་སྔོན།ཁམས་པའི་བརྙན་འཕྲིན་གང་སར་ས་ཁྱབ་རྡོ་ཁྱབ་རེད་འདུག་ལ།Emotionཟེར་བ་དེའང་བློ་རིག་ཤེས་པ་བཅས་གང་ལའང་དོན་དངོས་སུ་འབྱོར་དཀའ་མོ་རེད།སོ་སོ་ནུབ་ཕྱོགས་ཀྱི་མི་མང་པོར་འགྲོགས་པའི་ཉམས་མྱོང་དམར་རྗེན་དང་ཨིན་སྐད་ཀྱི་རྒྱབ་ལྗོངས་གོམས་གཤིས་ལ་ཅུང་རྒྱུས་ཡོད་པ།ལྷག་པར་ད་བར་ནུབ་ཕྱོགས་སེམས་ཁམས་རིག་པ་བ་དང་སེམས་ཁམས་གསོ་བཅོས་སྐོར་གྱི་དེབ་ཡང་གང་འཚམས་ཀློག་པའི་ཉམས་མྱོང་གཞི་ལ་བཞག་ན།Emotionནི་གང་བྱུང་དུ་དགའ་བ་དཔག་མེད་སྐྱེས་ཏེ་མིག་ཆུ་འཐོར་བ་དང་།དགའ་སྐྱོ་སྨྲེང་གསུམ་འགྲན་བཞིན་དུ་འཕེལ་བ།ཡང་དཔེར་ན་བོད་མི་ཅིག་ཡིན་པའི་ཆ་ནས།རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་བྱས་ཏེ་ཞེ་སྡང་ཁོང་ཁྲོ་དང་བཅས་མིག་ཆུ་འཆོར་བཞིན་པ་ལྟ་བུ།བྱང་ཆུབ་ཀྱི་སེམས་ལ་བསམ་བློ་འཁོར་ཏེ་ངུ་ཤོར་བ་འདྲ་བོ།དེ་ཚོ་ཚང་མ་Emotionཆགས་ཀྱི་ཡོད་པས།སེམས་འགུལ་ཐེབས་ཟེར་བ་དེས་བརྒྱ་ཆ་བརྒྱ་Emotionམཚོན་མི་ཐུབ་ཀྱང་།དེ་ལ་ཐག་ཉེ་བོའི་ཚིག་ཅིག་རེད་གདའ།
འོན་ཀྱང་།ངོས་རང་གིས་ངེས་གསལ་བྱས་ན་སེམས་ཁམས་རིག་པ་བ་paul Ekman་ནས་སྙིང་རྗེ་དང་Emotionགཉིས་ལ་རྒྱབ་བརྟེན་ཚད་མ་ཡོད་མེད་ཀྱི་ཁྱད་པར་ཆེན་པོ་ཡོད་པས།Emotionནི་ཉོན་མོངས་ཀྱི་རིགས་སུ་གཏོགས་པ་ཅིག་ཡིན་པ་གསུངས་འདུག
ཡང་མེས་ཐོན་མི་ཨ་ནུ་ཡོངས་གྲགས་སུ་འཛིན་ཀྱང་། ཁོང་གིས་མཛད་པའི་དཔེ་ཆ་ཚད་ལྡན་ཞིག་རང་ཅག་གི་མིང་སྣང་དུ་མེད། དེ་བས་འདི་ལ་ཐུགས་སྣང་དགོས་ཏེ། བེ་རོན་ཙ་ན་འམ། ཡེ་ཤེས་སྡེ་ཡིས་བསྒྱུར་པའི་བཀའ་བསྟན་དག་ན། སྔོན་རབས་བོད་པ་དང་། ད་ལྟ་ཡང་རང་རེས་བཀོལ་བཞིན་པའི་བོད་ཀྱི་མིང་ཚིག་མང་དུ་ཡོད། སྐྱེས་བུ་དམ་པ་འདི་ཉིད་ལ་སོགས་པ་བོད་སྔ་རབས་པ་དག་གིས་བསྒྱུར་པའི་རྒྱ་གཞུང་ཞིག་ཡིན་ན་ཡང་བརྗོད་བདེ་བ། བོད་སྐད་དུ། གསར་རྩོམ་ལྟ་བུ་ཡོད་པར་མ་ཟད། བཀའ་བསྟན་གི་གཞུང་མང་པོ། རྩ་བའི་ལེགས་སྦྱར་ལས་གོ་བདེ་བ་ལྟ་བུ་བྱུང་ཡོད་པར་གྲགས། དེས་ན། རང་རེས་བོད་ཀྱི་རིག་གཞུང་ད་ལྟ་རང་ལག་ཏུ་ཡོད་པ་དེ་དག་ལུང་སྐད་སོ་སོའོ་ཁ་སྐད་ཀྱིས་འཇོམས་པ་ལ་དོགས་ཟོན་དགོས་པ་མཐོང་ངོ་།
༡༠༽ ལ་དྭགས་བློ་བཟང་འཇམ་དཔལ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༤ གི་ཆུ་ཚོད་ ༡༠ སྐར་མ་ ༥༣
ཡང་མེས་ཐོན་མི་ཨ་ནུ་ཡོངས་གྲགས་སུ་འཛིན་ཀྱང་། ཁོང་གིས་མཛད་པའི་དཔེ་ཆ་ཚད་ལྡན་ཞིག་རང་ཅག་གི་མིང་སྣང་དུ་མེད། དེ་བས་འདི་ལ་ཐུགས་སྣང་དགོས་ཏེ། བེ་རོན་ཙ་ན་འམ། ཡེ་ཤེས་སྡེ་ཡིས་བསྒྱུར་པའི་བཀའ་བསྟན་དག་ན། སྔོན་རབས་བོད་པ་དང་། ད་ལྟ་ཡང་རང་རེས་བཀོལ་བཞིན་པའི་བོད་ཀྱི་མིང་ཚིག་མང་དུ་ཡོད། ་་་་་་ཟེར།
http://blog.amdotibet.cn/ogyenling/archives/90590.aspx
འདི་ལ་ལྟོས་དང་་་་་་་
འདི་ལ་འགྲེལ་སྟངས་ཧ་ཅང་མང་བས། ཞིབ་འགྲེལ་དང་ཞིབ་བསྒྱུར། གཞུང་ལུགས་སོགས་སུ་གཏུགས་འདོད་ཡོད་ན་གཤམ་གྱི་འདིའི་རིགས་ལ་ངེས་པར་དོ་སྣང་མི་དགོས་སམ།
For other uses, see Emotion (disambiguation).
“Emotional” redirects here. For other uses, see Emotional (disambiguation).
Emotions
Affection Anger Angst Anguish Annoyance Anxiety Apathy Arousal Awe Boredom Confidence Contempt Contentment Courage Curiosity Depression Desire Despair Disappointment Disgust Distrust Dread Ecstasy Embarrassment Envy Euphoria Excitement Fear Frustration Gratitude Grief Guilt Happiness Hatred Hope Horror Hostility Hurt Hysteria Indifference Interest Jealousy Joy Loathing Loneliness Love Lust Outrage Panic Passion Pity Pleasure Pride Rage Regret Relief Remorse Sadness Satisfaction Self-confidence Shame Shock Shyness Sorrow Suffering Surprise Terror Trust Wonder Worry Zeal Zest
v t e
This page has some issues
In psychology, philosophy, and their many subsets, emotion is the generic term for subjective, conscious experience that is characterized primarily by psychophysiological expressions, biological reactions, and mental states. Emotion is often associated and considered reciprocally influential with mood, temperament, personality, disposition, and motivation,[citation needed] as well as influenced by hormones and neurotransmitters such as dopamine, noradrenaline, serotonin, oxytocin, cortisol and GABA. Emotion is often the driving force behind motivation, positive or negative.[1] An alternative definition of emotion is a “positive or negative experience that is associated with a particular pattern of physiological activity.”[2]
The physiology of emotion is closely linked to arousal of the nervous system with various states and strengths of arousal relating, apparently, to particular emotions. Although those acting primarily on emotion may seem as if they are not thinking, cognition is an important aspect of emotion, particularly the interpretation of events. For example, the experience of fear usually occurs in response to a threat. The cognition of danger and subsequent arousal of the nervous system (e.g. rapid heartbeat and breathing, sweating, muscle tension) is an integral component to the subsequent interpretation and labeling of that arousal as an emotional state. Emotion is also linked to behavioral tendency.
Research on emotion has increased significantly over the past two decades with many fields contributing including psychology, neuroscience, medicine, history, sociology, and even computer science. The numerous theories that attempt to explain the origin, neurobiology, experience, and function of emotions have only fostered more intense research on this topic. The current research that is being conducted about the concept of emotion involves the development of materials that stimulate and elicit emotion. In addition PET scans and fMRI scans help study the affective processes in the brain.[3]
དེ་འདྲ་ཞིག་ཨེ་ཡིན་ན། སེམས་འགུལ་ཐེབས་ཞེས་པ་འདི་བྱ་ཚིག་དུ་གྲུབ་འདུག ཨིན་ཚིག་གི་emotion དང་emotionally གཉིས་མིང་ཚིག་དང་བྱ་བའི་རྣམ་པ་སྟོན་ཚིག་ཏུ་གྲུབ་པ་མ་ཡིན་ནམ། ཨ་ནུ་བསྟོད་སྟངས་དེ་འདྲ་ཞིག་ཡིན་པར་ཐུགས་བསམ་གནང་དགོས་ས་རེད། emotion གྱི་དོན་དངོས་ཚོར་རླབས་བརྗོད་ན་མ་འགྲིག་པ་མི་འདུག ཡིན་ཡང་བོད་སྐད་དུ་དེ་སྔ་ང་ཚོའི་ཤེས་པས་ཟིན་པའི་ཐ་སྙེད་ཡིན་ནམ་ལབ་ན་མིན། ང་ཚོས་ངར་ལང་བ་དང་རླུང་ལང་བ་སོགས་ཐ་སྙེད་གཅིག་གིས་ཉིས་གོད་བཅད་པ་སོགས་སྐད་ཡིག་ག་གེ་མོ་ལྟར་བཀོད་པ་མང་ནི་རེད། འདི་ཐུན་མོང་གི་གོ་དོན་ཡིན། དེར་བརྟེན་ང་ཚོའི་སྙན་ངག་པའི་ཤེས་པས་ཟིན་པའི་ཐ་སྙེད་རེད། ང་ཚོའི་སྙན་ངག་པས་ཐ་སྙེད་འདི་དང་འདི་འདྲ་བ་ཐུན་མོང་གིས་མ་བཀོལ་བའི་ཐ་སྙད་མང་པོ་བཀོད་དང་འགོད་མུས་རེད།
དེ་འདྲ་ཞིག་ཨེ་ཡིན་ན། སེམས་འགུལ་ཐེབས་ཞེས་པ་འདི་བྱ་ཚིག་དུ་གྲུབ་འདུག ཨིན་ཚིག་གི་emotion དང་emotionally གཉིས་མིང་ཚིག་དང་བྱ་བའི་རྣམ་པ་སྟོན་ཚིག་ཏུ་གྲུབ་པ་མ་ཡིན་ནམ། ཨ་ནུ་བསྟོད་སྟངས་དེ་འདྲ་ཞིག་ཡིན་པར་ཐུགས་བསམ་གནང་དགོས་ས་རེད། emotion གྱི་དོན་དངོས་ཚོར་རླབས་བརྗོད་ན་མ་འགྲིག་པ་མི་འདུག ཡིན་ཡང་བོད་སྐད་དུ་དེ་སྔ་ང་ཚོའི་ཤེས་པས་ཟིན་པའི་ཐ་སྙེད་ཡིན་ནམ་ལབ་ན་མིན། ང་ཚོས་ངར་ལང་བ་དང་རླུང་ལང་བ་སོགས་ཐ་སྙེད་གཅིག་གིས་ཉིས་གོད་བཅད་པ་སོགས་སྐད་ཡིག་ག་གེ་མོ་ལྟར་བཀོད་པ་མང་ནི་རེད། འདི་ཐུན་མོང་གི་གོ་དོན་ཡིན། དེར་བརྟེན་ང་ཚོའི་སྙན་ངག་པའི་ཤེས་པས་ཟིན་པའི་ཐ་སྙེད་རེད། ང་ཚོའི་སྙན་ངག་པས་ཐ་སྙེད་འདི་དང་འདི་འདྲ་བ་ཐུན་མོང་གིས་མ་བཀོལ་བའི་ཐ་སྙད་མང་པོ་བཀོད་དང་འགོད་མུས་རེད། སྙན་ངག་ལ་རིན་ཐང་མ་གནང་བའི་རྟགས་རིམ་བཞིན་མངོན་ཡོང་གི
འདི་འདྲའི་ཐོག་ལ་ང་ལ་ཆུ་ཚོད་མེད། ཚིག་མཛོད་སྒྲིག་མཁན་ཚོས་འདི་འདྲ་ལ་དོ་སྣང་གནངས་ཏེ་གསར་བྱུང་ཐ་སྙེད་རན་པ་སོགས་བསྡུ་འགོད་གནང་བ་གལ་ཆེ། ང་ཚོར་ཤུལ་ལྷག་དཔེ་ཆར་གཞིགས་ན་མེས་པོ་ཨ་ནུའི་ཤེས་པས་ཐ་སྙེད་འདི་ཟིན་མེད། ཐག་བཅད་ནས་བཤད་པ་ཡིན།
ཐ་སྙད་ལ། ཐ་སྙེད། ཅེས་པ་འདི་བཞིན། དིང་སང་བོད་ཀྱི་མིང་ཚིག་མང་པོ་ཁ་སྐད་ཀྱིས་དབང་གིས་འགྱུར་བ་ཞིག་མི་འདུག་གམ།
༡ སེམས་ཚོར། ༢ ཚོར་མྱོང། ༣ སེམས་འགུལ། ༤ ཚོར་འགུལ་དྲག་པོ། ༥ ཚོར་ཤུགས་དྲག་པོ། ༦ ཀུན་རྟོག
༧ སྨྲེང་། ༨ སེམས་ཉམས། ༩ མྱོང་ཚོར། ༡༠ ཚོར་རྣོན། ༡༡ ཚོར་སྐྱེན། ༡༢ སེམས་འགུལ་ཐེབས།
༡༣ ཚོར་འདུ་དྲག་པོ། ༡༤ ཚོར་སྣང་། ༡༥ ཚོར་འདུན།
ཡ་་ང་ཚོས་འོས་གཅིག་འཕེན་དང་། དེས་བོད་མི་ཡོངས་ཀྱི་ཚབ་མཚོན་མི་ཐུབ་རུང་ཤུགས་རྐྱེན་གང་འཚམ་ཐེབས་སྲིད། ང་ནི་སེམས་ཚོར་འོས་པ་ཡིན།
༥ ཚོར་ཤུགས་དྲག་པོ།
སེམས་ཚོར་ནི། སེམས་ཚོར་དང་ལུས་ཚོར་གཉིས་སུ་ཕྱེ་བའི་ཡ་གྱལ་ཙམ་མོ། སེམས་ཚོར་བཏང་སྙོམས་ནི་ཨི་མོ་ཤོན་མིན་པར་ངེས་པས། དེ་བས་ཤུགས་དྲག་ཅེས་པ་ཞིག་ཚིག་འཇུག་ཏུ་ངེས་པར་དགོས་འདུག་སྙམ་མོ། དེ་བས་ཚོར་ཤུགས་དྲག་པོ་འོས་འཕེན་པ་ཡིན་ནོ།། ཆོས་བརྒྱུད་དང་ལུང་འཐེན་ནས་མ་སྡོད་པར། ད་གཞན་པ་ཚོས་ཀྱང་འོས་འཕེན་ཤོག
emotion = ཚོར་ཤུགས་དྲག་པོ།
Emotion, ཞེས་པ་ནི་ཚོར་བ་གང་ཞིག་ལ་འདུ་ཤེས་ཆེན་པོའི་འཛིན་པའམ་བསམ་པའི་ཚོར་བ་ཞིག་རེད། དེས་ན ཚོར་འདུ་དྲག་པོ་ཞེས་པར་ཉེར། ཚོར་འདུ་དྲག་པོ།
༥༤༽ ལ་དྭགས་ངག་དབང་རྒྱ་མཚོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༥ གི་ཆུ་ཚོད་ ༡༤ སྐར་མ་ ༢༨
ནང་དུ་ཞེན་པའི་ཚོར་བ་ཞིག་ལ་emotion ཟེར། e for enter ཞེས་པ་ནང་དང། motion ཞེས་པ་སྐབས་འདིར་ཞེན་པའི་ཚོར་བ་ཞིག་ལ་གོ་དགོས། ནང་དུ་ཞེན་པའི་ཚོར་བ་ནི་དཔེར་ན་ཕན་ཚུན་བརྩེ་བས་གདུང་བ་དང་། འཇིགས་སྣང་གིས་བློ་ཤར་བ་དང་། ཁོང་ཁྲོ་བའི་དུས་སོགས་གང་ལ་ཡང་མི་འདྲ་བའི་ནང་ཞེན་གྱི་ཚོར་བ་ཡོད་སྙམ། ཐུགས་རྗེ་ཆེ། ་་་ཟེར།
སེམས་ཚོར་དང་སེམས་འགུལ་གཉིས་ཀྱི་མ་འགྲིགས་པ་ག་རེ་འདུག་ དོན་དག་མེད་པ་དུས་ཚོད་འཕྲོ་བརླག་མ་གཏོང་
སེམས་དང་ཚོར་བ་ཡོད་པ་ཙམ་སེམས་ཚོར་ཞེས། གོ་གོ་དགོས་པས། གཟུགས་གཟུགས་མེད་ཀྱི་ཁམས་སུ་ཡང་། ཚོར་བ་བཏང་སྙོམས་ཀྱི་སེམས་ཚོར་འབའ་ཞིག་ཙམ་ལས་མེད་པས་དེར་ཡང་ཨི་མོ་ཤོན་ཡོད་པར་ཐལ་ལོ།།
སེམས་འགུལ་ཐེབས་ཞེས་པ་དེ་མྱོང་བས་ཐོག་ནས་གནས་སྟངས་ཤིག་གི་དོན་གོ་བ་ཞིག་ལ་ཟེར་བ་མ་གཏོགས། emotion ནི་གནས་སྟངས་ཤིག་དང་ཕྲད་ནས་དེའི་ཐོག་ལ་གཏིང་ནས་ཡིན་མིན་ཡོད་འདུག་སོགས་ལ་ཞེན་པའི་ཚོར་བ་གནས་སྐབས་པ་ཞིག་ཏུ་ཡིད་སྣང་འབྱུང་། གང་ལྟར་ཡང་ནང་དུ་ཞེན་པའི་ཚོར་བ་ཞིག་ཡིན། སེམས་འགུལ་ཐེབས་ཞེས་པ་ལ་ཡིན་སྐད་དུ་ངས་བལྟ་ན་ understood ཟེར་བ་དེ་དང་མཐུན་འདུག
མཁས་དབང་འཇམ་དཔལ་ལགས་ཀྱི་དོགས་ཟོན་གྱི་དགོངས་འཆར་དེ་ཤིན་ཏུ་ལེགས། ཡིན་ཡང་། ལེགས་ལྗོན་གྱི་རྩ་བ་ནས། སྦྱོར་ཚུལ་ན་མ་ར་ལ་གྱི། །བསྟན་པ་ལྟར་བཀའ་བསྟན་གི་གཞུང་མང་མ་ཡིན་ཞིང་། བཀའ་བསྟན་གྱི་གཞུང་མང་ཞེས་ཨི་ལྡན་གྱི་ཕྲད་ལ་ཐུགས་སྣང་མཛད་དགོས་འདུག
སེམས་འགུལ་ཐེབས་པའི་མིང་དེར་དེ་འདྲ་ཨུ་ཚུགས་གང་ཡི་ནམ། སེམས་སྐུལ་ཐེབས། སེམས་འགུལ་ཐེབས་གཉིས་
ལ་ཁྱད་དེ་ཙམ་འདུག་གམ། སེམས་སྐུལ་ཐེབས་ཟེར་ན་སེམས་ཤུགས་འཕེལ་བ་ཞིག་ལ་ནམ་རྒྱུན་ནས་སྤྱོད་བཞིན་པ་རེད། མི་དེའི་དྲང་བདེན་དང་ལྷག་བསམ་ལ་རྟེན་ནས་ང་ལ་ཧ་ཅང་སེམས་སྐུལ་བཟང་པོ་ཞིག་ཐེབས་བྱུང་ཞེས་པ་ལྟ་བུ་རེད། དེ་ལ་དགའ་སྡུག་གི་སྐད་ཆ་དེ་ཙམ་མི་འདུག རང་ལྟ་མཆོག་འཛིན་མ་ཡིན་པར་ཟུར་གནས་ཐོག་ནས་
གཟིགས་དང་།
ལ་དྭགས་ངག་དབང་རྒྱ་མཚོ་མཆོག་གིས། ཡིག་ནོར་དེ་གཟིགས་པར་དགའ་བ་ཆེ། རྗེས་འཇུག ག་དང་ང་ལ་ གི་ དང་ གིས་ འབྲི་དགོས་པ་བདེན་ནོ།
Emotion= ཚོར་ཤུགས་དྲག་པོ།
སེམས་འགུལ་ཐེབ་པ། = Inspired
Feeling = ཚོར་བ། རེག་ཚོར། མྱོང་ཚོར།
emotion = ཚོར་ཤུགས་དྲག་པོ
sensation = ཤེས་ཚོར། དབར་ཚོར།
ཀརྡོ་གཉེར་ཕྱག་པ་ལ་ཐུགས་རྗེ་ཆེ། རྒྱལ་བའི་ཞབས་བརྟན་རབ་འབྱམས་མ་ལས། བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཞེས་པའི་གདུང་ཤུགས་དྲག་པོ་དེ་emotion གྱི་བྱ་བྲག་ཅིག་ཡིན་ནམ།
ཀརྡོ་གཉེར་ཕྱག་པ་ལ་ཐུགས་རྗེ་ཆེ། རྒྱལ་བའི་ཞབས་བརྟན་རབ་འབྱམས་མ་ལས། བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཞེས་པའི་གདུང་ཤུགས་དྲག་པོ་དེ་emotion གྱི་བྱེ་བྲག་ཅིག་ཡིན་ནམ།
རྒན་ལ་དྭགས་པ་ལགས།
ལགས་རེད། གདུང་ཤུགས་དྲག་པོ། སེམས་ཚོར་དྲག་པོ། བརྩེ་སེམས་དྲག་པོ། འཁོན་སེམས་དྲག་པོ། གསོད་འདོད་དྲག་པོ། གཤེ་འདོད་དྲག་པོ། ཀི་ཤར་འདོན་འདོད་དྲག་པོ་དེ་ཚོ་ཚང་མ་ཨི་མོ་ཤོན་གྱི་ནང་ལ་འདུས་འགྲོ་བ་མིན་ནམ་སྙམ་ལགས།
དིང་སང་གི་རྐང་རྩེད་པོ་ལོ་རྩེད་དུས་སུ་ཐོབ་ཤོར་སྐབས་ལ་མི་མངས་ཀྱིས་སྐད་སྒྲ་མཐོ་པོ་མང་ཆེ་བ་སེམས་ཚོར་དྲག་པོའམ། ཚོར་ཤུགས་དྲག་པོས་རྒྱུ་རྐྱེན་ཞིག་སྔོན་དུ་སོང་བའི་སྒོ་ནས་སྐད་སྒྲ་ཐོན་པར་ངེས་སོ་སྙམ་ལགས།