གྲོལ་ཧེ་རུ་ཀཿ
1-རྩོམ་ཡིག་འདིའི་དབུ། རྩོམ་མཁན་རང་དང་རང་ཉིད་སྡོད་སའི་གནས་ངོ་སྤྲོད་མདོར་སྡུས་ཤིག་ནས་བརྩམ་རྒྱུ་ཡིན། བདག་ནི་བལ་ཡུལ་གྱི་རྒྱལ་ས་ཀཱ་ཐི་མན་ཀྲོས་སུ་རྒྱུན་སྡོད་བྱས་ནས་ལོ་བཅུ་ལྷག་བྱིན་སོང་། དེང་གི་རྒྱལ་ས་ཀཱ་ཐི་མན་ཀྲོས་ནི་སྔོན་ཆད་བོད་སྐད་དུ་བལ་ཡུལ་མཐུལ་ཟེར་བ་དེ་རེད། མི་འབོར་ས་ཡ་ལྔ་ཙམ་ཡོད་པའི་བལ་བོའི་གྲོང་ཁྱེར་ཆེ་ཤོས་དེ་ཡིན། ཆོས་ལུགས་དང་རིག་གནས་སྣ་མང་ཅན། མི་རིགས་སྣ་ཚོགས་ཅན་ཞིག་རེད། སྤྱིའི་ཆ་ནས་རྒྱ་གར་ཨར་ཡན་པའི་རིགས་དང་བོད་ཕྱོགས་ཧི་མ་ལ་ཡའི་རིགས་གཉིས་ལས་མ་འདས། རྒྱལ་ས་འདིའི་ཕྱོགས་བཞི་ནགས་རི་མཐོ་དམན་འབྲིང་ཙམ་གྱིས་ཡོངས་སུ་བསྐོར་ཡོད། གནམ་གཤིས་ཧ་ཅིང་ལེགས། དབྱར་དགུན་གཉིས་ལ་དྲོད་གྲང་གིས་ཁྱད་པར་ཆེན་པོ་མེད། དུས་བཞིར་སྔོ་ལྗང་གིས་གང་སར་ཁྱབ་ཡོད། ཕྱོགས་བཞིའི་ཡུལ་སྐོར་སྤྲོ་འཆམ་པ་དག་ནམ་རྒྱུན་འཚང་ཁ་ཤིག་ཤིག་ཡིན་ནོ།། བདག་ནམ་རྒྱུན་སྡོད་བྱེད་ས་ནི་རྒྱལ་སའི་བྱང་ཤར་གྱི་ཆར་གཏོགས། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འཁྲས་ཤིག་ཡིན། བདག་ལ་ངེས་གཏན་གྱི་བྱ་བཞག་འདི་ཡིན་ཟེར་བ་ཞིག་མེད། དགེ་རྒན་གྱི་ལས་ཞོར་ལ་ཚོང་ལས་ཙག་ཙིག་རེས་རང་ཁ་ལྷོད་ལྷོད་ངང་སོས་ནས་ཡོད། གཞན་དུ་འཇིག་རྟེན་འཁོར་བའི་ཟར་ཟུར་གྱི་སྣང་ཚུལ་ཁེན་ཙ་དག་དཔྱད་བརྗོད་ཀྱི་ཚུལ་གྱིས་ཡི་གེར་ཕབ་རྒྱུར་ཡང་དགའ་བོ་ཡོད་དོ།། བོད་མི་གསར་འབྱོར་བ་ཚོང་ལས་གཉེར་མཁན་ཡིན་མིན་གཉིས་ཀ་མང་ཕྱོགས་ས་གནས་འདིར་སྡོད་ཀྱིན་ཡོད། ཟུར་དུ་ཞུས་པ་རྫོགས་སོ།།
དེ་ལས་མང་བ་། “བལ་བོའི་གཞུང་ལ་གཏོར་བའི་བོད་ཀྱི་སྒོར་མོ་སྣབས་ལུད།” »