ཀླུ་སྨྱོན།
ཚེ་སྲོག་གྲངས་མེད་ཅིག་རྡོ་བ་ལས་སྐྱེས་རྗེས།
འཇིག་རྟེན་འདི་འཁོར་སྐྱོད་བྱེད་མཚམས་བཞག་སོང་།
སྲིན་བུ་མེ་འཁྱེར་རེ་ཟུང་མཚན་མོའི་མེལ་ཚེ་བར་གྱུར་ཅིང་།
དགོན་པའི་མཐོ་སར་ཆགས་པའི་གྲྭ་ཤག་ཅིག་གི་སྒེའུ་ཁུང་ལས།
ཞོགས་པ་སྔ་བོར་སྒྲོན་འོད་ཅིག་དྲ་མར་སྦྱར་བའི་ཤོག་དཀར་སྟེང་འཕྲོས་སོང་།
བླ་མ་དེ་གསོ་རིག་སྨན་པ་ཞིག་མིན་ཡང་།
ཁོང་གི་གཟིམ་ཤག་ཧྲིལ་བོ་དྲི་བཟང་གིས་ཁྱབ་ཡོད།
དགོན་ཆེན་ཚོ་ཡང་མུན་ནག་གི་ཀློང་ཆེན་པོར་སྔུར་བ་འཐེན་བཞིན་གཉིད་དུ་ཡུར།