ཨ་འདུས་པ།
ཧི་མ་ལ་ཡི་གོང་ན།། གློ་བོ་ཆོས་ལྡན་ཞིང་ཡོད།། རྨི་ལམ་ནང་གི་གོམ་སྟབས།། ཡུལ་དེར་ཡང་ཡང་ཤོར་མྱོང་།།
མེས་པོས་བརྩིགས་པའི་ཕ་མཁར།། དགེ་ཀར་གཙུག་ལག་མཇལ་པས།། སྲོང་བཙན་པོའི་སྙིང་སྟོབས།།སྨོན་ཐང་གྲོང་ན་ལུས་ཡོད།།
ས་དེ་ཁ་མདོག་སྐྱ་བས།།ས་སྐྱར་སླེབས་པ་འདྲ་བ།།སྨོན་ཐང་ཐུབ་སྐུ་མཇལ་བས།།གཙང་གི་བྱམས་ཆེན་དྲན་སོང་།།
མཚོ་ཤར་བྲག་ཕུག་ནང་གི། མེས་པོའི་གསུང་རབ་མཇལ་ཚེ།།མེ་ལོང་ནང་གི་བཞིན་རས།། རང་ཉིད་མིན་པ་རྟོགས་བྱུང་།།