སྤྱན་ཆེན་པོ།
འདུ་ཤེས་སྲོས་ལ་གཡེང་བ་ན།།
མགུ་བའི་རྩེ་མོར་ཕྲ་རྒྱན་བཏབ།།
ཏིང་འཛིན་བདེ་བའི་དགའ་མ་ཡང་།།
རེ་ཞིག་དགོང་ཁའི་སྤྲིན་ལ་ཅེར།།
མ་བྲིས་རི་མོ་འགུལ་བ་ན།།
བྲིས་པའི་ཡིད་གདུང་རབ་ཏུ་ལྕི།།
ཏིང་འཛིན་རིག་པའི་རྒྱ་མཚོ།
ཁ་བའི་རྣམ་ཤེས།
ཇི་ལྟར་རྒྱ་མཚོར་གནས་པའི་ཀླུ་ཡི་ཚོགས།།
སྲུང་ཞིང་སྐྱོང་ལ་གཙུག་ན་རིན་ཆེན་གྲགས།།
དེ་ལྟར་བསྟན་འཛིན་ཀུན་གྱི་མགོན་གྱུར་པ།།
༧སྐྱབས་མགོན་བླ་མས་ཁྱོད་ལ་སྲུང་གྱུར་ཅིག།
ཇི་ལྟར་རྒྱ་མཚོ་ཆེ་ལས་ཆུ་འཛིན་དང་།།
དེ་ཡིས་ཆར་འབེབས་ཆར་གྱིས་ལོ་ཏོག་རྒྱས།།
མེ་ཐུར་མེ་མུར།
རླུང་དམར།
ཁྱོད་ཀྱིས་བསམས་ན་སའི་གོ་ལ་ཁྲི་གདན་དུ་བཞག་ཆོག
རྣམ་དཔྱོད་ལྕགས་མེ་རང་དབང་གིས་འཚོས་ཏེ་ཡོད་ན
དེ་ལ ལེ་ལན་དང་ཁག་དཀྲི་རེ་མ་གནོངས
སྐྱོ་བའི་ལུང་པ་མུན་ནག་གིས་ཁྱུད་མིད་ལ་བཏང་མེད
ལག་ཏུ་མདའ་མདུང་ལྟ་བུའི་སྙུ་གུ་རེ་ཐོགས་དང
ཐུ་བྷོད་ཀྱི་དཔའ་མི་གངས་རིའི་མུ་ཁྱུད་ལྟར་ཡིན་དགོས་པས
སྙིང་རྗེས་བཟི་བའི་བཙུན་མ་ཞིག (བོད་ཀྱི་བཙུན་མ་བགྲེས་སོང་ཞིག་གི་སྙིང་རྗེའི་བཞུད་ལམ་གླེང་བ། )
ཨ་འདུས་པས།
སྔར་ལོ་ནི་ལས་འབྲས་མི་བསླུ་བའི་བདེན་པ་མགོ་ཐོག་ཏུ་འཁོར་བའམ། ཡང་ན་འགྲོ་བ་མིས་བྱས་ཉེས་ཀྱིས་རྐྱེན་པས་འཛམ་གླིང་ཧྲིལ་པོ་ནད་ཀྱི་གཡང་སར་ལྷུང་བ་ན། མི་ཕལ་མོ་ཆེ་རང་ཁྱིམ་གྱི་སྒོ་ཐེམ་དང་རྩིག་འདབ་ཙམ་ཡང་བརྒལ་མི་ཕོད་པའི་གནས་སུ་གྱུར། དེ་ལྟ་ནའང་རང་ལས་གཞན་གཅེས་ཀྱི་སྙིང་རྗེས་
བསླུ་འོག
རླུང་དམར།
མེ་ཞགས་ལྟ་བུའི་ཚིག་མདུང་གིས་ཁྱོད་ལ་རྨ་ཚ་འདེབས་ཤིང་བཅིངས་ཏེ
ཟ་འཐེན་གྱི་དཔུང་ཁ་ལྐོག་ནས་བསྒྲིག་ཡོང་ནའང
ཁྱོད་ཀྱི་རང་ཚུགས་དེ་འགལ་ཆག་འཐོར་བཤིག་ལ་མ་གཡུགས
སྔོན་ཆད་ནས་བློ་ཆད་ནང་རུལ་ལ་བུད་སོང་བའི་མི
མི་དེའི་ཁ་དང་ལག་པའི་རི་མོ་ལྕགས་ནག་གིས་བསྡམ་བཀྱིག་ཡོད་ན
ང་ཚོ་སྔར་ནས་མུན་ལུང་ནང་གི་བཙན་མནར་འཐབ་མོ་བ་མིན
ལྷག་པ་དཀར་པོ་ཚང་།
ཆང་སྐྱེས།
ལྷག་པ་དཀར་པོའི་ཚོམས་ར་དྲོད་ཀྱིས་ཁེངས།།
ལྷག་སེམས་དཀར་པོའི་ཚོགས་གཙོ་འཛུམ་གྱིས་ཕྱུག།
ལྷག་དོན་དྲ་གྲོགས་རྣམ་པ་མཐུན་སྒྲིལ་ཆེ།།
ང་ཚོས་མཉམ་དུ་ལྷག་དཀར་ཉིན་མོ་བསུ།།
ལ་སྟོད་འབྲོག་གི་ལུག་ཆུང་འཚོ་རོགས་དང་།།
སྨད་ཕྱོགས་རོང་གི་འབྲུ་དྲུག་སྡུད་གྲོགས་ཚོ།།
འགྱིག་ཤོག་དཀར་པོ་ཞིག་འཕུར་སོང་།
ཁྲོ་གཏུམ།
འཕུར་སོང
འགྱིག་ཤོག་དཀར་པོ་དེ
ལྕགས་ཀྱི་དྲ་ཐག་ནས་བར་ནས་འཕུར་སོང
སྡོང་པོའི་ཡལ་ག་རྒྱུད་དེ་འཕུར་སོང
རླངས་འཁོར་གྱི་འཁོར་ལོའི་བར་ནས་འཕུར་སོང
མི་ཚོགས་ཀྱི་རྐང་བར་ནས་འཕུར་སོང
གང་ལ་འཕུར་རམ
མཐོ་སྒང་གི་མྱི་ཟོག
རྒྱ་སྟོན་བུ་དར་རྒྱས།
མཐོ་སྒང་བོད་ཀྱི་འབྲི་གཡག་ཁྱུ་གཅིག་ལ།།
གཟིག་ཁྲ་ལྟོགས་པས་འཇབ་རྒོལ་བྱས་པས་ན།།
ས་མཐོའི་ནོར་ནག་སྐྱིད་སྡུག་གཅིག་པ་ཡིས།།
སྙིང་སྟོབས་ལ་རྒྱ་ངོམས་ཏེ་དཔུང་གཅིག་སྒྲིལ།།
དགྲ་བོའི་ལག་ནས་རྒྱལ་བའི་མཐོ་སྒང་ཟོག།
མཐོ་སྒང་བོད་པ་ཁྲི་ཚོ་ཁ་ཤས་ལ།།
ཞེ་འདང་སྤྱང་ཀུས་ཁྱེར་ཚུལ།
འདྲེ་གླེན་པ།
མེ་ཏོག
སྙིང་རྗེ་བ་ལ
སྦྲང་མ་མང་པོ་ཤ་ཚ་བ་ལ
ཕྱེ་མ་ལེབ་ཀྱང་འཚང་ཀ་ཆེ་བ་ལ
ཕྱིར་འདང་ཁྲོད
ལྷག་སོང་བ་འདྲ་བའི
དེབ་ཉོས། “ཁེངས་དྲེགས་དང་ཕྱོགས་ལྷུང་”གི་དེབ་ཉོས།
འགྱུར་བརྒྱ་རྩ་བརྒྱད་ཀྱི་དོ་དམ་ཚོགས་ཆུང་ནས།
ཤོག་བུའི་ཤག་སྒྲ་དང་བཅས་སྒྲུང་སྙན་པོ་ཀློག་པ་ལ་འཇུག་ན། ད་ལྟ་ལ་རྩེའི་ལས་འཆར་གྱི་འགྱུར་དེབ་རྣམས་ཉོ་རྒྱུ་འདུག དེབ་ཐོན་གསར་ཤོས་ནི་ ཨ་ཤུལ་ཚེ་རིང་སྐྱིད་ལགས་ཀྱིས་བསྒྱུར་བའི་ “ཁེངས་དྲེགས་དང་ཕྱོགས་ལྷུང་”ཞེས་པའི་དེབ་དེ་རེད། དེབ་ཉོས་པའི་རིན་འབབ་ཀྱིས་དངོས་སུ་ལ་རྩེའི་ལས་འཆར་དང་བརྒྱུད་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་ཐུབ། ཞིབ་གསལ་གྱི་གནས་ཚུལ་ནི་གཤམ་གསལ་ལྟར་རེད། ཨིན་བོད་ཤན་སྦྱར་དུ་བཀོད་འདུག
དེ་ལས་མང་བ་། “དེབ་ཉོས། “ཁེངས་དྲེགས་དང་ཕྱོགས་ལྷུང་”གི་དེབ་ཉོས།” »
ཚེ་རིང་ནད་མེད་བདེ་བར་གནས་ཐབས་ཀྱི་ལུས་སྦྱོང་སྟབས་བདེ་ཕྱོགས་བསྡུས།
སྨན་རམས་པ་བསྟན་འཛིན་མཐའ་ཡས།
༄༅།། ཐུགས་རྗེས་འགྲོ་བའི་དོན་མཛད་བཅོམ་ལྡན་འདས།།
མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སྐྱོབ།།
དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།།
བཻ་ཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ།།
ཞེས་མཆོད་པར་བརྗོད་ནས། བོད་ཀྱི་གསོ་བ་རིག་པའི་སྙིང་པོ་དཔལ་ལྡན་རྒྱུད་བཞི་ལས།
འགྲོ་དྲུག་གཙོ་བོར་གྱུར་པའི་མི་ལུས་ལ།།
དེ་ལས་མང་བ་། “ཚེ་རིང་ནད་མེད་བདེ་བར་གནས་ཐབས་ཀྱི་ལུས་སྦྱོང་སྟབས་བདེ་ཕྱོགས་བསྡུས།” »
མོན་གྷོ་གཞིས་ཆགས་ཀྱིས་ཏོག་དབྱིབས་ནད་ཡམས་སྐབས་གཟེངས་སུ་ཐོན་པའི་ལས་དོན་བསྒྲུབས་པར་རྒྱ་གར་གྱིས་གཟེངས་བསྟོད་ཕྱག་འཁྱེར་གནང་ཡོད་པ།
དོན་འགྲུབ་བཀྲ་ཤིས།
ཉེ་ཆར་ཕྱི་ཟླ་༢ཚེས་༡༨ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ལྦར་རྫོང་ཁོངས་སུ་ཏོག་དབྱིབས་ནད་ཡམས་ལ་མཉམ་རུབ་ཀྱི་གདོང་ལེན་གྱི་ལས་དོན་ལེགས་པོ་བསྒྲུབས་གནང་མཁན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཚུད་པའི་ས་གནས་ཁག་བཞི་ནས་
བུ་མོ་བཀྲ་ཤིས་སྒྲོལ་མ།
ཆང་སྐྱེས།
ཆུ་སྐྱེས་པད་མ་དཀར་པོའི་བཞིན་རས་ལ།།
ཡིད་དུ་འོང་བའི་འཛུམ་མདངས་བཟི་ཁ་ཅན།།
སྲབ་མཐུག་རན་པའི་མཆུ་སྒྲོས་དམར་བོ་དེ།།
སུ་ལ་འབུལ་བའི་ལང་ཚོའི་མཆོད་པ་ཡིན།།
ཕྲག་ལ་དཔྱང་པའི་སྣུམ་ནག་སྐྲ་ལོའི་མདངས།།
ཉི་མའི་འོད་དཀར་ངོགས་ན་ལམ་ལམ་འཕྲོ།།
བརྩེ་མདུད་དམར་པོ།
རླུང་དམར།
རང་དབང་འདི་ཕོ་བྲང་ཞིག་ཡིན་ན
གནམ་དང་སའི་སྙིང་བོའང་ཕོ་བྲང་ཞིག་ཡིན་འོས
ཕོ་བྲང་ནང་ན་མེ་ཏོག་གི་ཚོགས་ཡག་པོ་རེ་བཞད་དེ་འདུག
དེ་དུས མེ་ཏོག་ནང་གི་མེ་ཏོག་དེ
ཁྱོད་ཀྱི་འཛུམ་ཞལ་དང་བརྩེ་བའི་རླབས་རིས་རྒོད་པོ་དེ་ཡིན
བརྩེ་བའི་རང་དབང་འདི་ལ་མི་རྣམས་ཧ་ཅང་དད་པ་ཆེ
བོད་མི་གསུམ་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར།
དོན་འགྲུབ་བཀྲ་ཤིས།
དེ་རིང་འདི་གར་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༡༠ ཙམ་ཞིག་ལ་སྐྱེ་དགུ་མདོ་ཁྲི་འདུ་རྫོང་སྡོམ་མདའ་ཡུལ་ཚོའི་ཉེན་རྟོག་ལས་ཁུངས་གཉིས་མཉམ་འབྲེལ་ཐོག རྫ་རི་དཀར་མོའི་དགོང་ཚོགས་ཟེར་བ་ཞིག་གི་སྐད་འཕྲིན་ཚོགས་གཙོ་ཀན་སྲི་དང་མཐོ་རིམ་སློབ་མ་སངས་རྒྱས་མཚོ། དགྲ་འདུལ་བཅས་བོད་མི་གསུམ་སྡོམ་མདའ་ནས་འཇུ་བཟུང་བྱས་ཏེ་སྐྱེ་དགུ་མདོའི་བཀག་ཉར་ཁང་དུ་བཅུག་ཡོད་པའི་གནས་ཚུལ་
དེ་ལས་མང་བ་། “བོད་མི་གསུམ་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར།” »
ཚོང་པ་རྒན་པོ།
རྔ་བ་ཀུན་བཟང་།
མྱུར་དུ་ལས་ལ་ཆས་རྒྱུ་ནི་འཚོ་བ་གང་ལ་གྲུབ་འབྲས་ཐོབ་པའི་རྐྱེན་ཐོག་མ་དེ་ཡིན་བ་ངས་ནར་སོན་གྱི་ལོ་ཟླའི་ཁྲོད་ནས་གོ་མྱོང་། རྒས་རྒྱུ་མེད་པའི་སེམས་པ་ཞིག་ཡོད་པའང་འཚོ་བ་དེ་དང་དེའི་ཁྲོད་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་རྨི་ལམ་གཉིས་ཀྱིས་མཚོན།
དེ་རིང་ཞོགས་པ་འུར་འུར་ཟང་ཟིང་གི་སྲང་ལམ་ནས་ངས་ཚོང་པ་རྒན་པོ་ཞིག་མཐོང་། དེས་ང་འགྲོ་སའི་ལམ་གྱི་གཡས་ཕྱོགས་ས་ཐོག་ན་ལྷམ་དང་། དོར་མ། སྟོད་ཐུང་། ཞྭ་མོ་སོགས་རས་དཀར་ཆེན་པོ་ཞིག་གི་ཐོག་ལ་རེ་རེ་བཞིན་གཙང་མ་བཟོ་བཞིན་འདུག
ང་ཚོས་མཉམ་དུ་བོད་ཡིག་འབྲི་བཞིན་ལྷག་དཀར་བསུ།
ཆང་སྐྱེས།
ཐུབ་པའི་དབང་པོ་གང་གི་ཐུགས་ཀྱི་སྲས།།
འཛམ་གླིང་སྐྱེ་འགྲོ་མ་ལུས་ཀུན་གྱི་མགོན།།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།།
ཞབས་པད་སྲིད་མཐའི་བར་ཏུ་བརྟན་གྱུར་ཅིག།
འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་མཆོག།
སྟོང་ཕྲག་ཉི་མ་འབར་བའི་གཟི་བྱིན་ཅན།།
དེ་ལས་མང་བ་། “ང་ཚོས་མཉམ་དུ་བོད་ཡིག་འབྲི་བཞིན་ལྷག་དཀར་བསུ།” »
ལས་དབང་།
ཆང་སྐྱེས།
དེ་རིང་ལོ་གསར་ཚེས་པ་གཉིས་རེད
སེམས་པ་འདི་བྱིས་པ་ཆུང་ཆུང་ཞིག་དང་འདྲ་བར
གློ་བུར་ཏུ་སྐྱོ་ལྷང་ལྷང
འཁྱག་སིབ་སིབ
ཕ་ཡུལ་དང་སྤུན་ཟླ་ཚོ
ངའི་དྲན་པའི་ཀློང་རིམ་ན་འཕུར་ཞིང
སེམས་ཀྱི་ཟབ་ས་ནས་འཛུམ
༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཐེ་ཝན་བོད་རིགས་མང་ཚོགས་ལ་བསྩལ་པའི་གསུང་བཤད།
འོས་སྦྱོར་བ། རེ་མདོ་སེངྒེ།
ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༢ ཚེས་ ༡༢ ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་གནང་བའི་ལྕགས་མོ་གླང་ལོའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་རྟེན་འབྲེལ་མཛད་སྒོའི་ཐོག་བསྩལ་པའི་གསུང་བཤད།
༄༅།། བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་མོ་གླང་གི་
དེ་ལས་མང་བ་། “༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཐེ་ཝན་བོད་རིགས་མང་ཚོགས་ལ་བསྩལ་པའི་གསུང་བཤད།” »
( ནད་ཡམས་ཁྲོད་ཀྱི་འཚོ་བ། ) ཞེས་པའི་གཏམ་བརྗོད་བལྟས་རྗེས།
རིགས་ཀྱི་བུ།
དེ་རིང་ནི་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དགུ་ཡིན་པ་དང་། བོད་ཀྱི་ལོ་གསར་མ་སླེབས་གོང་གི་ཉིན་གཉིས་པ་རེད། ཡོངས་གྲགས་སུ་དགུ་ཐུག་ཞེས་འབོད་སྲོལ་ཡོད། བོད་དང་རྒྱ་གར་ཕྱོགས་ལ་དགུ་ཐུག་
དེ་ལས་མང་བ་། “( ནད་ཡམས་ཁྲོད་ཀྱི་འཚོ་བ། ) ཞེས་པའི་གཏམ་བརྗོད་བལྟས་རྗེས།” »