ཆང་སྐྱེས།
མགོ་བོ་དགྱེ་ན་ལྷ་ཡི་བཀའ་ཆད་འཕོག།
རྐང་པ་བསྲིངས་ན་ཀླུ་ཡི་འཛེ་ནད་འབྱུང་།།
མགོ་ནག་མི་ཡི་ལས་དབང་ཟད་པོ་འདི།།
ཆར་ཆུའི་ཁྲོད་ཀྱི་བྱེའུ་ཆུང་རྨས་མ་ཞིག།
སྙིང་གཏམ་བཤད་ན་དགའ་མའི་རྣ་ལ་གཟན།།
བདེན་དོན་བསྒྲུབས་ན་སྡེ་བའི་མྱི་ཁ་འཁོར།།
ཁེར་རྐྱང་མི་ཡི་ཡིད་སེམས་རློན་པ་འདི།།
སུ་ཡི་བྲང་ལ་གླན་ཏེ་གང་ནས་བསྲོ།།