ཀ་བཙན་བླ་མ་སྐྱབས།
ཨ་མདོའི་ཡུལ་ནས་འཁྲུངས་པའི་སྐྱེས་ཆེན་གྱི་དམ་པས།།
ཨ་ཞང་ཚང་གི་སྲིད་སྟེགས་མཐོན་པོ་རྣམས་བཞག་ནས།།
ཨ་རིའི་ཡུལ་དུ་བདེན་པ་ར་སྤྲོད་ལ་ཕེབས་པའི།།
ཨ་ཀྱཱ་ཚང་གི་ཟླ་མེད་སྙིང་སྟོབས་དེ་ངོ་མཚར།།
དགེ་རྒན་བསོད་ནམས་རྒྱལ་ལགས་གླེང་བ།
དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ ཁོ་བོ་ནི་མདོ་སྨད་མང་རྫོང་དུ་ཕ་རྒན་རིག་གནས་པ་ཞིག་དང་མ་རྒན་ཉམས་ལེན་པ་ཞིག་བུར་རིག་གནས་གསར་བརྗེའི་ངར་སྒང་ཞིག་ལ་སྐྱེས་འདུག སྐྱེས་པའི་ཉིན་མོར་འབྲུག་སྒྲ་ལྡིར་ཞིང་ཆར་བབས་རྗེས་རང་ཁྱིམ་གྱི་མཁའ་དབྱིངས་སུ་འཇའ་ཚོན་མཛེས་སྡུག་ལྡན་པ་ཞིག་ཤར་ལུགས་ཕ་མ་གཉིས་ནས་ལོ་བཞི་བཅུའི་རྗེས་སུ་བརྗོད་བྱུང་། དེ་ནི་དབྱར་ཁའི་དུས་ཚིགས་ཀྱི་རང་བཞིན་ཞིག་དང་ཡང་ན་ལྟེས་དབང་ཞིག་ཡིན་པ་བཤད་མ་དགོས། ཨ་ཕ་རིག་གནས་པ་ཞིག་ཡིན་ཡང་ཀ་ཁ་སུམ་ཅུ་ཆེས་ཐོག་མར་ཡིག་ཐོག་ཏུ་བྲིས་ནས་སློབ་མཁན་ནི་ཨ་མ་ཡིན། ཨ་ཕས་རི་མོའི་དེབ་འདྲ་མིན་ཉོས་ཡོང་སྟེ་ལྟ་ཀློག་བྱེད་པར་སྐུལ་མ་བྱེད། ཁོ་བོ་ལོ་བདུན་ཡིན་དུས་སྦྲ་གུར་སློབ་ཆུང་འགྲིམས། རས་གུར་གཅིག་དང་དགེ་རྒན་གཅིག ནག་པང་གཅིག་དང་ས་སྨྱུག་འགའ། སློབ་དེབ་གཅིག་དང་ལྕགས་ཐབ་གཅིག སློབ་མ་ཆུང་ཆུང་བཅུ་གྲངས་ཤིག སྐབས་རེར་ཞོགས་པར་སློབ་ཆུང་དུ་འགྲོ་ལམ་ནས་སྒྱེ་མོ་ཆུང་ཆུང་གི་ནང་ལྕི་བ་གང་འཚམ་རེ་འཐུ་དགོས། དེའི་སྐྱིན་ཚབ་ལྟ་བུར་དགེ་རྒན་གྱིས་ལྕགས་ཐབ་སྟེང་ནོར་ལུག་གི་རྒྱུ་མ་ཚ་བསྲེགས་བྱས་པ་ཏོག་ཙམ་རེ་སྦྱིན་ཡོང་། ལོ་དགུ་ཡིན་དུས་ཀྱི་སྟོན་ཁར་བསིལ་ཆར་ཞིག་གི་ཀློང་དུ་ཕ་རྒན་གྱིས་ཤེལ་ལུང་སློབ་ཆུང་དུ་བསྐྱལ། དེར་ཁང་ཤར་འགའ་དང་དགེ་རྒན་བདུན་བརྒྱད་ཅིག…
བཅའ་ཁྲིམས་དོན་ཚན་བཞི་ཅུ་ཞེ་དགུའི་ནང་གསེས་གཉིས་པ་དེ་འགྱིག་བྱི་རིལ་ནང་བཞིན་ག་པར་འཐེན་འཐེན་ཨ་ཡིན་ན།
གཞུང་པ་ཚེ་དབང་བསོད་ནམས། ཝ་ར་ཎ་སིའི་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་ནས་ ༢༠༢༣/༡༢/༢༢ ཉིན་སྤེལ། ༢༠༢༣/༡༢/༢༡ ཉིན་ཚོགས་དྲུང་ཡིག་ཚང་གི་གསལ་བསྒྲགས་སྤེལ་བའི་ནང་། སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་འཇུག་སྐྱོང་བྱ་རྒྱུའི་སྐོར་ཚོགས་བརྡ་སྔོན་དུ་སོང་བ་ ༢༠༢༣/༡༢/༢༥ ནས་ཉིན་གྲངས་ལྔ་ཚོགས་རྒྱུ་དེ་དག་བཅའ་ཁྲིམས་དོན་ཚན་བཞི་ཅུ་ཞེ་དགུའི་ནང་གསེས་གཉིས་པའི་འོག སླར་ཡང་ཕར་འགྱངས་གནང་འདུག་པ་ཕར་འགྱངས་གནང་དགོས་པའི་རྒྱུ་ཚན་ནི། སྤྱི་འཐུས་བཅུ་དྲུག་ནས་དགོངས་ཤོག་འབྱོར་བར་གཞི་ལ་བཞག་པ་ནི་རྒྱུ་མཚན་ཡང་དག་ཅང་མ་མཐོང་ན་དགོངས་པ་གཏོང་མི་གཏོང་དེ་ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས་ཀྱིས་ཕྱག་ཏུ་ཡོད་པ་ལས། དགོངས་ཤོག་ཕུལ་བ་ཙམ་གྱིས་དགོངས་པ་ཁྲོལ་བར་ངོས་འཛིན་གནང་ན་ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས་ཀྱིས་ལས་འགན་མ་འགྲུབ་པ་མ་རེད་དམ། རྗེས་ལོ་ ༢༠༢༤ སྤྱི་ཟླ་…
གཡག་རྒྱ་སོ་རྒྱང་གི་ཆུང་མ།
རྔ་བ་ཀུན་བཟང་། ངའི་མིང་ལ་གཡག་རྒྱ་ཟེར།མི་ཚང་མས་ང་ལ་གཡག་རྒྱ་སོ་རྒྱང་ཞེས་འབོད། རྒྱུ་མཚན་ང་ཧ་ཅང་མི་མདོག་ཉེས་ཞིག་ཡིན་པ་མ་ཟད། དེའི་སྒང་ལ་ཁ་ནང་གི་སོ་ཡང་མི་གཞན་དང་མི་འདྲ་བར་ཁ་ཕྱི་ལ་རྒྱང་ཡོད། འོན་ཀྱང་། ལས་དབང་ཞིག་གིས་ང་ལ་ཆུང་མ་ལྷ་མོ་འདྲ་ཞིག་ཡོད། མོའི་མིང་ལ་རོག་འཛི་མ་ཟེར། མིང་འདི་ང་རང་ཉིད་ཀྱིས་བཏགས་པའི་གཅེས་མིང་ཡིན། སྡེ་བའི་ནང་གི་’ནག་ཐོལ’་དང་’ཀོས་རིལ’་སོགས་ཀྱིས་ངའི་ཆུང་མའི་ཆེད་ལ་ཁེར་འདོགས་བྱེད་པ་མ་ཟད། དེང་སང་གཡག་ཀོས་རིལ་མང་པོ་ལག་འདོགས་དང་སྐེ་འདོགས་བྱེད་པའི་དུས་ལ་སླེབས།། གནས་ཚུལ་འདི་དེང་སྐབས་སྡེ་བ་ཡོངས་ལ་ཁྱབ་པས། ད་ཆ་ངའི་ཞི་ལུ་ཆེ་བ་གྭ་ནག་དང་། ཆུང་བ་དུང་མགོ། ཞི་མོ་ཁམ་དཀར་མ་གསུམ་པོས་རྟ་བདུན་དབང་པོ་ནུབ་ཕྱོགས་ལ་མ་འགྲོ་བར། ཨ་མའི་གཡས་གཡོན་ནས་སྐོར་ནས་རྟ་ནོར་ལུག་ཁྱུའི་ཚོགས་ཀྱིས་འབའ་སྐད་དང་འུར་སྐད་ལ་ཉན་ཁོམ་མེད་པར་གྱུར།།…
སྨན་རྩིས་མཐོ་སློབ་དགེ་རྒན་བསྟན་པ་ཆོས་འཕེལ་མཆོག་གི་སྐུའི་འཕེན་པ་རྫོགས་པ་ལ་མྱ་ངན་ཞུ།
ཧོར་གཙང་འཇིགས་མེད།
གངས་རིའི་ཞིང་ལ་བརྩེ་བའི་སྙིང་ཉེ་བ། ། དུང་གི་མདོག་ཅན་འཕགས་མཆོག་སྙིང་རྗེའི་ལྷ། །
ལས་ཉོན་ཤུགས་ཀྱིས་འཕངས་པའི་བར་སྲིད་པ། ། དཀར་འོད་ལམ་དུ་འདྲེན་པའི་དུས་ལ་བབ། །
དགོས་པའི་དངོས་པོ་ལག་པས་མི་ཟིན་ཅིང་། ། མི་འདོད་ཆག་སྒོས་ཐར་བར་མི་གཏོང་བ། །
མི་ཡི་ལུས་འདི་གདུང་བའི་འབེན་ཡིན་ཏེ། ། སེམས་ཀྱི་འོད་འདི་ཐར་བའི་ལམ་དུ་གྲགས། །
དེ་ལས་མང་བ་། “སྨན་རྩིས་མཐོ་སློབ་དགེ་རྒན་བསྟན་པ་ཆོས་འཕེལ་མཆོག་གི་སྐུའི་འཕེན་པ་རྫོགས་པ་ལ་མྱ་ངན་ཞུ།” »
སྤྱི་ཚོགས་དྲ་རྒྱའི་དུས་རབས་ལ་འགན་འཁུར་ནས་བཙན་བྱོལ་སྤྱི་ཚོགས་ནམ་ཡང་དཀྲུགས་མི་ཉན།
གཞུང་པ་ཚེ་དབང་བསོད་ནམས། དེ་སྔོན་ལག་ཁྱེར་སྐད་འཕྲིན་མེད་པའི་དུས་སྐབས་སུ་བཙན་བྱོལ་སྤྱི་ཚོགས་ནང་ལབ་རྒྱུ་དང་གླེང་རྒྱུ། ཤོད་རྒྱུ་དང་གཏམ་རྒྱུ། ཁྱོད་དང་ང་། རྟ་དང་བང་། ཟེར་བ་སོགས་གང་ཡང་མེད་པ་ཞི་བདེ་ལྷིང་ཆགས་ངང་སོ་སོའི་འཚོ་བའི་ལས་དོན་ཁག་ལ་འགན་འཁུར་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་བྱས་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནས་བསྐུར་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཁག་སྒྲུབ་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མི་མང་བཅས་ཚང་མ་འཆམ་མཐུན་ངང་འཚོ་བཞིན་པའི་དུས་སྐབས་ནས་ལག་ཁྱེར་སྐད་འཕྲིན་གྱིས་དུས་རབས་ཤར་བ་ནས་མི་ཚང་མ་སྤྱི་ཚོགས་དྲ་རྒྱའི་དུས་རབས་ལ་དབྱིངས་ཞུགས་ནས་རྒྱལ་སྤྱིའི་དྲ་རྒྱའི་རིན་ཐང་དང་བེད་སྤྱོད་བྱེད་སྟངས་ཇི་ཡིན་མ་ཤེས་ནས་དྲ་རྒྱ་བེད་སྤྱོད་ལོག་ལམ་ལ་འཁྲིད་ནས་ཕྱོགས་གཏོགས་ཆབ་སྲིད་ལ་འགན་འཁུར་ནས་མཐུན་པ་མ་མཐུན་པ་བཟོ་རྒྱུ་དང་། འགྲིག་པ་མ་འགྲིག་པ་བཟོ་རྒྱུ། བདེན་པ་རྫུན་མ་བཟོ་རྒྱུ། རྫུན་པ་བདེན་པ་བཟོ་རྒྱུ། དཀར་པོ་ནག་པོ་བཟོ་རྒྱུ། ནག་པོ་དཀར་པོ་བཟོ་རྒྱུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཐོ་རིམ་མི་སྣ་ཁག་ལ་ཁྱད་གསོད་དང་། ཟུར་ཟ་སྐྱོན་འཛུགས། ཉེས་མེད་ཉེས་འདོགས། དེ་སྔོན་བཙན་བྱོལ་སྤྱི་ཚོགས་ནང་མི་ཚེ་ཧྲིལ་པོ་སྡུག་དཀའ་ལས་རྒྱག་མཁན་གྱི་གཞུང་ཞབས་བྱས་རྗེས་ཅན་ཟུར་པ་རྣམས་ལ་མ་ཉེས་ཁ་གཡོགས་ཀྱིས་སྐྱོན་འཛུགས་བྱ་རྒྱུ་སོགས་བཙན་བྱོལ་སྒྲིག་འཛུགས་ཉམས་ཆག་གཏོང་ཐབས་དང་།…
དེ་ལས་མང་བ་། “སྤྱི་ཚོགས་དྲ་རྒྱའི་དུས་རབས་ལ་འགན་འཁུར་ནས་བཙན་བྱོལ་སྤྱི་ཚོགས་ནམ་ཡང་དཀྲུགས་མི་ཉན།” »
ཆོས་གཟུགས་རྣམས་ཀྱི་སྤྱོད་ལམ་གྱིས་མང་ཚོགས་ཀྱི་དད་སེམས་རླུང་ལ་སྤུར་བའི་ལོ་ཟླའི་ཁྲོད་བཟོད་སྒོམ་མ་ཐུབ་པར་ཤོར་བའི་བོད་ཀྱི་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་ཁག་དང་བསྟན་པ་ལ་འགན་ཡོད་པའི་ལས་སྣེ་ཚོར་དྲི་བ་༢༧།
ཨོ་གླིང་ནས་བློ་བཟང་། དེང་སྐབས་སུ་དགེ་འདུན་པའི་སྡེས་ཁྱིམ་པ་སུན་འབྱིན་ཀྱི་ལས་གསོག་ན་འགྲིག་པའི་དུས་སྐབས་ཞིག་ལ་གཟིགས་སམ། ཆོས་བརྒྱུད་སྤྱི་འཐུས་ཀྱི་བྱ་སྤྱོད་ཀྱིས་མང་ཚོགས་ཁྲོད་སེར་མོའི་སྤྱི་ཚོགས་ལ་ལོ་རེ་ནས་ལོ་རེར་སྡང་སེམས་ཇེ་ཆེར་འགྲོ་བཞིན་པ་ཐབས་ཤེས་གང་ཡོད་ཀྱིས་འགོག་མི་དགོས་སམ། སྤྱི་ཚོགས་ནང་གླང་དམར་གྱི་མཚན་གནས་བཞེས་པའི་མཁན་སློབ་དང་དགེ་བཤེས་མིང་འཛིན་པ་དེ་ཚོས་དགེ་འདུན་ཀྱི་སྡེའི་མཚན་ཞབས་འདྲེན་པ་མ་གཟིགས་སམ། དགེ་འདུན་པའི་ནང་ལ་བསྟན་པའི་ཞབས་འདྲེན་པའི་ཆབ་སྲིད་པ་སླེབས་སྐབས་མ་གོ་མ་ཐོས་པའི་བརྟུལ་ཞུགས་དེ་ཚོ་འོས་འཚམས་ཞིག་ཡིན་ནམ། ༸གོང་ས་མཆོག་གིས་རྒྱུན་ལྡན་གསུངས་དོན། མར་མེ་རླུང་གི་བསད་ན་འཛུམ་ཤུགས། ལྷ་ཁང་མེས་ཚིག་ན་འཛུམ་ཤུགས། ཟེར་བའི་དཔེ་ལྟར་འགྲོ་ན་འགྲིག་གི་མ་རེད་ཞེས་ཞལ་གདམས་གནང་བ་མི་དྲན་ནམ། ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཀྱི་བྱ་སྤྱོད་ཀྱིས་མང་ཚོགས་ཀྱི་དད་སེམས་ལ་དོ་ཕོག་འགྲོ་གི་ཡོད་ཚུལ་གྱི་གཏམ་གླེང་ལ་ཞིབ་འཇུག་ཞིག་ཀྱང་བྱ་འདོད་མེད་དམ། བོད་བརྒྱུད་ནང་བསྟན་གྱི་མཁན་པོ་དང་དགེ་བཤེས་ཀྱི་མཚན་སྙན་ལ་དོ་ཕོག་འགྲོ་བཞིན་པ་འདི་ལ་ཕངས་སེམས་ཞིག་ཀྱང་མེད་དམ། ཆོས་བརྒྱུད་ཀྱི་སྤྱི་འཐུས་རྣམས་ཀྱིས་གྲོས་ཚོགས་ནང་གཏམ་གླེང་ཅི་འདྲ་གནང་གི་ཡོད་པ་ཅུང་ཙམ་ཡང་མི་མཁྱེན་ནམ། ཆོས་བརྒྱུད་སྤྱི་འཐུས་ཚོས་གྲོས་ཚོགས་དང་མང་ཚོགས་ནང་གཏམ་གླེང་གནང་སྐབས་སུ་སྡང་སེམས་དང་འཐེན་འཁྱེར་གྱི་དབང་གིས་སྐད་ཤུགས་ཆེ་ལ། བཞིན་སྡུག་པའི་བྱ་སྤྱོད་དེ་ཚོས་སེར་མོ་བའི་སྤྱི་ཚོགས་ཀྱི་མཚན་སྙན་དོང་ཞབས་སུ་གཡུག་མི་འདུག་གམ། ཆོས་བརྒྱུད་ཀྱི་སྤྱི་འཐུས་ཚོས་མི་གཅིག་རྒྱབ་ལ་དཔུང་བསྒྲིགས་ཀྱིས་ཕྱོགས་རིས་འཐེན་འཁྱེར་གནང་བ་མ་གཟིགས་སམ།…
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མང་གཙོའི་ཀ་བ་གསུམ་གྱིས་འགན་འཁུར་སྐོར་ལ་དཔྱད་པའི་གཏམ།
གཞུང་པ་ཚེ་དབང་བསོད་ནམས། སྤྱི་ལོ་ ༡༩༦༠ སྤྱི་ཟླ་ ༩ པའི་ཚེས་ ༢ ཉིན་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོ་དབུ་བརྙེས་ནས་སྤྱི་འཐུས་སྐབས་དང་པོ་ནས་སྐབས་བཅུ་པ་བར་མང་གཙོ་སྤྱིའི་ལམ་ལུགས་དང་མཐུན་པའི་འཛིན་སྐྱོང་སྡེ་ཚན། ༼ Executive ༽ དང་། ཁྲིམས་བཟོའི་སྡེ་ཚན། ༼ Legislature…
དེ་ལས་མང་བ་། “བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མང་གཙོའི་ཀ་བ་གསུམ་གྱིས་འགན་འཁུར་སྐོར་ལ་དཔྱད་པའི་གཏམ།” »
དྲ་ལམ་ཐོལ་རྩོམ།
ཨ། ༡༽ ལུང་དང་རིགས་པའི་བང་མཛོད།། ཆོས་རའི་ནང་གི་ངྷཱིཿསྐད།། ཕྱོགས་བཏུས་གླེགས་བམ་ཆེན་མོ།། རྣམ་མང་བཞད་པའི་ཉིན་དགེ།། རྒྱལ་བའི་བཀའ་ཡི་དབང་མཐོ།། རྒྱ་བོད་མཁས་པའི་མཆིད་ཟབ།། རྒྱུན་ཆད་མེད་པར་སྒྲོག་པ།། ཆོས་རའི་ནང་གི་ངྷཱིཿསྐད།། ལྷ་མིའི་སྟོན་པས་བསྔགས་ཤིང་།། ལུང་རིགས་སྨྲ་བའི་ཡིད་མགུ།། ཆོས་རའི་ནང་གི་ངྷཱིཿསྐད།། པོད་ལྔའི་དུས་དེབ་ཐོག་མ།། ཆོས་རའི་ནང་གི་ངྷཱིཿསྐད།།…
གནས་སྐོར།
ཆབ་མདོ་ངག་དབང་ཕུན་ཚོགས། སྔོན་གླེང་ཐུང་། གནས་མཆོག་ཁྱད་དུ་འཕགས་པ་གར་ཞ་འཕགས་པའི་ཡུལ་དུ་གནས་སྐོར་ཕྱིན་པ་དང་འབྲེལ་བའི་སྐོར་ལ་བཤད་ཡོད་ཅིང་། གལ་སྲིད་རྣམ་པ་ཚོ་གནས་སྐོར་ཕེབས་དུས་གནས་དེ་དག་གི་ལོ་རྒྱུས་ཕྲན་བུ་ཤེས་ཚེ་གནས་སྐོར་གནང་དུས་སེམས་ནང་དུ་ཕན་ཐོགས་ཆེ་བ་ཡོང་ངེས་སྙམ་སྟེ། ང་རང་གི་གནས་ཡིག་ཁག་ལ་གཞི་རྩར་བཟུང་སྟེ་འདི་ཉིད་ཕྱོགས་བསྒྲིགས་བྱས་ཡོད་པ་དང། གལ་སྲིད་རྣམ་པ་ཚོས་འདི་ཉིད་ཐེངས་གཅིག་ཀློག་ན་ཕན་ལས་གནོད་པ་གང་ཡང་མེད། ལྷག་པར་སློབ་དཔོན་ཟམ་གདོང་རིན་པོ་ཆེས། “གནས་ཆེན་ཁག་ཏུ་འགྲོ་རྒྱུ་དང་། འགྲོ་སྟངས་ཀྱང་ཤེས་རིག་ལྟ་སྐོར་ཡིན་པ་ལ་སློབ་གཉེར་བ་མང་ཆེ་བ་ནང་པ་ཡིན་ཙང་གནས་མཇལ་དང་སྦྲགས་ནས་འགྲོ་རྒྱུ་བྱུང་ན་གཅིག་གོ་གཉིས་ཆོད་ཆགས་རྒྱུ་རེད་ཅེས་བཀའ་མོལ་བྱུང་བ་རེད། ལར་ནས་བོད་པས་གནས་མཇལ་དུ་མང་པོ་བསྐྱོད་ཀྱང་དེའི་དོན་གྱི་ཐོག་ལ་བསམ་བློ་གཏོང་མཁན་དཀོན་པོ་རེད་ལ། བར་ལམ་གནས་མཇལ་ཞེས་པ་དེ་གང་ཡིན་སྐོར་ལ་ཕལ་ཆེར་བགྲོ་གླེང་བྱེད་མཁན་ཙམ་ཡང་མེད་པར། ཚང་མས་ཡིན་ཤག་གིས་འགྲོ་བསྡད་པ་མ་གཏོགས།” ཞེས་དང་། ཡང་ཁོང་གིས་གསུང་དོན་ལས། “གནས་མཇལ་དུ་འགྲོ་བའི་དགོས་པ་དང་དེའི་ཕན་ཡོན།…
༄༄ བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་དཔྱད་པའི་གཏམ།
གཞུང་པ་ཚེ་དབང་བསོད་ནམས། མངའ་དབང་ཡོད་པའི་རྒྱལ་ཁབ། ༼ Sovereignty Power ༽ ཡོད་པའི་ལུང་པའི་རྩ་ཁྲིམས། ༼ Constitution ༽ ལ་བསྐྱར་བཅོས་གནང་རྒྱུ་དེ་ཧ་ཅང་གི་དཀའ་ཚེགས་ཆེ་ལ་གཟི་བརྗིད་ཆེ་་བའི་གྲོས་ཚོགས་འཐུས་མིའི་ལས་འགན་ཆེ་ཤོས་དེ་བརྩི་བཞིན་པ་ནི་རྩ་ཁྲིམས་ནི་རྒྱལ་ཁབ་དང་མི་མང་གི་བླ་གནས་ས་དེ་ཡིན་པ་ནས་ཕྲུ་གུའི་རྩེད་ཆས་ནང་བཞིན་རང་སྣང་གང་དྲན་བྱས་ནས་གྲོས་ཚོགས་འཐུས་མིའི་རང་འཚམ་བསྐྱར་བཅོས་བྱ་རྒྱུ་ཞིག་མིན་པ་དང་། གཞི་རིམ་མི་མང་གི་བསམ་ཚུལ་དང་མངོན་འདོད་གཞི་ལ་བཞག་ནས་རྩ་ཁྲིམས་ལ་བསྐྱར་བཅོས་གནང་རྒྱུའི་དོན་ཚན་ཁག་བསྐྱར་བཅོས་མ་གནང་སྔོན་ཁྲིམས་ལུགས་རིག་པའི་ཆེད་ལས་མི་སྣ། ༼ Legal Expert…
དེ་ལས་མང་བ་། “༄༄ བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་དཔྱད་པའི་གཏམ།” »
བོད་ཀྱི་ཞིང་འབྲོག་གིས་འཚོ་བ་ལ་དཔྱད་པའི་གཏམ།
གཞུང་པ་ཚེ་དབང་བསོད་ནམས། ཆེས་སྔ་བའི་དུས་སུ་བོད་ཀྱི་ས་ཆ་ཡོངས་རྫོགས་རྒྱ་མཚོ་ཡིན་པ་དང་། རིམ་གྱིས་རྒྱ་མཚོའི་ཆུ་ས་འོག་ལ་ཐིམ་ནས་སྐམ་སར་རྒྱུར་ནས་མི་གི་འགྲོ་བ་འཕེལ་བའི་བརྒྱུད་རིམ་ནས་ཕ་སྤྲེའུ་བྱང་ཆུབ་སེམས་པ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དང་། མ་བྲག་སྲིན་མོ་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་གཉིས་འདུས་པ་ལས་སྤྲེ་ཕྲུག་མི་འདྲ་བ་དྲུག་སྐྱེས་ནས་བོད་དུ་མི་གི་འགྲོ་བ་དེ་ནས་འཕེལ་ནས་དང་པོ་འབྲོག་གི་རྣམ་པ་ནས་རིམ་གྱིས་ཡར་རྒྱས་ལ་ཁ་ཕྱོགས་ནས་བཟའ་ཚང་མཉམ་འདུས་ཀྱིས་བུ་ཕྲུག་སྐྱེ་འཕེལ་བརྒྱུད་ནས་མི་འབོར་མང་དུ་ཕྱིན་ནས་མི་མང་མཉམ་འདུས་ཀྱི་འཚོ་རྟེན་ལ་ས་ཞིང་འདེབས་ལས་བྱེད་མཁན་ལ་ཞིང་པ་ཟེར་བའི་ཐ་སྙད་དེ་དར་བ་དང་། དུད་འགྲོ་སེམས་ཅན་གསོ་ཉར་བྱེད་མཁན་ལ་འབྲོག་པ་ཟེར་བའི་ཐ་སྙད་དེ་དར་བ་དང་། ཞིང་པ་ཚོ་ས་ཆ་གཅིག་ཏུ་གཞིས་ཆགས་ནས་སྡོད་ས་ཁང་པ་རྒྱབ་ནས་འཚོ་བའི་རྟེན་གཞི་སོ་ནམ་ཞིང་ལས་དང་སྒོ་ཕྱུགས་སེམས་ཅན་མཛོ་དང་། བ་ཕྱུགས། རྟ། གཡག་སོགས་ཉར་ནས་མཛོ་དང་བ་ཕྱུགས་བཏང་ནས་ས་ཞིང་རྨོས་རྒྱབ་ནས་འབྲུ་དང་ནས་སོགས་བཏབ་ནས་སོ་ནམ་ལས་གཞིའི་འཚོ་བ་སྐྱེལ་བཞིན་པ་དང་། འབྲོག་པ་ཚོ་དུད་འགྲོ་སེམས་ཅན་འབྲི་གཡག་དང་། ར་ལུག རྟ་སོགས་གསོ་སྐྱོང་འོག་ཁྱིམ་ཚང་གི་འཚོ་བ་ལ་འགན་སྲུང་བྱས་ནས་ས་ཆ་གཅིག་ཏུ་མ་བསྡད་པར་རྩ་ཆུ་འཛོམས་ས་ལ་གཞིས་སྤོས་ནས་ཁང་པ་མེད་པ་གུར་ནང་མི་ཚེ་སྐྱེལ་བཞིན་པ་དང་། འབྲོག་པའི་སྡོད་གུར་ལ་རིགས་གཉིས་ཡོད་པ་གཡག་གི་སྤུ་རྩིད་པ་ལ་བཟོས་པའི་སྦྲ་གུར་ནག་པོ་ལ་འབའ་ཟེར་བ་དང་། ཕར་ཚུར་ཁྱེར་བདེའི་ཆེད་རས་གུར་དཀར་པོ་ལ་མཐའ་རྒྱན་དང་གུར་གྱི་དཀྱིལ་ལ་རི་མོ་འཁོར་ལོ་སོགས་འབྲི་སྲོལ་ཡོད་པ་དང་། འབྲོག་པའི་ཕ་རྒན་ཚོ་འཛོམས་ནས་དབྱར་ས་དང་དགུན་ས་རྒྱན་རྒྱག་གི་ལམ་ནས་སོ་སོར་ཐོབ་པའི་ས་ཆའི་སྟེང་དུད་འགྲོ་སེམས་ཅན་འཚོ་དགོས་པ་ལས་མི་གཞན་གྱི་ས་ཆའི་སྟེང་དུད་འགྲོ་འཚོ་མི་ཉན་པ་དང་།…
དེ་ལས་མང་བ་། “བོད་ཀྱི་ཞིང་འབྲོག་གིས་འཚོ་བ་ལ་དཔྱད་པའི་གཏམ།” »
གཞུང་ཟེར་བའི་ཐ་སྙད་ལ་དཔྱད་པའི་གཏམ།
གཞུང་པ་ཚེ་དབང་བསོད་ནམས། དེ་སྔ་རྒྱལ་པོའི་དུས་རབས་སྐབས་གཞུང་ཟེར་བའི་ཐ་སྙད་ ༼ Government ༽ དེ་མེད་པ་རྒྱལ་པོའི་རིང་ལུགས་ ༼ Monarchy System ༽ ཡང་ན་རྒྱལ་པོའི་དུས་རབས་ ༼ Monarchy’s Period ༽…
བཙན་བྱོལ་བོད་མིའི་མང་གཙོ་དང་མི་མང་གི་འགན་འཁུར་ལ་དཔྱད་པའི་གཏམ།
གཞུང་པ་ཚེ་དབང་བསོད་ནམས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧ སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དུས་གསུམ་གསལ་གཟིགས་འོག་ནས་མ་འོངས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་མང་གཙོའི་ལམ་ལུགས་ལ་ཁ་བསྒྱུར་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱས་ནས་བཅའ་ཁྲིམས་ཀྱིས་ལམ་སྟོན་འོག་བཀོད་སྒྲིག་གནང་བའི་ཁྲིམས་བཟོའི་སྡེ་ཚན། ༼ Legislature ༽ དང་། འཛིན་སྐྱོང་སྡེ་ཚན། ༼ Executive ༽ དང་། ཁྲིམས་ལུགས་དབང་འཛིན་སྡེ་ཚན། ༼…
དེ་ལས་མང་བ་། “བཙན་བྱོལ་བོད་མིའི་མང་གཙོ་དང་མི་མང་གི་འགན་འཁུར་ལ་དཔྱད་པའི་གཏམ།” »
སེམས་པ་གཤིབ་རྗེས།
…… ལ་དྭགས་ཀྱི་བུ་མོ་ཞིག་ལ་བྲིས་པ། གངསཿདུར་ཁྲོད། སྐོར་བ་ལན་གསུམ་རྒྱག་རྒྱུའི།། དམ་བཅའ་སེམས་ནས་བཞག་ཀྱང་།། སྐོར་ལ་ལན་གཉིས་བསྐོར་དུས།། བར་ཆད་རླུང་གིས་ཁྱེར་སོང་།། ཁྱོད་ཀྱི་འཛུམ་མདངས་དྭངས་མོ།། གསེར་ཆེན་མེ་ཏོག་ཇི་བཞིན།། བདག་ཡིད་ན་སྤང་ཡངས་པོར།། མཛེས་སྡུག་སྟོང་གིས་བཞད་སོང་།། ཁྱོད་ཀྱི་སྐད་ངག་སྙན་མོ།།…
དགེ་བཤེས་མཆོག་ལ་ཕུལ།
འདབ་པ་ཚེ་དབང་མགོན་པོས་དགེ་བཤེས་མཆོག་ལ་ཕུལ། ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པ་ཁོང་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བརྩེ་བས་རྗེས་སུ་བཟུང་ཞིང་། ཞལ་གཟིགས་པ་སོགས་ཀྱི་སྐོར་ལ་གླང་རི་བ་ཐུབ་བསྟན་སྦྱིན་པས་ཡིག་ཚོགས་དང་། འབེལ་གཏམ་མང་པོ་ཞིག་སྤེལ་ཡོད་པར་སྐྱེ་བོ་སུས་ཞིག་མཐོང་ཡང་སྤྲོ་སྣང་ཆེ། དེའི་ཕྱིར་འདིར་གུས་པར་སྐོམ་པས་ཆུ་འདོད་ལྟར་བློ་ཞིག་སྐྱེས་ནས། མདོ་སྔགས་གཉིས་ཀྱི་གཞུང་ལུགས་འཛིན་པ་གླང་རི་བ་དགེ་བཤེས་མཆོག་ལ་དོགས་འཆར་ཞིག་འབུལ་ཆོག་པར་གྱིས། བླ་མ་ཙོང་ཁ་པ་ཆེན་པོའི་དྲི་བ་རྣམས་ནི་འདི་ལྟར་སྣང་སྟེ། “རྗེ་ཙོང་ཁ་པས་རྗེ་བཙུན་འཇམ་དཔལ་དབྱངས་ལ་དེ་ལྟའི་རང་ཉིད་ཀྱི་དབུ་མའི་ལྟ་བ་གོ་བ་དེ། དབུ་མ་ཐལ་འགྱུར་བ་དང་། རང་རྒྱུད་པ་གང་གི་ལྟ་བ་ཡིན་ཞུས་པས།” ‘གང་གིའང་མིན།’ ཞེས་པ་དང་། ཡང་ཁྱད་པར་དུ་དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་སྟེ་བདེན་པ་གཉིས་ཀྱི་ངོ་བོ་ངོས་བཟུང་བ་གལ་ཆེ་བར་དམིགས་ཏེ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་། སྣང་ཕྱོགས་དང་སྟོང་ཕྱོགས་ལ་ཉེ་རིང་གཏན་ནས་བྱེད་མི་ཉེན། ཁྱད་པར་སྣང་བ་ལ་གཙིགས་སུ་བྱེད་དགོས” ཞེས་གསུངས་པ་རྣམས་སོ། འོ་ན་དྲི་ལན་འདི་དག་སྐད་རིགས་གང་གི་ཐོག་ནས་གསུངས་ཡོད་དམ། རྒྱ་གར་སྐད་དུའམ། ཡང་ན་བོད་སྐད་དུ་རེད། རྒྱ་གར་སྐད་དུ་རེད་ཅེས་ན་བླ་མ་ཙོང་ཁ་པ་ལེགས་སྦྱར་དང་། སྒྲ་རིག་ལ་མཁས་པའི་གཏམ་བོད་དུ་མ་གྲགས་པས། འཇམ་དབྱངས་དང་ལྷན་དུ་འབེལ་མཆིད་ཅིག་ཡོང་སྲིད་དམ། བོད་སྐད་དུ་གསུངས་པ་རེད་ཟེར་ན། བོད་སྔ་རབས་ཀྱི་མཁས་པ་རྣམས་དང་ཤར་ཙོང་ཁ་པ་སོགས་ཀྱིས་ལེགས་སྦྱར་གྱི་སྐད་དུ། ‘ཨོཾ་ཨ་ར་པ་ཙ་ན་དྷི།’བགྲངས་པ་ལ་དགོས་པ་ཅི་ཡོད། ལྷ་རྒྱ་གར་སྐད་དུ་བསྒྲུབས། གསུང་བོད་སྐད་དུ་བྱོན་ཟེར་ན། འདྲ་ཆགས་པ་ཞིག་འདུག་གམ། སྐབས་ཐོབ་ཀྱི་དོན་’གང་གིའང་མིན’་ཞེས་པའི་སྐབས་སུ། ཚིག་དོན་གང་གི་ཁྱད་པར་མ་བརྗོད་པས། ཞལ་གཟིགས་པའི་དགོས་པ་ཅི་ཡོད་དམ། ཡང་ན་ཐལ་རང་གཉིས་ལ་ཚིག་དོན་གང་གི་ཁྱད་པར་མེད་པས་རེད་ཟེར་ན། འཕགས་བོད་གཉིས་ཀྱི་དབུ་མའི་སློབ་དཔོན་རྣམས་དུས་ཚོད་ཆུད་ཟོས་སུ་སོང་བ་ཨེ་རེད། གལ་ཏེ་སོང་རེད་ཟེར་ན། བླ་མ་ཙོང་ཁ་པས་ཚལ་གུང་ཐང་དུ་རྒྱ་འགྲེལ་དང་། སྣེ་ཐང་བདེ་བ་ཅན་སོགས་སུ་བོད་འགྲེལ་རྣམས་བཀླགས་པར་དགེ་མཚན་ཅི་བྱུང་ཡོད་དམ། དེ་དག་གིས་བྲིས་པའི་བསྟན་བཅོས་ཤ་སྟག་ཡིན་ཕྱིར། ཁོང་གི་སྐུ་ཚེ་མང་པོ་ཞིག་དེ་དག་གིས་འཕྲོ་བརླག་བཏང་མི་འདུག་གམ། ཡང་ན་ལྟ་བ་མཐར་ཐུག་ལ་ཁྱད་པར་མེད་པའི་དོན་དུ་བཞེད་ན། འཕགས་བོད་གཉིས་ཀྱི་དབུ་མའི་སློབ་དཔོན་རྣམས་ཀྱིས་དབུ་མའི་ལྟ་བ་ལ་ཐ་དད་མེད་པ་དང་སྤྲོས་པ་མེད་པའི་ཆོས་ཉིད་དེ་གཏན་ལ་ཕབ་ཟིན་པའི་ཕྱིར་ན། ཟློས་སྐྱོན་དུ་འགྱུར་བ་མ་གཏོགས་ཞལ་གཟིགས་ལ་དགོས་པ་གང་ཞིག་ཡོད། ཡང་དེའང་མ་རེད། དེ་མིན་པའི་’གང་གིའམ་མིན’་ཞེས་དོན་ཞིག་ཡོད་ཅེས་ན། རྗེ་བཙུན་འཇམ་དབྱངས་ཀྱི་ཞལ་གཟིགས་ལ་མར་མེ་རླུང་གིས་བཅོམ་པ་བཞིན་དུ་མུན་འཐོམས་ཀྱི་དོན་ཙམ་ལས་གཞན་གང་ཞིག་ཡོད། གཞན་ཡང་སྣང་ཕྱོགས་དང་སྟོང་ཕྱོགས་ལ་’ཉེ་རིང་གཏན་ནས་བྱེད་མི་ཉེན’ཞེས་པའི་དོན་དེར། ཕྱོགས་སུ་སོང་པའམ་ཡང་ན་མཐའ་རུ་མ་ལྷུང་པའི་དོན་ལ་གོ་དགོས་པ་དང་། ཡང་ན་ནི་ཁྱད་པར་མེད་པའི་དོན་ཨེ་རེད། གལ་སྲིད་དེ་ལྟར་ཡིན་ཚེ། སྣང་བར་གཙིགས་སུ་འཛིན་ཞེས་པའི་དོན་འདི་སྣང་བ་གལ་ཆེའམ། སྣང་བའི་ཕྱོགས་སུ་སོང་ཆེ་བའི་དོན་དུ་མི་འགྱུར་རམ། ཡང་ན་དེ་ལྟར་མི་འགྱུར་ཞེ་ན། བོད་སྐད་སྤྱིའི་འགྲོས་དང་འགལ་བ་གྱུར་ཟིན་པས། རྒྱུ་མཚན་གང་གིས་གསལ་འདེབས་ནུས། དེ་བས་ཀྱང་གདུལ་བྱ་འདུལ་བ་ལ་བསླབ་པ་སྐྱོན་མེད་པ་ཞིག་བསྟན་དགོས་པས། ཉེ་རིང་མེད་པ་དང་། གཙིགས་སུ་འཛིན་གཉིས་ཞེས་པའི་བརྡ་ཆད་འདི་དངོས་པོའི་གཞི་ཐ་དད་ལ་རེ་རེ་བྱས་ནས་སྦྱོར་བའི་སྐབས། སྐད་བརྡ་རིག་པའི་ཁྱབ་ཁོངས་སུ་རྒྱབ་འགལ་གྱི་དོན་བསྟན་པའི་ཆོས་ཉིད་ཀྱི་གཏན་ཚིགས་ལྡན་ཕྱིར། དགེ་བཤེས་མཆོག་གིས་རིགས་ལམ་གང་གིས་སུན་འབྱིན་ནམ། མ་ཟད་རིགས་དྲུག་སེམས་ཅན་སོ་སོའི་ལས་སྣང་གིས་གྲུབ་པའི་རི་རྭ་བ་དང་། ཁང་ཁྱིམ་སོགས་པའི་འདོན་ཡོན་གྱི་ཆོས་ཐམས་ཅད་ལ་སྣང་ཚུལ་ཀུན་རྫོབ་ཀྱི་རྣམ་བཞག་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་ལམ་ནང་ཞུགས་པའི་དབུ་མའི་སློབ་དཔོན་རྣམས་ཀྱིས་དོན་དམ་དཔྱོད་བྱེད་ཀྱི་རིག་པས་གཏན་ལ་ཕབ་པའི་ཆོས་ཀྱི་གནས་ལུགས་རྣམས་བདེན་པ་མ་གྲུབ་པར་གནས་ཚུལ་ལམ། སྟོང་ཚུལ་དེ་འཇོག་ཨེ་དགོས། གལ་ཏེ་དགོས་ཞེས་ཞལ་གྱིས་བཞེད་ན། འཇམ་དབྱངས་ཀྱི་ཞལ་གཟིགས་སྣང་བར་’གཙིགས་སུ་འཛིན’ཞེས་པའི་དོན་འདིས། འཕགས་རྣམས་ཀྱི་སྤྱོད་ཡུལ་ལས། སོ་སོའི་སྐྱེ་བོའི་སྤྱོད་ཡུལ་དེ་དྲགས་ཙམ་ཞིག་འགྱུར་བ་མ་ཡིན་ནམ། དེ་བས་ཀྱང་རིགས་དྲུག་གི་ལས་སྣང་རྣམས་ཀྱང་འགྲིག་པར་འགྱུར་བའི་སྐྱོན་དུ་འགྱུར་བ་མིན་ནམ།
འདས་པའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ནས་མ་འོངས་མདུན་ལམ་ལ་གསལ་ཁ་གཏོད་དགོས་པ།
གཞུང་པ་ཚེ་དབང་བསོད་ནམས། མི་ཡི་སྤྱི་ཚོགས་ག་འདྲ་ཞིག་ཡིན་ཀྱང་སྤྱི་ཚོགས་འཕེལ་རིམ་གྱིས་ལོ་བརྒྱུས་ལ་འགན་འཁུར་མ་ཐུབ་པའི་ཉིན་མོ་དེ་ནས་སྤྱི་ཚོགས་དེའི་འདས་མ་ད་གསུམ་གྱིས་ལོ་རྒྱུས་ཡོངས་རྫོགས་ནག་ཁུང་ནང་ལྷག་རྒྱུ་ཡིན་པ་གཏན་ཁེལ་བ་དང་། འདས་པའི་ལོ་རྒྱུས་ལ་བརྒྱུས་ལོན་བྱས་ནས་ད་ལྟའི་གནས་སྟངས་ལ་བསྐྱར་བཅོས་གནང་ནས་མ་འོངས་མདུན་ལམ་ལ་གསལ་ཁ་གཏོད་དགོས་པ་དེ་མི་གི་སྤྱི་ཚོགས་ཀྱི་ཆབ་སྲིད་རིག་པའི་ལྟ་གྲུབ་གལ་ཆེ་ཤོས་དེ་ཡིན་པ་དང་། མི་གི་སྤྱི་ཚོགས་ཞིག་རྒྱུན་གནས་ཐུབ་པ་ལ་འདས་པ་ལས་ད་ལྟ་གལ་ཆེར་འཛིན་དགོས་པ་དང་ད་ལྟ་ལས་མ་འོངས་གལ་ཆེར་འཛིན་དགོས་པ་ནི་སྤྱི་ཚོགས་བརྟན་ལྷིང་ལ་གཞི་བརྟན་དང་སྲ་བརྟན་རྒྱུན་གནས་ཐུབ་དགོས་པ་དེ་གལ་ཆེའི་ནང་གི་གལ་ཆེན་ཞིག་ཡིན་པ་དང་། འཛམ་གླིང་ཤར་ནུབ་ཀྱི་ལུང་པ་མང་པོའི་མི་རིགས་གསོན་གནས་ཐུབ་པའི་རིག་གཞུང་དང་སྐད་ཡིག་ལ་ཤི་འཐམ་རོ་འཐམ་བྱེད་བཞིན་པ་ང་ཚོའི་མིག་ལམ་དུ་མཐོང་ཆོས་སུ་ཡོད་པ་ནས་ང་ཚོ་བོད་མི་ཚོ་དེ་བས་ཀྱང་རང་ཡུལ་མིའི་ལག་ཏུ་ཤོར་ནས་བོད་མི་གཞིས་བྱེས་གཉིས་སུ་གནས་པ་ནས་ང་ཚོར་དེ་བས་ཀྱང་ལས་འགན་ཆེ་བ་ཡོད་པ་ནི་སྨོས་མ་དགོས་པ་དང་། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོ་ཡང་ཡུལ་ལུང་མང་པོའི་ནང་ཁ་ཐོར་ནས་བོད་མི་ཁྱིམ་ཚང་རེ་ཙམ་གཉིས་ཙམ་བྱས་ནས་ཁྱིམ་ཚང་སོ་སོའི་འཚོ་གོས་ལ་འགན་འཁུར་ནས་མི་ཚེ་སྐྱེལ་བཞིན་པ་ནས་ཕ་མེས་ཀྱིས་སྐད་ཡིག་དང་རིག་གཞུང་ལ་བདག་ཉར་དང་སྲུང་སྐྱོབས་བྱ་རྒྱུའི་འཁོར་ཡུག་མེད་པ་དང་། ཕ་ཡུལ་དུ་ཡོད་པའི་བོད་མི་ཚོ་རྒྱ་མིའི་བཙན་འོག་དུ་གནས་ནས་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་བདག་ཉར་བྱ་རྒྱུ་ཕར་བཞག་འགྲོ་སྡོད་སྤྱོད་གསུམ་ལ་རང་དབང་མེད་པ་གཞན་དབང་སྟབས་བསྟུན་འོག་ཉིན་ཁྱོལ་ན་མཚན་མི་ཁྱོལ་བ་དང་མཚན་ཁྱོལ་ན་ཉིན་མི་ཁྱོལ་བའི་དཀའ་ངལ་ནང་ལྷག་ཡོད་པ་དང་། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་ང་ཚོ་བོད་མི་ཚོ་སོ་སོའི་ཕ་མེས་ནས་བརྒྱུད་པའི་སྐད་ཡིག་དང་རིག་གཞུང་ལ་བདག་ཉར་ཐུབ་པའི་ལས་འཆར་དབུས་བོད་མིའི་སྒྲིག་འཛུགས་ནས་བཀོད་སྒྲིག་གནང་དགོས་པ་དེ་ཕྱི་སྐྱོན་མེད་ན་ཡང་སྔ་སྐྱོན་གང་ན་ཡོད་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་དེ་དག་ཉིན་རེ་ཉིན་རེའི་ཁྱིམ་ཚང་ངམ་སྒྲིག་འཛུགས་ཀྱི་འཚོ་བའི་ལས་ཀའི་ནང་བེད་སྤྱོད་བཏང་ནས་སྐད་ཡིག་དང་རིག་གཞུང་ལ་འགན་སྲུང་བྱེད་དགོས་པ་ལས་ཚེས་བཟང་དུས་ཆེན་དང་ལྷ་དཀར་སོགས་ལ་ཟང་ང་ཟིང་ངེ་དང་འར་ར་འུར་རེ་བྱེད་ཐུབ་པ་ཙམ་གྱིས་བོད་ཀྱིས་སྐད་ཡིག་དང་རིག་གཞུང་ལ་དུས་ནམ་ཡང་འགན་སྲུང་མི་ཐུབ་པ་དེ་ཡང་གསལ་པོ་མཁྱེན་དགོས་པ་དང་། མི་རིགས་ག་འདྲ་ཞིག་ཡིན་ཀྱང་མི་རིགས་དེ་གསོན་གནས་ཐུབ་པ་ལ་མི་རིགས་དེའི་མཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་གསོན་ཉར་དགོས་པ་ནས་མི་རིགས་དེ་ས་གནས་གཅིག་ཏུ་འཚོ་གནས་མ་ཐུབ་པར་འཛམ་གླིང་གི་ལུང་པ་མང་པོའི་ནང་བྱ་སྤུ་ཤིང་ནགས་དཀྱིལ་ལ་གཏོར་བ་བཞིན་འཐོར་ནས་མི་རིགས་རང་ཉིད་ཀྱི་སྐད་ཡིག་དང་རིགས་གཞུང་ལ་བདག་ཉར་དང་སྲུང་སྐྱོབས་ཐུབ་རྒྱུ་ནི་ཉིན་སྐར་ཙམ་ལས་མ་མཐོང་ན་གལ་ཆེ་ཤོས་དེ་སོ་སོའི་མི་རིགས་ལ་སྲུང་སྐྱོབས་བྱ་རྒྱུ་དེ་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་ལས་སྔོན་ཐོན་བྱས་ནས་འགྲོ་མ་ཐུབ་ཚེ་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་དང་བདག་ཉར་ཟེར་བའི་གཏམ་དེ་དུས་ནམ་ཡང་དོན་དུ་གནས་མི་ཐུབ་པ་ནི་ལོང་བས་བལྟས་ཀྱང་ཁམས་གསུམ་དང་འོན་པས་ཉན་ཡང་རྒྱལ་ཁམས་ཀྱི་དཔེ་ལྟར་མ་རེད་དམ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱད་པ། བོད་ཀྱི་ཡུལ་མི། ནང་གསེས་བཞི་པའི་ནང་། གོང་གསལ་དོན་ཚན་ཁག་ལག་ལེན་དུ་བསྟར་ཆེད་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་ཤིག་གཏན་འབེབས་བྱ་རྒྱུ། ཅེས་གསལ་ཡོད་ན་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ནུས་པ་ཐོན་ནས་ལོ་ངོ་བཅུ་ཕྲག་གསུམ་ལྷག་ཙམ་འགྲོ་གི་ཡོད་ན་ཡང་དུས་ད་ལྟ་བར་སྤྱི་འཐུས་ཁྲིམས་བཟོ་གྲོས་ཚོགས་ནས་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་བཟོ་མ་ཐུབ་པ་ནི་ཁྲིམས་བཟོ་གྲོས་ཚོགས་འཐུས་མིའི་ལས་འགན་མ་འགྲུབ་པར་ངོས་འཛིན་ཞུས་ན་མ་འགྲིག་པའི་ཉེས་པ་གང་ན་ཡོད། བོད་མི་རིགས་ཀྱིས་སྐད་ཡིག་དང་རིག་གཞུང་ལ་བདག་ཉར་དང་འགན་སྲུང་གནང་དགོས་ཀྱི་ཡོད་ན་བོད་ཀྱིས་ཡུལ་མིའི་ཁྲིམས་ལུགས་གཏན་འབེབས་བརྒྱུད་ནས་བོད་ཀྱིས་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབས་ཐུབ་པའི་ལས་འཆར་བཀོད་སྒྲིག་གནང་དགོས་པ་ལས་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་གཏན་འབེབས་མ་གནང་བར་བོད་མི་རིགས་ཀྱིས་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབས་ཟེར་བའི་གཏམ་དེ་བསམ་མེད་བྱིས་པའི་བྱེ་མའི་ཁང་བུ་བཞེངས་པ་དང་འདྲ་བ་མ་རེད་དམ།
སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་འཇུག་སྐྱོང་ཆེད་གྲོས་ཚོགས་ཉིན་ལྔ་ཚོགས་རྒྱུའི་གསལ་བསྒྲགས་སྐོར་ལ་དཔྱད་པའི་གཏམ།
གཞུང་པ་ཚེ་དབང་བསོད་ནམས། ཉེ་ལམ་སྤྱི་ཟླ་དགུ་པའི་ནང་སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་འགྲོ་བཞིན་པའི་སྐབས་གྲོས་ཚོགས་ཀྱི་འཐུས་མི་གཅིག་དང་འབྲེལ་བའི་གླེང་གཞིའི་འོག་ནས་གྲོས་ཚོགས་ཀྱིས་ལས་རིམ་མུ་མཐུད་ནས་འགྲོ་མ་ཐུབ་པ་མ་ཟད་གྲོས་ཚོགས་འཇུག་བསྡོམས་ཡང་མ་ཐུབ་པ་ནི་ལྷ་མི་ཀུན་གྱི་ཧ་གོ་དོན་རྟོགས་ཡིན་པ་དང་། དངོས་འབྲེལ་བྱས་ན་གླེང་གཞི་ལྷག་པའི་གྲོས་ཚོགས་འཐུས་མི་གང་ཟག་དེ་གྲོས་ཚོགས་ལས་རིམ་ནང་གླེང་གཞི་དེ་གཙང་མ་མ་བཟོས་བར་མ་བཅར་ན་གྲོས་ཚོགས་ལས་རིམ་དེ་མུ་མཐུད་ནས་འགྲོ་ཐུབ་ངེས་ཡང་དེ་ལྟར་མ་བྱུང་བ་ནི་སྐབས་དེའི་ཚོགས་གཙོ་ཚོགས་གཞོན་དང་འཐུས་མི་སྒེར་བཅས་སུ་གཅིག་ནས་ལམ་སྟོན་དགོངས་འཆར་གྱི་ལས་རིམ་རྣམ་བཞག་མ་ཕེབས་པ་ནས་ད་ལྟའི་གནས་སྟངས་འདི་ཆགས་པ་ནས་ལས་རིམ་རྣམ་བཞག་དགོས་ས་ཆད་མི་དགོས་ས་ལ་ལྷག་པ་མ་རེད་དམ། བཅའ་ཁྲིམས་དོན་ཚན་བཞི་བཅུ་ཞེ་དགུའི་པའི་ནང་གསེས་གཉིས་པ་དེ་གྲོས་ཚོགས་ཀྱི་ལས་རིམ་འཇུག་སྐྱོང་བྱ་རྒྱུའི་དོན་ཚན་ཞིག་ཡིན་མིན་མ་ཤེས་ཀྱང་གལ་སྲིད་ཡིན་པའི་དབང་དུ་བཏང་ན་ཡང་ཉིན་གྲངས་བདུན་གཅིག་ལྷག་གསལ་བ་ལས་ཟླ་གྲངས་གསལ་མེད་ན་ཟླ་བ་གཅིག་གི་ནང་ཚུད་ལ་ཉིན་གྲངས་བརྩི་དགོས་པ་ལས་ཟླ་བ་གསུམ་ཙམ་འགྱངས་ཆོག་པའི་ཆ་རྐྱེན་དེ་བཅའ་ཁྲིམས་ཀྱིས་དོན་ཚན་གང་གི་ནང་གསལ་ཡོད་དེ་ཡང་གསལ་པོ་ཤེས་མ་སོང་ན་དོན་གྱི་བདག་པོ་རྒྱ་ཆེ་མང་ཚོགས་ལ་གསལ་བཤད་ངེས་པར་དུ་གནང་དགོས་པ་ནི་སྤྱི་འཐུས་ཁྲིམས་བཟོ་གྲོས་ཚོགས་འཐུས་མིའི་གཡོལ་ཐབས་མེད་པའི་ཐུགས་འགན་གྱི་ཆ་ཤས་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད། གྲོས་ཚོགས་ཚོགས་རྒྱུ་དེ་སྤྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་རྩ་ལྔ་ནས་ཚེས་ཉི་ཤུ་རྩ་དགུ་བར་ཉིན་གྲངས་ལྔ་ཚོགས་རྒྱུ་རེད་འདུག་ན་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་མཛད་འཕྲིན་བསྐྱངས་རྒྱུ་དང་དུས་ཚོད་མཉམ་དུ་འཁེལ་འདུག་ན་དཔལ་ལྡན་སྲིད་སྐྱོང་མཆོག་དང་བདེ་སྲུང་བཀའ་བློན་རྣམ་གཉིས་ཆིབས་ཞབས་སུ་བཅར་དགོས་ཀྱི་མེད་པ་ཡིན་ན་ལས་དེ་མིན་གྲོས་ཚོགས་ཚོགས་རྒྱུ་དེ་སྔ་སྣུར་རམ་ཡང་ན་ཕྱི་འགྱངས་གནང་ན་འགྲིག་གི་མེད་པ་ཡིན་ནམ། འཐུས་མི་གཅིག་དང་འབྲེལ་བའི་གླེང་གཞི་དེ་དག་བདེ་སྲུང་ལས་ཁུངས་ནས་གསལ་པོ་བཟོས་ཡོད་མེད་ཇི་ལྟར་ཡང་གལ་སྲིད་གསལ་པོ་བཟོས་མེད་ཚེ་ཉིན་ལྔའི་གྲོས་ཚོགས་དེ་འགྲོ་ཐུབ་མིན་དེ་ཡང་ཐེ་ཚོམ་ནང་ལྷག་པ་ནས་གང་ལྟར་རིང་མིན་ཚོགས་རྒྱུའི་གྲོས་ཚོགས་ཀྱིས་ལས་རིམ་དེ་དག་སླར་ཡང་བོད་མི་མང་བློ་ཕམ་མ་དགོས་པ་ཞིག་དང་རྒྱལ་སྤྱིའི་ནང་ཁྲོམ་བཏོན་མ་དགོས་པའི་འགན་དེ་ཚོགས་གཙོ་ཚོགས་གཞོན་དབུས་པའི་སྤྱི་འཐུས་བཞི་བཅུ་ཞེ་ལྔ་ཚང་མས་བཞེས་རོགས་གནང་ཞུ་རྒྱུའི་འདོད་པ་བྱུང་།
བོད་ཀྱི་གསོ་བ་རིག་པ་ལས་Pancreaseགི་སྲོལ་རྒྱུན་ཐ་སྙད།
སྨན་རམས་པ་བསྟན་འཛིན་ཆོས་སྒྲུབ། (འོག་གི་པར་རིས་འདིར་དགོས་ན་ལེགས) 1.English term=Pancrease. 2.English meaning=The pancreas is an organ of the digestive system and…
དེ་ལས་མང་བ་། “བོད་ཀྱི་གསོ་བ་རིག་པ་ལས་Pancreaseགི་སྲོལ་རྒྱུན་ཐ་སྙད།” »
བོད་ཀྱི་གསོ་བ་རིག་པ་ལས་ཧྲཱིཿཐེལ་དང་འབྲེལ་བའི་ཤེས་བྱ་དཔྱད་གཞིར་བཀོད་པ་རིན་བྲལ་ནོར་བུ།
སྨན་རམས་པ་བསྟན་འཛིན་ཆོས་སྒྲུབ།། ཐོག་མར་བྱིས་པ་ཉེར་སྤྱོད་ལག་ལེན་ཆེས་དགོས་གལ་ཡིན་པར་བསྟན་པ། བླ་སྨན་མཁྱེན་རབ་ནོར་བུའི་ཆོས་སྤྱོད་ལས་རྒྱུད་ལས། བྱིས་པ་བཙའ་ནས་ཉེར་སྤྱོད་ཅེས་བྱ་བ།། [1]ཞེས་གསུངས ་པ་ལྟར་བྱིས་པ་བཙའ་ནས་ངེས་པར་དུ་རྒྱུད་དུ་གསུངས་པའི་བྱིས་པ་ཉེར་་སྤྱོད་འདི་ལག་ལེན་གནང་ན་བློ་རྩལ་དང་འབད་རྩོལ། །གཟུགས་བྱད་ལེགས་ཤིང་ནད་མེད་ཚེ་རིང་གནས་ལ་དཔལ་འབྱོར་གྱི་སྟོབས་རྒྱས་པ་སོགས་ཀྱི་ལེགས་པའི་ཡོན་ཏན་ཇི་སྙེད་འབྱུང་བར་གསུངས་ཏེ།།བླ་སྨན་མཁྱེན་རབས་ནོར་བུས་མཛད་པའི་ལྷ་ལྡན་སྨན་རྩིས་ཁང་གི་ཆོས་སྤྱོད་ལས་བྱིས་པ་ཉེར་སྤྱོད་འགྲོ་ཕན་སྙིང་ནོར་ལས་་་་བར་སྐབས་གསོ་རིག་བསྟན་རྒྱུན་ཉམས་ཆག་ཁར་སྔོན་གྱི་མཐོང་བརྒྱུད་སོགས་རིམ་བཞིན་ཉམས་རྐྱེན་བྱིས་པ་གསོ་ཚུལ་ཇི་བཞིན་མི་ཤེས་པའི་སྐྱོན་གྱིས། མི་རིགས་ཕལ་ཆེར་བློ་རྩལ། འབད་རྩོལ། གཟུགས་བྱད་ཞན་ཅིང་། ཚེ་ཐུང་། ནད་མང་། རང་བཞིན་ངན་པས་ཕ་མའི་ངག་ལའང་ མི་ཉན་པ་སོགས་ཉེས་སྐྱོན་ཇི་སྙེད་ཅིག་མི་འདོད་ཐོག་ཏུ་འབབ་པའི་ཚུལ་འདི་མཐོང་ནས་ཡིད་ཀྱིས་མ་བཟོད་པར་དཔལ་ལྡན་གསོ་རིག་ རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་ལས་བྱིས་པ་གཅེས་པའི་གསོ་ཐབས་ཉེར་སྤྱོད་ཇི་ལྟར་བྱེད་ཚུལ་གྱི་རིམ་པ་ཚང་མས་གོ་བདེ་བར་དགོད་…