ཆང་སྐྱེས།
བདག་གིས་བརྩེ་བའི་རིན་ཐང་ཁྱེད་ལ་བཅོལ།།
ཁྱེད་ཀྱིས་དུངས་པའི་སེམས་པ་བདག་ལ་གཏད།།
ཁྱོད་དང་ང་ཡི་ཞེན་ཆགས་ཟབ་མོ་དེ།།
སྙིང་ལ་བཏབ་པའི་ལྷག་བསམ་དཀར་པོ་ཞིག།
ཁྱེད་ཀྱིས་འཛུམ་པའི་ཟུར་མིག་བདག་ལ་འཕངས།།
བདག་གིས་དགའ་བའི་རྣམ་འགྱུར་ཁྱེད་ལ་བསྟན།།
ཁྱོད་དང་ང་ཡི་སྙིང་གཏམ་སྙི་མོ་དེ།།
གནམ་མཁའི་ཟླ་བ་ལྷ་མོས་གོ་ནས་འདུག།