འུ་ཚང་གི་སེམས་ངལ།
བོང་སྟག་རི་ལུ།
ཨ་མས་འུ་ཚང་དབུལ་པོ་ཡིན་ཞེས་ཁ་ནས་སྡུག་སྨེ་ཡང་ཡང་འདོན།།
སྲིང་མོས་འུ་ཚང་དབུལ་པོ་ཡིན་ཞེས་སེར་ག་གས་པའི་མཛུབ་མོ་སྟོན།།
ཚ་མོས་འུ་ཚང་དབུལ་པོ་ཡིན་ཞེས་དབུལ་སྐྱོར་སློབ་མའི་གྲལ་ལ་འཚང༌།།
ང་ཡིས་འུ་ཚང་ཕྱུག་པོ་ཡིན་ཞེས་ཀ་མད་སུམ་ཅུའི་རྩོམ་ཞིག་བྲིས།།
གཡབ་ཁང་ནང་གི་གཏམ་རྒྱུད།
རྨེ་སྲིབ་ནོར་བུ།
ལོ་གསུམ་འཚོ་བ་དྷ་སའི་ཤིང་ལོའི་འོག།
གྲིབ་བསིལ་ལྷན་དུ་བདེ་བར་གནས་ན་ཡང༌།།
མིག་ཡངས་མ་ཡི་རེག་བྱ་འཇམ་པོའི་ཟས།།
ལོངས་སུ་མ་སྤྱད་སྐོམ་པས་གདུང་ཤུགས་ཀྱིས།།
ཨ་ཅག་བལ་བཟའི་ཁྱིམ་ལ་དེད་ཡོང་ཐལ།།
རྒྱའི་དབང་འཛིན་པ་ཚོས་ཤེས་རྟོགས་ཐུབ་དགོས།
འབྲོང་དར་རྒྱས།
འདི་ལོའི་གསུམ་པའི་ཚེས་བཅུ་ནས་བཟུང་གནམ་འོག་གི་བོད་པ་ཡོད་ཚད་ལག་གདང་གི་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་འཛམ་གླིང་མི་མང་ཚོར་བོད་པའི་གདོང་རིས་གསལ་བོར་བསྟན་ཡོད་ལ། ལྷག་དོན་རྒྱ་ནག་དབང་འཛིན་པ་ཚོར་རྒྱ་བོད་ཀྱི་གནད་དོན་སྐོར་ལ་ཅིས་ཀྱང་བསམ་བློ་གཏོང་དགོས་པའི་སློབ་གསོ་ཐེངས་ཤིག་སྤྲད་ཡོད།
ཤེས་རབ་སྒྲོལ་མའི་སྙན་རྩོམ་བཀླགས་རྗེས།
རྡ་སའི་ཐབས་མཁས་རྒྱ་མཚོས། འདུ་འཛི་འཁོར་བའི་སྲོག་གི་རྩ་བ། ། སྙིང་སྡུག་སེམས་ཀྱི་ཤེས་རབ་སྒྲོལ་མ། ། ལྷག་བསམ་དག་པའི་རང་མདངས་མཚོན་ཕྱིར། ། མི་རིགས་གཙང་མའི་དོན་ཆེན་སྒྲུབས་ཤིག།
བོད་ཀྱི་སྤྲུལ་སྐུའི་སྐོར་གླེང་བ།
བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཀྱི་བྱུང་རིམ་དང༌། བླ་སྤྲུལ་རེ་ཟུང་གི་བྱས་ཉེས་སོགས་གླེང་བ་བརྒྱུད་འབྱུང་འགྱུར་བོད་ཀྱི་བླ་སྤྲུལ་ངོས་འཛིན་བྱེད་ཐབས་ཀྱི་ལམ་ལུགས་ལ་འགྱུར་བཅོས་ཇི་ལྟར་བྱས་ནས་གཏང་དགོས་མིན་ཐད་ཀྱི་བསམ་ཚུལ་རགས་བསྡུས།
སྡ་སའི་མུག་པ།
སྤྱིར་བླ་སྤྲུལ་ངོས་འཛིན་བྱེད་པའི་ལམ་སྲོལ་འདི་ནང་པ་ཚོས་གསར་དུ་རྙེད་པ་ཞིག་ཏུ་སེམས་ཤིང༌། ལུགས་སྲོལ་འདིས་དུས་ཕྱིས་སུ་བྱུང་བའི་འཛམ་གླིང་གི་ཆོས་ལུགས་ཧ་ཅང་མང་པོར་་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རྒྱ་གར་དུ་ལུགས་སྲོལ་དེ་ཡོངས་ཁྱབ་རང་བཞིན་ཅན་དུ་གྱུར་ཐུབ་མེད་པ་རེད།
དྲག་རྩུབ་འོག་གི་གྱེན་ལངས།
མི་ལོ་ཧྲིལ་པོ་ཞེ་དགུའི་རིང་གི་གཞིས་སྡོད་བོད་མིའི་གནས་བབ་ཕྱོགས་སྡོམ།
སྡ་སའི་མུག་པ།
༡ རྒྱ་དམག་བོད་དུ་ལྷགས་པའི་ཐོག་མའི་རྒྱུ་རྐྱེན་གླེང་བ། ཕྲན་ཆུང་བདག་དུས་རབས་ཉི་ཤུ་བའི་སྨད་ཙམ་ལ་བོད་པའི་ཁྱིམ་ཚང་དབུལ་བོ་ཞིག་གི་ནང་དུ་སྐྱེས་ཤིང༌། ནར་སོན་དུས་ལོ་ངོ་ཆིག་ཁྲི་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་བོད་ཀྱི་ལུང་བ་འདི་ཡང་གཞན་གྱི་དབང་འོག་ཏུ་ཤོར་འདུག མ་ཟད་བོད་མི་¿འབུམ་ཕྲག་བཅུ་གཉིས་བཙམ་རྒྱ་མིས་བཙན་རྒོལ་གྱི་ལས་འགུལ་ཁྲོད་རྐྱེན་འདས་སུ་ཕྱིན་པའི་ཡ་ང་བའི་ལོ་རྒྱུས་འདྲ་མིན་ཞིག་གྲོང་མི་ཚོའི་ངག་རྒྱུན་ནས་ཐོག་མར་གོ་ཐོས་བྱུང་ཞིང༌། འདས་ཟིན་པའི་ལོ་རྒྱུས་འདི་རིགས་ཀྱིས་ངའི་སེམས་ནང་བག་ཆགས་ངན་པ་བཞག ད་དུང་བོད་མི་འབུམ་ཕྲག་བཅུ་གཉིས་ཙམ་དམར་གསོད་བཏང་བའི་དོན་རྐྱེན་འདིའི་བྱ་ངན་ཡོངས་རྫོགས་འབའ་བ་ཕུན་དབང་གིས་བྱས་ཚུལ་གྱི་གཏམ་རྒྱུད་འདྲ་མིན་གོ་ཐོས་བྱུང་བས། སེམས་ནང་ཕུན་དབང་ནི་བོད་མི་རྒྱལ་ཚོང་བ་དང་བོད་མི་འབུམ་ཕྲག་བཅུ་གཉིས་ལྷག་གི་ཁྲག་ལན་འཇལ་རྒྱུར་བསྡད་པའི་ཉེས་ཅན་པ་གཏེ་བོ་ཞིག་རེད་སྙམ་པའི་ཚོར་ཤེས་བཟོད་དཀའ་བ་བྱུང༌།
ཡིད་བཞིན་ནོར་བུ།
ཡིག་ནོར།
ཉིན་ཤས་ཀྱི་སྔོན་ལ། སྐུ་ཞུབས་ལུང་རིགས་རྒྱལ་ལགས་ནས་བསྟན་འཛིན་ལགས་ཀྱི་རྩོམ་” བོད་ཀྱི་རང་དབང་ལས་འགུལ་ཡུན་གནས་ཐུབ་པའི་ལམ་གཅིག”ཅེས་པར་ཡིག་ནོར་འགའ་རེ་བྱུང་བ་ལ་སྐྱོན་བརྗོད་ཅིག་གནང་ཡོད་པར། སྐུ་ཞབས་ཟུར་ལྟ་ལགས་ཀྱིས་བོད་ཀྱི་རྒྱལ་ཁབ་ཕུང་བར་བྱེད་མཁན་ཡིག་ནོར་མིན་ལ་སྔ་རྒོལ་དང་ཕྱི་རྒོལ་གཉིས་ཡུལ་གཞན་དུ་འཁྱམ་དུ་འཇུག་མཁན་ཡང་ཡིག་ནོར་མིན་ཚུལ་གསུངས་ནས་ཀླན་ཀ་མཛད་ཡོད་པ་དེ་བཀླགས་ནས་ཕྲན་ལ་བསམ་ཚུལ་རེ་བྱུང་བ་གཤམ་གསལ།
གཞས་ཚིག་ཏུ་བརྩམས་པའི་སྙན་ངག༼བོད་འབྱོར་རྩོམ་ཡིག༽
བོང་སྟག་རི་ལུ།
༼འཚོ་བ།༽
འཚོ་བ་བདེ་མོ་བྱས་པས།།
མཐིང་ནག་སྦྲ་ཆུང་ལྟེབས་སོང༌།།
མཐིང་ནག་སྦྲ་ཆུང་ལྟེབས་པས།།
འབྲོག་མིའི་འཚོ་བ་ཉམས་སོང༌།།
དེ་ལས་མང་བ་། “གཞས་ཚིག་ཏུ་བརྩམས་པའི་སྙན་ངག༼བོད་འབྱོར་རྩོམ་ཡིག༽” »
མུན་པ་གླེང་བ
ཨ་འཇམ།
མུན་པའི་གཏིང་དུ་གླིང་ཕྲན་ཡོད
ཧ་ལས་པའི་ཁྱོད་ཀྱང་ཡོད
མེ་ཏོག་ཅིག་གིས
ང དེ་ལྟར་ཁྲིད་སོང
ནང་དུ་ལོག་དུས།
ཨ་འཇམ།
སྙན་ངག་གཞུང་ལུགས་ཀྱི་སྟེང་དུ
སྔོ་ཚལ་རིལ་བུ་ཞིག་བཞག་སྟེ་འཁྱེར
རྒན་མོ་དེ་འཛུམ་བཞིན ཅི་ཡང་མི་ཟེར
ཁྱི་ཞིག་ཀྱང་གློ་བུར་དུ་ཉེ་འགྲམ་ནས་བྲོས་སོང
གངས་ཅན་པ་ཚོ། མཛེ་ནད་ལྟ་བུའི་དཔལ་འབར་འདི་ཕར་གཡུགས་ཤིག ཡུགས་མོ་ལྟ་བུའི་དཔལ་འབར་འདིའི་ཚེ་ཆོད་ཅིག
ལྷ་ལུང་རྒྱལ།
ད་ནངས་ཞོགས་པར། བརྙན་འཕྲིན་གྱི་ཁ་ཕྱེས་ནས་བལྟས་པར། ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ལྷ་སར་འཁྱེར་ཡོང་སྟེ་སྐོར་བསྐྱོད་བྱེད་བཞིན་པའི་སྒང་རེད། དམག་མིའི་བསྐོར་བའི་ལམ་གཞུང་དེ་ན། གཡས་གཡོན་ན་ལྟད་མོ་བ་མེད་པའི་ལམ་གཞུང་དེ་ན། དམག་དཔུང་གིས་བསྐོར་ནས་འཁྱེར་འགྲོ་ཡི་འདུག ས་འདི་ནི་ཉིན་གྲངས་བརྒྱ་ཐམ་པའི་ཡར་སྔོན་ཏག་ཏག་ལ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁག་ཅིག་དམར་གསོད་བཏང་བའི་ས་དེ་རེད། འདི་ནི་བོད་མི་དམངས་ལ་བརྙས་བཅོས་ཤིག་དང༌། ཐུབ་ཚོད་ཤིག་ཅིས་མིན། ཉིན་ཤས་སྔོན་ནས་བོད་མི་ཚོ་ཕྱིར་ཐོན་མི་ཆོག་པར་རང་རང་གི་སྡོད་གནས་ནས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ལྷ་སར་འཁྱེར་སླེབས་པར་དགའ་བསུ་ཞུ་དགོས་པའི་བཀའ་རྒྱ་བཀྲམས་འདུག འདི་ནི་ད་ནངས་བོད་ཀྱི་རྒྱལ་ས་ལྷ་སའི་སྲང་ལམ་ནས་དམག་མི་ལས་མང་ཚོགས་མཐོང་དུ་མེད་སོང་བའི་རྒྱབ་ལྗོངས་རེད།
སྐྱུར་ལ་མངར་བའི་ཚོར་བ། ༼ཉིན་ཐོ་ལས་བཤུས༽
ཚེ་རིང༌།
ཁ་སང་ནི་གཟའ་ཉི་མ་ཡིན་ལ་ངའི་བུ་མོ་ཆེ་བ་སློབ་གྲྭ་འདིར་ཞུགས་ནས་ཉིན་བཞི་ཏག་ཏག་ལོན་པའི་ཉིན་མོ་རེད། ཞོགས་པ་སྔ་བོ་ཡར་ལངས་ཏེ། བུ་མོས་ནམ་རྒྱུན་དགའ་བོ་བྱེད་པའི་ཤ་མོག་མོག་བཟོས་ནས་སློབ་གྲྭར་བལྟ་རུ་སོང་བ་ཡིན། སློབ་གྲྭར་འབྱོར་མ་ཐག ལག་རྩལ་སྤོ་ལོ་རྩེད་སའི་ཐང་ཆེན་དུ་དགེ་སློབ་ཡོངས་འདུ་འཛོམས་ཆེ་ལ་འཁྲུག་ཆ་དོད་པའི་ངང་སློབ་ཕྲུག་ཁ་ཤས་ཀྱིས་གཞས་དང་ཞབས་བྲོ་རྒྱག་བཞིན་མཐོང་སོང༌།
བཙན་བྱོལ་བོད་མིའི་གཉེན་སྟོན།
བཙུན་ཐར་ཚེ་རིང༌།
སྤྱིར་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་ཞིག་ཡིན་ནའང༌། གསོལ་སྟོན་ཆེ་ཕྲ་ཆུང་གསུམ་འདྲ་མིན་ཐོག་རྒྱན་འཛུགས་པ་ནི་བཙན་བྱོལ་བོད་མིའི་གོམས་གཤིས་ལྟ་བུར་ཆགས་འདུག གཟའ་སྤེན་པའི་ཕྱི་དྲོར་འབྲེལ་འདྲིས་ཆེ་བའི་གྲོགས་པོ་ཞིག་གི་གཉེན་སྟོན་དུ་སོང་བ་ཡིན།
སྒྱུ་མའི་དབྱངས་ལ་ཞུགས་པ།
ཨ་འཇམ།
ཟ་ཟིའི་མི་ཡིས་རྙོག་པའི་གྲོང་ཁྱེར་ནས།།
བག་ལེབ་ཕྱེད་ཅིག་ཟོས་པའི་རིན་འབབ་ཀྱིས།།
ཁ་པར་ནང་གི་ཨ་མའི་བུ་ཆུང་ཞིག།
ས་འོག་མེ་འཁོར་སྲུང་བའི་འགྲུལ་བ་ཡིན།།
མི་ནག་ཞབས་བྲོ་བ་ཡི་རྐང་རྩེ་ནས།།
རུས་རྐང་གློག་ལ་འདྲེས་པའི་སྒྱུ་རྩལ་འཁྲིགས།།
ཁང་ཆེན་སྒོ་བྱང་རེ་རེའི་འོག་རོལ་ན།།
རྐུབ་དང་ནུ་མ་མཛེས་པའི་འོད་ལ་ཕྱོགས།།
ཤེལ་ཕོར་དུ།
ཨ་འཇམ།
ལག་པའི་འདུ་འཛི་རྫས་ལ་བཞག་པ་ཡིས།།
རང་བྱུང་ཁམས་ཀྱི་རྨི་ལམ་རྡུལ་གྱིས་བཏུམ།།
ཤིང་ལེབ་གྲུ་བཞིའི་སྟེང་གི་སྣོད་དུ་ཡང༌།།
འཚོ་བཅུད་གཤེར་ཁུ་མི་ཡི་སྲོག་ལ་འགོས།།
དྭངས་གཙང་རང་བྱུང་འཁྱིལ་བའི་སྣང་བརྙན་གྱིས།།
གད་སྙིགས་ལུས་ལ་ཕབ་པའི་ཉམས་ཤིག་ཕྱིན།།
ཁ་བའི་འཚོ་བ་མཐོང་བའི་ཡུལ་ལྗོངས་ནི།།
ཤེལ་ཕོར་དཀར་པོའི་འོག་གི་གཏེར་ཁ་ཉིད།།
ཞོགས་པའི་ཡར་སྔོན་གྱི་སྐད་ཆ།༼ཚན་པ་འགའ།༽
ཨ་འཇམ།
༼གཞན་ཡུལ།༽
ཨེ་གཉིས་ཀྱི་ཁྲག་ཐིགས་ཏེ རྒྱང་ཐག་མི་རིང་ཡང་
ས་གཞི་དང་ནམ་མཁས ང་ཐག་རིང་དུ་དེད་སོང་
ལོ་མའི་ཤག་སྒྲ་ཁོ་ན
འཚོ་བ་འདིའི་སྙིང་པོ་ཡིན
ཐ་སྙད་སྐོར་གྱི་ཁ་བརྡ།
ཁ་བརྡ་དྲ་དེབ་ཏུ་བེད་སྤྱོད་བྱས་པའི་ཐ་སྙད་སྐོར་གཅིག་དབྱིན་བོད་ཤན་སྦྱར་ཏུ་བཀོད་པ།
ང་ཚོས་དྲ་རྒྱའི་ཐོག་བོད་ཡིག་མང་བར་སྤྱོད་པའི་སྐབས་འདིར། ཐ་སྙད་རིགས་གཅིག་གྱུར་ཡོང་བ་གལ་ཆེར་འཛིན་དགོས་སྟབས། ཁ་བརྡ་དྲ་དེབ་ཏུ་སྤྱད་པའི་ཐ་སྙད་སྐོར་གཅིག་འདིར་བཀོད་ཡོད། ཐ་སྙད་རིགས་ལ་ནོར་བ་དང་ཆད་པ། གཅིག་གྱུར་མིན་པ་སོགས་མཆིས་ཚེ། དེ་ལྟར་ཡིན་པའི་བསམ་ཚུལ་ལྷུག་སྩོལ་ཡོང་བ་ཞུ།
དགེ་འདུན་རབ་གསལ་གྱིས།
… ནང་གི་ཡིག་མཛོད། -achieve for ….
གཞུང་ཡིག་-Scripts་
ཇུས་འགོད་བྱེད་པ་-Formatting
ཐོ་བརྒྱབ་-signed up
དུས་རབས་ཉེར་གཅིག་གི་བོད་སྐད། སྐད་སྒྱུར་ཞིག་གནང་རོགས།
༼ངས་ལྷ་སའི་ཆང་ཁང་གི་གསང་གཅོད་ནང་ནས་འདི་འདྲ་ཞིག་གོ་བྱུང་།༽ ཁྱེད་ཀྱི་དེའི་དོན་གོའམ། ཨ་ཀྱེ། ཁྱོད་རའི་རོ་ར་གཅིག་ཡིན་འགྲོ། སུས་ཁྱོད་ལ་ཤི་ཅའོ་ལ་ཤོར་ཟེར་གྱི་འདུག ང་འདིར་རྨོ་ཏོ་ཤ་སྟག་གཅིག་གི་མཉམ་དུ་བཞག་ནས་ཁྱོད་ར་ཤི་ཅའོ་ལ་སྐྱག་པ་ཟ་གི་ཡོད་པས། ད་མགྱོགས་ཙམ་ཤོག་མ་གཏོགས་རྙོག་ཉོས་ཡོང་། ག་རེ། མཚོ་མོ་སྒུག་བསྡད་ཡོད་ཨས། མོ་གཡུག་ཞོག གོ་ཡག་བྱས་ན་མོའི་མ་གིར་མེ་ཏོག་འདུག་ཟེར་གྱིས ཁ་སང་བསོད་ནམས་ཁོས་མོ་ལ་སྟེར་ནས་དེང་སང་ཁོ་སྨན་ལྤག་ཟ་ཟ་བཟའ་གི་འདུག ཆོ་ཁོ་ར་མིན་འདུག་ཟེར་གྱིས། བྱས་ཙང་ཁྱོད་ར་ཚོད་བྱེད་མ་གཏོགས་པོ་ཏོག་གཏུབ་དགོས་ཁྱེར་ཡོང་། ཁ་ས་ཁྱོད་རས་ཁྲིད་ཡོང་བའི་ཞི་མི་དེ་ཆོ་ཁོ་ར་མིན་འདུག…
དེ་ལས་མང་བ་། “དུས་རབས་ཉེར་གཅིག་གི་བོད་སྐད། སྐད་སྒྱུར་ཞིག་གནང་རོགས།” »