སྤོབས་པ་མཐའ་ཡས།
ང་བོད་ལ་དགའ། ང་བོད་ལ་དུང་། གཞན་གྱི་སྤྱི་ཚོགས་དང་འགྲོགས་ཀྱིན་འགྲོགས་ཀྱིན། གཞན་གྱི་རིག་གནས་འདི་སྦྱོང་གིན་སྦྱོང་གིན། གཞན་གྱི་བསམ་བློ་ལ་བསྟུན་གྱིན་བསྟུན་གྱིན། ང་རང་གི་སྤྱི་ཚོགས་ལ་ཡིད་ཆེས་ཇེ་བརྟན་རེད།
ང་ནི་རང་ཡུལ་བོད་ཀྱི་ནས་རྩམ་ཞིབ་མོ་དང་། འབྲི་མར་སེར་པོའི་རོ་བཅུད་ལ་བརྟེན་ནས་འཚར་ལོངས་བྱུང་བའི་བོད་མི་ཞིག་ཡིན། ངའི་གྲོགས་པོ་བརྒྱ་ཆ་དགུ་བཅུ་བོད་མི་ཡིན། ངས་གཞན་སྐད་ཤེས་རུང་རང་སྐད་བརྗེད་མེད། ངས་གཞན་ཡུལ་འགྲིམ་རུང་རང་ཡུལ་དྲན་ཡོད།