༧སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་དགེ་རྒན་ཆེན་མོ་ཌོ་ནེལ་ཌི་ ལཱོ་ཕེ་ཛི་ (Donald S. Lopez Jr.)གཉིས་ཀྱིས་བསྒྱུར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་དེ་ཉེ་ཆར་ཆཱི་ཁ་གོའི་སློབ་གྲྭ་ཆེན་མོའི་པར་ཁང་གིས་པར་སྐྲུན་དང་འགྲེམ་སྤེལ་ཞུས་ཡོད་འདུག ཨིན་འགྱུར་པར་མ་འདི་ལ་ཤོག་ངོས་ ༤༥༧ ཡོད་པ་དང་། པར་རིས་ ༧༤ ཡོད་འདུག དེབ་འདི་ལ་ཨིན་སྐད་དུ་ “Grains of Gold: TALES OF A COSMOPOLITAN TRAVELER” ཞེས་ཞུ། ཁཱོ་ལུམ་བྷི་ཡ་སློབ་གྲྭ་ཆེན་མོའི་ལཱོ་རན་ ཧར་ཊི་ལི་དང་། བཀའ་ཟུར་བསྟན་འཛིན་རྣམ་རྒྱལ་ལགས། དགེ་རྒན་ཆེན་མོ་ཇེ་ནེ་ཊི་རྒྱ་མཚོ་ལགས། དགེ་རྒན་ཆེན་མོ་ཚེ་རིང་ཤཱཀྱ་ལགས་བཅས་ཀྱིས་དེབ་འདི་ལ་བསྐྱར་ཞིབ་ཀྱི་ཚིག་ཐོ་བརྩམས་གནང་འདུག
དེབ་འདི་ལ་ལོ་ཙཱ་བ་ཟུང་གིས་ངོ་སྤྲོད་ཀྱི་རྩོམ་ཡིག་བྲིས་ཡོད་འདུག་ལ། དེབ་འདིའི་སྐོར་ཆཱི་ཁ་གོའི་སློབ་གྲྭ་ཆེན་མོའི་དྲ་རྒྱའི་ཐོག་གནས་ཚུལ་ http://press.uchicago.edu འདི་ན་བཀོད་འདུག དེ་བཞིན་ཨ་མཱ་ཛོན་དྲ་བ་ནས་དེབ་འདི་ཉོ་ཐུབ་པ་མ་ཟད། འདིའི་འབྲེལ་ཐག་འདི་རེད། http://www.amazon.com གཤམ་དུ་ཡོད་པ་ནི་གཏམ་རྒྱུད་གསེར་ཐང་གི་ཨིན་འགྱུར་མའི་དཀར་ཆག་རེད།
དགེ་འདུན་ཆོས་འཕེལ་སྐོར་གྱི་དེབ་འདི་ནི་ཉེ་ཆར་ཁོང་གི་སྐོར་ལ་ཐོན་པའི་དེབ་གཉིས་པ་དེ་རེད། དེབ་གཞན་ཞིག་ནི། “Gendun Chopel: Tibet’s First Modern Artist” ཞེས་པ་སྟེ། “ བོད་ཀྱི་དེང་རབས་རི་མོ་བ་ཐོག་མ་སྟེ། དགེ་འདུན་ཆོས་འཕེལ།” ཞེས་པ་འདི་ཡིན་པ་དང་། དེ་ཡང་ཀུན་ཕན་ཐེབས་རྩ་ཚོགས་པའི་དྲ་རྒྱ་ http://www.trace.org རུ་ངོ་སྤྲོད་བྱས་པ་ལྟར་ན། དེབ་འདི་ནི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དང་། སེ་རིན་ཌི་ཡ་པར་ཁང་ (Serindia Publications) ཟུང་འབྲེལ་གྱིས་པར་བཏབ་པ་ཡིན་འདུག་ལ། དགེ་རྒན་ཆེན་མོ་དགེ་རྒན་ཆེན་མོ་ཌོ་ནེལ་ཌི་ ལཱོ་ཕེ་ཛི་ ཡིས་བརྩམས་པ་ཞིག་ཡིན་འདུག སེ་རིན་ཌི་ཡ་པར་ཁང་གི་དྲ་རྒྱ་ན་ངོ་སྤྲོད་བྱས་པ་ལྟར་ན། http://www.serindia.com དེབ་འདི་ལ་ ཤོག་ངོས་ ༡༣༦ ཡོད་པ་དང་། དེའི་ཁྲོད་དུ་ཚོན་ཁྲ་ཅན་གྱི་ཤོག་ངོས་ ༥༩ ཡོད་ལ། དགེ་འདུན་ཆོས་འཕེལ་གྱི་རི་མོ་སྣ་ཚོགས་ཤིག་ཕྱོགས་བསྒྲིགས་བྱས་པའི་དེབ་འདི་ཉིད་ ༢༠༡༣ ལོའི་ཟླ་བ་ ༨ པའི་ནང་པར་སྐྲུན་གྲུབ་ཡོད་འདུག དེབ་འདི་ཡང་གོང་གསལ་པར་ཁང་གི་དྲ་རྒྱ་དང་། དེ་བཞིན་ཨ་མཱ་ཛོན་གྱི་འབྲེལ་ཐག་ http://www.amazon.com འདི་ནས་ཉོ་ཐུབ་པ་རེད།
གསར་རྟ་བཀྲ་ཤིས་དོན་གྲུབ་གྱི་རྒྱལ་ཁ་ལ་དགའ་བསུ་ཞུ་བ་དང་ཆབ་གཅིག་ཏུ་གཞིས་བྱེས་བོད་མི་ཐམས་ཅད་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུ། རྩོམ་མཆན་ཕོ་མོ་དག་ལའང་འཚམས་འདྲི་ཞུ།
གསེར་རྟ།
དགེ་འདུན་རབ་གསལ་ལགས་ཀྱིས་ལོ་གསར་པར་གསར་འགྱུར་ཡག་པོ་ཞིག་སྤེལ་གནང་འདུག གཏམ་རྒྱུད་གསེར་ཐང་ཨིན་འགྱུར་མ་ཐོན་པར་དགའ་བསུ་ཞུ།
བོད་མི་ཞིག་གམ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསེར་དང་མཚུངས་པའི་རྣམ་དཔྱོད་དེ་འཛམ་གླིང་སྐྱེ་བོ་མང་པོ་ཞིག་གིས་ཤེས་རྟོགས་ཐུབ་པར་མཐུན་འགྱུར་བསྐྲུན་པ་རེད།
གཏམ་རྒྱུད་གསེར་གྱི་ཐང་མ་ཨིན་ཡིག་ཏུ་བསྒྱུར་མཁན་རྣམ་པ་གཉིས་ཆ་ལ་གནམ་ལོ་གསར་ཚེས་ལབཀྲ་ཤིས་བདེ་ལེགས།
དྲ་གྲོགས་ཚང་མར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ། གསེར་གྱི་ཐང་མ། ཕ་ལམ་གྱི་ཐང་མ། དངུལ་གྱི་ཐང་མ། བདེ་བའི་ཐང་མ། རང་དབང་གི་ཐང་མ། ཐམས་ཅད་བདེ་ཞིང་སྐྱིད་པར་གྱུར་ཅིག
བསམ་ཤེས་ལགས། དབུས་པའི་ཁ་སྐད་དུ་ཐང་མ་ཞེས་པ་ལ་གོ་བ་ག་རེ་ཡོད་རེད། ཐང་མ་བསྐམས། ཐང་མ་སྲུང་། ཐང་མ་བརྡལ། ཐང་མ་བཀྲམས། ཐང་མ་བསྡུས། འདི་འདྲའི་བྱ་ཚིག་སྤྱོད་དམ།
རྒན་རབ་གསལ་ལགས། ལོ་གསར་བཟང་།
ལོ་གསར་ལ་རྫུན་བཤད་ན་མ་འགྲིགས་སྟབས། སྐད་སངས་དམའ་པོས་ཞུ་རྒྱུར། དཀོན་མཆོག་གསུམ་ཤེས་ཀྱི་མེད་དོ། ཐང་མ་ཞེས་པའི་ཚིག་འདི་ཐོག་མ་དགེ་ཆོས་ཀྱི་ལྗགས་རྩོམ་ལས་ཐོས་སོ། དེ་ལ་རེབ་གོང་རྒད་པོ་ཞིག་གིས་བཤད་ལུང་ཐོབ་བྱུང་། ངས་ཤེས་པའི་དབུས་སྐད་དེ་འབྲུ་རེད། ཐང་མ་དེ་ཀུན་ནས་ཡིད་ལ་འགྲོ་བའི་ཐ་སྙད་ཅིག་ལ་སྣང་། དབུས་པ་གཞན་ལ་དྲིས་ནས་ལན་འབུལ་ཆོག
བཀྲ་ཤིས་བདེ་ལེགས།
ཐང་མ་ཞེས་པ་ནི་དགེ་རབ་ཀྱིས་བཤད་པ་ལྟར་རེད། ཤིང་གི་སླེ་བོ་ལས་སོགས་ཀྱི་ནང་དུ་བཀྲམས་པའི་དངོས་པོ་ལྟ་བུ་རེད། དཔེར་ན་ནས་ཀྱི་ཐང་མ་ཟེར་བ་འབྲུ་རིགས་ནས་དཀར་མོ་ཆུ་ལ་དཀྲུས་ནས་ཉི་མར་བཀྲམས་པ་ལྟ་བུ་དེ་བཞིན་ཕྱུར་བའམ་ཕྱུ་རའི་ཐང་མ་ལས་སོགས་བཞིན་ནོ། བོད་སྟོད་པའི་སྐད་དུའང་དེ་ལྟར་བརྗོད་སྲོལ་འདུག
ལོ་ཙ་བ་ཟུང་གི་རྣམ་དཔྱོད་དང་རྒྱུན་རིང་པོའི་སྒོ་ནས་བོད་ཀྱི་རིག་གཞུང་ལ་ཞབས་འདེགས་ཞུ་བཞིན་པར་ཡིད་སྨོན་འཆོར། ལྷག་པར་དུ། དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ནས་༧གོང་ས་མཆོག་གི་ཟབ་མོའི་ཐུབ་བསྟན་ཆོས་ཚུལ་ཇི་སྙེད་ཅིག་དེང་དུས་ནུབ་ཕྱོགས་པར་སྦྱིན་གྱི་རླབས་པའི་བཀའ་གསུངས་པར་གུས་ཕྱག་ཞུའོ། །
དོན་དང་ལྡན་པའི་ཐུབ་བསྟན་སྦྱིན་པ་ཞིག་རེད་ཨང་།
བོད་སྐད་ནས་ཕྱི་སྐད་ལ་བསྒྱུར་ན། རྗེས་སུ་ཡི་རང་ཙམ་ལས་དགའ་བསུ་གང་ཡང་མེད། ཕྱི་སྐད་ནས་བོད་སྐད་ལ་བསྒྱུར་ན། རྗེས་སུ་ཡི་རང་ཙམ་མ་ཟད། འགྱུར་ཐེབས་ཆག་ཅིག་ཡིན་ན་ཡང་དགའ་བསུ་ཚད་མེད་ཡོད་དོ།།
ཐུགས་རྗེ་ཆེ།