ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་རྒྱ་གར་དུས་ཚོད་༩:༣༠ ནས་མགོ་འཛུགས་ཀྱིས་ཨོ་ལིམ་པིག་རྩེད་འགྲན་གྱི་སྤྱི་ལེ་ ༢༠ ཐམ་པའི་འགྲོ་རྩལ་འགྲན་བསྡུར་ཏེ་རྒྱལ་ས་ལོན་ཌོན་གྱི་དཀྱིལ་དབུས་(The mall)ཞེས་པ་ནས་རྒྱལ་མོ་ཝེཀ་ཊའོ་རེ་ཡཱའི་དྲན་རྟེན་(Queen Victoria Memorial) ཞེས་པར་སྐོར་བ་ཐེངས་༡༠ བྱས་ཏེ་ཁྱོན་སྤྱི་ལེ་ ༢༠ (Km 20)ལ་རྒྱུག་ཡོད་པ་དང་། ཐེངས་འདིའི་འགྲན་བསྡུར་ནང་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཨང་གསུམ་པའི་རྒྱལ་ཁ་བླངས་ཡོད་པ་རེད།
བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་རྒྱལ་བའི་གཟེངས་རྟགས་ཐོབ་པར་བོད་རིགས་ཀུན་དགའ་བས་གང་ཞིང་། བོད་ཀྱི་བུ་མོ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུའོ།།
དེ་ནི་གཏམ་བཟང་པོ་རེད་ལ་། མོས་བོད་མི་ཚོར་གོ་སྐབས་རོགས་ན་ནུས་བ་ཡོད་པ་རྒྱལ་སྤྱིའི་སྟིང་ལ་སྟོན་འདུག་། མོ་ལ་བཀྲ་ཤིས་བདེ་ལེགས་ཡོད་།
བོད་ཀྱི་བུ་མོ་ཆོས་དབྱངས་སྐྱིད་ལགས་ཀྱིས་ཐེངས་དང་པོ་ཨྃ་རྩལ་འགྲན་ཚོགས་སུ་ཞུགས་ནས་ཟངས་རྟགས་རེག་པར་རྟེན་འབྲེལ་ཞུ། འཛམ་གླིང་ནང་ཞི་བདེའི་རང་བཞིན་གྱི་རྒྱལ་སྤྱིའི་རྩེད་འགྲན་སྟེང་རྒྱ་ནག་གི་ཨོ་རྩལ་གོ་སྒྲིག་པས་བོད་པའི་བུ་མོ་ཞིག་ལ་གོ་སྐབས་སྤྲད་པ་བཀའ་དྲིན་ཆེ་ཞུ་འོས།
ཁྱེད་ཁྱི་རྟགས་མ་་་་ཐོབ་དུས་་་ང་ཡི་ལུས་སེམས་ཀུན་བདེ་བས་ཁེངས།
སྙིང་ནས་བཀྲ་ཤིས་བདེ་ལེགས་ཞུའོ།།
http://www.tibettimes.net/news.php?showfooter=1&id=6434&&cp=2
འདུར་རྒྱུག་འགྲན་བསྡུར་མགོ་བཙུགས་ཏེ་སྤྱི་ལེ་ ༢ ཕྱིན་མཚམས། བུ་མོ་ཆོས་དབྱངས་སྐྱིད་ཀྱིས་མགྱོགས་ཚད་སྐར་མ་ ༨ དང་སྐར་ཆ་ ༣༩ བླངས་ཏེ་ཨང་ ༡༢ ཆགས་ཡོད་པ་དང་། སྤྱི་ལེ་ ༤ བསྐྱོད་མཚམས་མགྱོགས་ཚད་སྐར་མ་ ༡༧ སྐར་ཆ་ ༢༡ བླངས་ཏེ་ཨང་ ༡༠ དང་། སྤྱི་ལེ་ ༦ བསྐྱོད་མཚམས་མགྱོགས་ཚད་སྐར་མ་ ༢༦ སྐར་ཆ་ ༠༤ བླངས་ཏེ་ཨང་ ༧ ། སྤྱི་ལེ་ ༡༠ བསྐྱོད་མཚམས་མགྱོགས་ཚད་སྐར་མ་ ༤༣ དང་སྐར་ཆ་ ༡༦ བླངས་ཏེ་ཨང་ ༥ ། སྤྱི་ལེ་ ༡༦ བསྐྱོད་མཚམས་མགྱོགས་ཚད་ཆུ་ཚོད་ ༡ སྐར་མ་ ༠༨ སྐར་ཆ་ ༣༤ བླངས་ཏེ་ཨང་ ༣ པར་སླེབས་ཤིང་། མཐའ་མའི་ས་ཚིགས་སུ་སྐབས་མགྱོགས་ཚད་ཆུ་ཚོད་ ༡ སྐར་མ་ ༢༥ སྐར་ཆ་ ༡༦ ཀྱི་གྲུབ་འབྲས་བླངས་ཏེ་ཟངས་ཀྱི་རྟགས་མ་བླངས་ཡོད་པ་རེད།
བོད་མི་རིགས་ཀྱི་ལོ་རྒྱུས་ནང་དུ། རྒྱལ་སྤྱི་ཨོ་ལེན་པིག་འགྲན་སྡུར་སྟེང་ཨང་གསུམ་པ་ཟངས་ཀྱི་རྟགས་མ་ཐོབ་པའི་བུ་མོ་ཁྱེད་ལ། བཀྲིས་བདེ་ལེགས་གྲངས་མེད་ཞུ་ཡི་ཡིན།
བུ་མོ་ཆོས་དབྱིངས་སྐྱིད་ལ་ཨང་གསུམ་པའི་བྱ་དགའ་ཐོབ་པར་སྙིང་ནས་དགའ་ཞིང་། ཁྱེད་ལ་བཀྲིས་བདེ་ལེགས་གྲངས་མེད་ཞུ།།
གངས་རིའི་སྲས་མོ་ཆོས་དབྱིངས་སྐྱིད་ལགས་ཁྱེད་ཀྱིས་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཁྲི་ཁྲག་མང་པོ་ལ་སེམས་ཤུགས་སྤར་སོང་། ང་ཚོས་འདོད་པ་ནི་མ་འོངས་པར་བོད་མི་རིགས་ལ་རྒྱལ་ཁབ་ཞིག་གི་ཐོབ་ཐང་ཐོག་ནས་འདི་ལྟར་ཁྱེད་རང་ཨོ་རྩལ་འགྲན་བསྡུར་ཁྲོད་རྒྱུག་ཐུབ་ན་བསམ་སོང་ཁྱེད་ཀྱིས་ཀྱང་བསམ་ཡོད་སྲིད། ཆོས་དབྱིངས་སྐྱིད་ལགས་ཐུགས་རྗེ་ཁྱེད་ཀྱིས་ང་ཚོས་སེམས་པ་དགུལ་སོང་།
ཁྱེད་ཀྱིས་འཛམ་གླིང་གི་ལོ་རྒྱུས་ནང་ཟིན་ཐོ་བཀོད་སོང་ངའི་མི་རིགས་ཀྱི་གཟི་བརྗིད། ཁྱེད་ཀྱིས་ང་ཚོའི་སེམས་པ་སྒུལ་སོང་།
ལ་དྭགས་བློ་བཟང་ལགས་ཀྱིས་ ཞེ་ས་བྱེད་དགོས་ས་དང་མི་དགོས་ས་མི་ཤེས་ཀ
ཡ་དྲ་གྲོགས་ལ་དྭགས་པ་ལགས ཉེ་སྡོན་ངས་ཁྱོད་ལ་ཐེངས་ཁ་ཤས་བཤད་མྱོང་མོད་ ཡིག་སྐྱོན་དང་ཚིག་སྐྱོན་ལ་ཅུང་དོ་སྣང་བྱེད་རོགས་ཟེར་བ་བརྗེད་སོང་ངམ། གོང་གི་ བསམ་ཚུལ་ཐུང་ཐུང་དེའི་ནང་དུ་ཚིག་སྐྱོན་ག་ཚད་འདུག་གམ ངོ་མ་དེ་འདྲ་རེ་བྱས་ན་འུ་ཚོ་ལ་དྭགས་པས་ཇ་ཁོལ་རྒྱུ་མ་རེད་ཡ།
སྤྱིར་གཞོན་ནུ་ཕུགས་དོན་མ་རྟོགས་པའི་ཀླད་གསར་ཅན་མང་པོས་དེང་རབས་ཀྱི་རྒྱལ་སྤྱིའི་ཁྲ་ཁྲ་ཟིང་ཟིང་གི་རྣམ་པར་གཡེངས་ནས་འགྲན་རྩོད་ཀྱི་རིགས་ལ་ཧང་བསམ་བསམ་བྱེད་བཞིན་དུ་ཡོད། འགྲན་རྩོད་དང་ཐོབ་ཤོར་ནི་འཁྲུགས་རྩོད་ཀྱི་གཞི་མ་དང་ཉོན་རྨོངས་ཀྱི་སྣ་འདྲེན་ཆགས་སྡང་གི་དཔུང་རོགས་བཅས་ཡིན་པས་འགྲོ་བ་མིའི་རིགས་ལ་གནས་སྐབས་ལུས་ཀྱི་བདེ་ཐང་ཙམ་ལས་ཕུགས་སུ་ཕན་པའི་རང་བཞིན་ཅན་ཞིག་མིན། ཡང་དགོས་དེ་རིང་ངས་ཁྱེད་ཚོར་གཅིག་འདྲི། ཁྱེད་ཚོས་མ་འོངས་པར་བོད་མི་ནང་རུལ་པ་ཞིག་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཀྲུའུ་ཞིའི་གོ་གནས་ཐོབ་ན་དགའ་བསུ་བྱེད་རྒྱུ་ཡིན་ནམ། ཡིན་ན་བྱམས་པ་ཕུན་ཚོགས་དང་ར་སྡིག་སོགས་ལའང་དགའ་བསུ་ཞུས། ང་ནི་ཆོས་དབྱིངས་སྐྱིད་ལ་ནང་རུལ་པ་ཞིག་གི་བྱ་སྤྱོད་དུ་ངོས་འཛིན་ཡོད། ཤ་རུས་གཙོ་མི་ཆེ། འདུ་ཤེས་དང་ལྟ་བ་གཙོ་ཆེ་བས། རྒྱ་ལ་དགའ་ཞེན་ཆེ་བའི་བྱ་བཞག་འདི་ནི་བོད་པའི་ལས་དོན་འཇོན་ཐང་རྒྱ་ལག་ཏུ་སྤྲོད་པ་རེད་ལ། དགྲ་དགའ་གཉེན་སྡུག་གི་བྱ་བ་ཡང་རེད། བོད་མི་ཞིག་རྒྱར་འགྱུར་ཟིན་པའི་ལས་དོན་ཞིག་ཡིན་པས་རྒྱ་ལ་རྟགས་མ་ཐོབ་པ་རེད་མ་གཏོགས་བོད་ལ་ཐོབ་པ་ག་ནས་ཡིན། རྒྱ་དམར་ལ་རྟགས་མ་གཅིག་ཐོབ་པ་མོས་བཟོས་པ་རེད། ཞབས་འདྲེན་མ་དེའི་ང་ཚོ་བོད་པ་ཚང་གི་ངོ་གདོང་ཆུ་ནང་གཡུག་སོང་། ངོ་མ་ཡིན་འདས་པའི་ལོ་ངོ་གཅིག་གི་ནང་དུ་གཞིས་ལུས་མི་མང་གི་ཚེ་སྲོག་མང་པོ་མེར་བསྲེག་གཏོང་དགོས་དོན་ནི་རྒྱ་མིའི་དར་དམར་འོག་ཏུ་སྡུག་སྔལ་གྱིས་མ་བཟོད་ནས་འུ་ཐུག་པའི་བྱ་བ་དེར་འཇུག་པ་རེད། མོས་དེ་རིང་སྐར་ལྔའི་དར་དམར་ཕྱར་ནས་འཛམ་གླིང་མི་མང་འདུན་ནས་འདི་འདྲ་བྱ་བ་ངན་པ་ཞིག་འཇུག་སོང་།
དེ་རིང་བོད་མོ་ཞིག་ལ་ཟང་གི་རྟགས་མ་ཐོབ་པའི་ཉིན་འདིར། ངས་སྙིང་ཁོངས་ནས་མི་རིགས་དང་བསྟན་སྲིད་ཆེད་དུ་རང་སྲོགས་བློས་གཏོངས་གནང་པའི་འདས་གསོན་ཡོངས་ལ་དགོངས་སེལ་ཞུ་ངེས་ཡིན། ད་དུང་ཁྱེད་ཚོས་ནང་མི་ཉེར་འབྲེལ་ཡོངས་ལ་ཡང་དེ་བཞིན་ཞུ་ངེས་ཡིན། དེ་ལས་ང་ལ་ཐབ་ཤེས་མི་འདུག ཁྱེད་ཚོ་ཁོང་ཁྲོ་མ་ལོང་རོགས་། ཁྱེད་ཚོས་བཟོད་པ་སྒོམ་གནང་རོགས་ངོ་མ་ཡིན།
ཆོས་དབྱིངས་སྐྱིད་ཀྱི་ཕྱག་རྗེས་ལ་བླ་མ་མེད་པའི་གོང་བཀུར་དང་བཀྲིས་བདེ་ལེགས་གྲངས་མང་ཞུ་བཞིན་ཡོད། འདི་ནི་བོད་མི་རིགས་ཀྱི་གཟི་བརྗིད་ཞིག་ཡིན་ལ། འཛམ་གླིང་ལོ་རྒྱུས་ཐོག་གི་ཟིན་ཐོ་ཞིག་ཀྱང་རེད།
ལོག་སྨྲ་ཚར་གཅོད་ལགས། དེ་ཡིན་ན་ཁྱོད་ཀྱི་ནང་རུལ་བ་ཟེར་བ་དེ་འབྲེལ་བ་ཡག་པོ་ཞིག་བྱོས་དང་ང་ཚོས་སྒུག་ནས་འདུག ཁོ་མོའི་ནང་རུལ་གྱི་བྱ་བ་ཅི་ཞིག་བྱེད་སོང་། ཁྱོད་རང་གི་ཁོ་མོ་དང་བསྡུར་ས་དེ་ནས་རྩ་བའི་ཆ་ནས་ནོར་བ་རེད། ཁྱོད་ཀྱི་གཞིས་ལུས་མི་དམངས་ཀྱི་ཆེད་དུ་ལས་ཀ་ཅི་ཞིག་ཡོད། དེ་ན་དེང་སང་བོད་མི་མང་བོ་ཞིག་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ནས་བང་སྒྲིགས་ཡོད་པ་དག་ལ་ཁྱོད་ཀྱིས་གང་ལ་ངོས་འཛིན་ནམ།
ཕྲག་དོག་དང་ཆོ་མེད་ཀྱི་སྐད་ཆ་མ་བཤད་བཟང་ནི་རེད།
བོད་པའི་བུ་མོ་ཆོས་དབྱིངས་སྐྱིད་ལ་ཨང་གསུམ་པ་ཐོབ་པར་སྙིང་ནས་དགའ་ཡོད། བཀྲ་ཤིས་བདེ་ལེགས་ཞུ།
རྒྱ་ནག་བཀའ་དྲིན་ཅན་ཚང་གིས་ལམ་ཞིག་སྤྲད་པ་རེད། རྒྱ་རྒན་དགེ་རྒན་དེ་ཡིས་ཐབས་ཀྱིས་བསྐྱངས་པ་རེད། བུ་མོ་བརྩོན་འགྲུས་ཅན་དེ་ཡིས་བརྩོན་པ་བྱས་པ་རེད། དེ་གསུམ་འཛོམས་ནས་དེ་རིང་གི་བོད་ཀྱི་བུ་མོ་ཆོས་དབྱངས་སྐྱིད་ལ་ཟངས་རྟགས་ཐོབ་པ་རེད།
བོད་རིགས་བུ་མོ་ཆོས་དབྱངས་སྐྱིད་དང་རྒྱ་རྒན་དགེ་རྒན་དེ། ད་དུང་རྒྱ་ནག་རྩེད་འགྲན་ཚོགས་པའི་ལས་བྱེད་དག་ལའང་བཀའ་དྲིན་ཆེ་ཟེར་དགོས་པ་རེད།
བོད་རྒྱལ་ལོ། ཆོས་དབྱིངས་སྐྱིད་རྒྱལ་ལོ། བོད་རྒྱལ་ལོ།
རྨ་ཆེན་གངས་རིའི་སྤོབས་པ་སེམས་ལ་ཉར་ཞིང་།ཁྲི་ཤོར་རྒྱལ་མོའི་མངའ་མཐའ་ཡིད་ལ་སྒོམ་ནས་མི་ཡུལ་ལ་གདོང་དམར་བ་ཞིག་ངོ་གདོང་བསྟན་སོང་བར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ། ང་ཚོ་བཙན་པོའི་གདུང་རྒྱུད་ཡིན་པའི་དཔང་བོ་འདི་ནས་བསྟན་སོང་།ང་ཚོ་ལ་ནམ་ཡང་ལམ་ཞིག་ཡོད་པའི་རེ་བ་འདི་ནས་རྙེད་སོང་། དོ་དགོང་དགའ་བས་མིག་ཆུ་ཁྲོམ་ཁྲོམ་གྱི་ཀློང་ནས
བོད་པའི་བུ་མོ་ཆོས་དབྱིངས་སྐྱིད་ཀྱི་བྱ་དགའ་ནི་མོ་རང་གིས་མགྱོགས་རྩལ་གྱིས་བླངས་པ་ཅིག་རེད་མ་གཏོགས།བྱམས་ཕུན་དང་རག་སྡིས་སོགས་ནང་བཞིན་ནང་མགོ་ཕྱི་བཙོང་དང་བོད་མིར་དྲག་གནོན།༧རྒྱལ་བར་མཚན་སྨོད་བྱས་ཏེ་བླངས་པ་ཅིག་མིན་པ་འཛམ་གླིང་ཀུན་གསལ་རེད།དེ་བས་ཁོ་མོ་ནི་བོད་ཀྱི་དཔའ་མོ་དང་བོད་མིའི་གཟི་བརྗིད་རེད།
ལྷག་པར་མོ་རང་བོད་མི་གཙང་མ་བོད་སྐད་བོད་ཡིག་གཙང་མ་ཤེས་མཁན་གྱི་ས་མཐོའི་འབྲོག་ཕྲུག་ཅིག་ཡིན་པ་མ་གཏོགས།ཕྱི་རྒྱལ་དང་རྒྱ་མིའི་ནང་སྐྱེས་པ་བོད་ཡིག་བོད་སྐད་མི་ཤེས་ལ་བོད་མིའི་ལ་རྒྱ་མེད་ནའང་བོད་བེད་སྤྱོད་གཏོང་བཞིན་རང་ཁེ་ཟ་མཁན།ར་མིན་ལུག་མིན་ཅན་པོ་མིན་པས་ངོ་མ་དགའ་སོང་།
དར་ཆ་དམར་པོ་ལོག་ནས་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་དང་། མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན། མི་རིགས་ཀྱི་རང་དབང་རྩོད་ལེན་བྱེད་མཁན་མི་བུ་སྙིང་སྟོབས་ཅན་མང་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་ཁོང་རྣམས་ཀྱིས་ཕྱི་ཚུལ་གྱི་རྣམ་པ་ནི་དེ་རིང་བུ་མོ་ཆོས་དབྱིངས་སྐྱིད་རྒྱལ་སྤྱིའི་རྩེདའགྲན་ལ་ཞུགས་པ་ནང་བཞིན་མ་བྱས་ག་མེད་ཡིན་པ་ང་ཚོས་ཤེས་གསལ་རེད། དེའི་ཕྱིར་བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱིད་ལ་ནང་རུལ་བའི་ཞྭ་མོ་ནག་པོ་གཡོག་པ་ནི་དང་ལེན་བྱེད་མི་འདོད་གི
མི་ལ་ལས་བཤད་ན། ཁོ་མོས་རང་མིང་ཏག་ཏག་ཅིག་བྲིས་མི་འདུག་ཟེར། ངས་བལྟས་ན། ཁོ་མོས་རང་མིང་ཏག་ཏག་བྲིས་འདུག ཡིན་ན་ཡང་རྒྱ་ནག་པ་རྣམས་ཀྱིས་ཕྱི་མི་ཞིག་གི་མིང་ཁོང་པ་ཚོའི་སྐད་ཡིག་ཐོག་བྲིས་ཚེ། དེའི་སྒྲ་གདངས་དགོད་བྲོ་བོ་ཞིག་ཡོད་པ་རེད། འདིར་ཡང་དཔེར་ན། ཆོས་དབྱིངས། Choeyang དང་། Qieyang. སྐྱིད། Kyi དང་། Shenjie ལྟ་བུ་རེད། རྒྱ་ནག་པོའི་སྒྲ་གདངས་ལ་སྐྱིད་ཀྱི་སྒྲ་གདངས་ཏག་ཏག་ཅིག་མི་ཐོན་པ་མངོན་གསལ་རེད། དཔེར་ན། བསམ་གཏན་ལ་ Sa Mu Ten ཟེར་བ་ལྟ་བུ་སོགས་གྲངས་མེད་རེད། མདོར་ན། རྒྱ་ནག་པོ་ཚང་གིས་ཁ་བ་གངས་ཅན་པའི་མིང་ཚིག་གི་སྒྲ་གདངས་ཏག་ཏག་ཅིག་ཡོང་མི་ཐུབ་པ་འདི་གས་སྐད་ཡིག་དང་རིག་གཞུང་ཐ་དད་ཡིན་པའི་རྣམ་པ་གསལ་སྟོན་བྱས་པ་རེད་ལགས།
སྦྲ་དཔལ་ལྡན་གྱིས། བསམ་ཚུལ་ཐུང་ཐུང་དེའི་ནང་དུ་ཚིག་སྐྱོན་ག་ཚད་འདུག་གམ དེ་ཙམ་གྱིས་མི་ཕན། ཚིག་དངོས་མ་བསྟན་ན། ངས་དེ་ལ་རྟག་དཔྱད་ཀྱིས་ཁས་ལེན་ངེས། ངོ་མ་དེ་འདྲ་རེ། ཞེས་ཟུར་ཆག་སྟེ། ཆག་སྐྱོགས་ཡིན་པ་ཁྱོད་ཀྱིས་ག་ལ་མཐོང་། མི་མཐོང་ངོ་།
ཆོས་དབྱིངས་སྐྱིད་ཀྱི་གོམ་བགྲོད་འགྲན་བསྡུར་དང་གསུམ་པར་བླངས་པར་བཀྲ་ཤིས་བདེ་ལེགས་ཡོད་ལགས།
བོད་རིགས་བུ་མོ་ཞིག་ལ་ཟངས་ཀྱི་རྟགས་མ་ཐོབ་པ་ནི་བོད་ལ་ཐོབ་པ་མ་རེད་ལ། བོད་ཀྱི་གཟི་བརྗིད་ངོམས་པ་ཞིག་ཀྱང་མ་རེད། རྒྱ་ནག་ལ་ཐོབ་པ་རེད་ལ་རྒྱ་ནག་གི་གཟི་བརྗིད་ཕྱིར་ངོམས་པ་ཞིག་རེད་ཟེར་ཆོག ། འོན་ཀྱང་ནང་རུལ་ཡིན་སྲིད་ལ། བོད་ཀྱི་ བླ་ན་མེད་པའི་བྱས་རྗེས་ཞིག་འཇོག་པ་ག་ནས་ཡིན། བོད་རིགས་ཞིག་ལ་རྟགས་མ་ཐོབ་དུས་བོད་རིགས་ཚོས་དགའ་འཚོ་བྱུང་ངེས་རེད། དེ་མི་འོས་པ་ཞིག་ག་ནས་ཡིན།
འཇམ་དབྱངས་ཀྱི་སྐད་ཆ་དེ་བདེན་པར་མཐོང་།
ཡིན་མི་སྲིད་ཞིག་བཅོས་རོགས།
ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་་བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱིད་་་་ཨང་གསུང་པ་ཐོབ་པ་ལ་དགའ་བསུ་དང་རྟེན་འབྲེལ་ཞུ།།
རྒྱ་མིའི་གཞུང་ཚབ་ཁང་དུ་ དོལ་ཚོགས་ཀྱི་མི་མ་གཏོགས་འགྲོ་མཁན་ཡོད་མ་རེད། གལ་སྲིད་ཡོད་ན་ནང་རུལ་དང་རྒྱ་མིའི་གསང་མྱུལ་ཡིན་པ་ཐེ་མི་ཚོམ།
གངས་དཀར་ལྷ་མོ་ཆོས་དབྱིངས་སྐྱིད།
གངས་རིའི་དངས་གཙང་གི་འཛུམ་ཆུང་གྲོལ་བཞིན།
སྤང་ཐང་བསིལ་རླུང་གི་གཤིས་ཀ་གཏོར་བཞིན།
དགའ་འབོད་ཁྲི་ཕྲག་གི་རླབས་རྩེ་ན་འཕྱོ་བ་དེ་སུ་ཚང་གི་བུ་མོ་རེད།
སེམས་པ་འབུམ་ཕྲག་གི་ཟབ་ས་ན་མཚེར་བ་དེ་སུ་ཚང་གི་མཛངས་མ་རེད།
ཨོ་་་་་་་ རེད་ཡ་་་་་་་་
འབྲོག་ཐང་གི་འོ་དྲི་མ་ཡལ་བའི་གངས་དཀར་ལྷ་མོ།
སྤང་ཐང་གི་རྩམ་དྲི་འཐུལ་གྱིན་པའི་གངས་དཀར་ལྷ་མོ།
དེ་རིང་།
གདོང་དམར་ཁྲི་སྟོང་གི་སེམས་ངོགས་ནས་བཞེངས་སྟེ།
གངས་རིའི་དྲོད་འཇམ་གྱི་ཐུ་འོག་ནས་ཆས་ཏེ།
སྲིད་པའི་རྩེ་མོར་སྙེགས་ཀྱིན་པའི་ཕོ་ཉ་དཀར་བོ།
ཨ་་་་་ ངའི་གངས་དཀར་ལྷ་མོ་་་་་་་་་་
དེ་རང་བོད་པའི་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་ཨོ་རྩལ་འགྲན་ཚོགས་སྟེང་ཟངས་ཀྱི་རྟགས་མ་བླངས་པས་གྲོགས་པོ་ཚོ་དང་ལྷན་དུ་དགའ་བའི་གསོལ་སྟོན་སྟེང་བྲིས་པ།
ཧ་ཧ་ཧ་་་་དོལ་ཚོགས་མི་རེད་ཞེས་པའི་སྐད་ཆ་དེ་ལ་ཆ་འཇོག་བྱེད་མཁན་ཉུང་རེ་ཉུང་རེ་་་་དོལ་ཚོགས་མི་མང་རེ་མང་རེ་་་་་
ཆོས་དབྱངས་སྐྱིད་ལགས། ཁྱེད་ཀྱིས་ང་ཚོ་གངས་ཕྲུག་རྣམས་ལ་གཟི་བརྗིད་དང་སྤོབས་བྱིན་སོང་། ང་ཚོའི་ད་བར་རྩེད་རིགས་ནི་བག་མེད་ཀྱི་སྤྱོད་པ་ཞིག་དང་། འགྲན་རྩོད་ནི་ཕུང་ཁྲོལ་གྱི་གཞི་མ་ཞིག་ལྟ་བའི་རྨོངས་གཉིད་ལས་སད་སོང་ལ། རྩེད་རིགས་ནི་ཡར་ཐོན་གྱི་མངོན་རྟགས་ཤིག་དང་། འགྲན་རྩོད་ནི་གཟི་བརྗིད་ཀྱི་
སྤོབས་པ་ངོམ་ས་ཞིག་ཡིན་པ་གཞི་་ནས་ཤེས་སོང་། འདི་ནི་ཁྱེད་ཀྱིས་བོད་མི་རིགས་ལ་བཅང་བའི་ལ་རྒྱའི་
ཞེན་པ་དཀར་བོའི་མཚོན་རྟགས་ཤིག་དང་། བོད་མི་རིགས་ཀྱི་མགོ་བོ་གྱེན་ལ་འགྱོགས་པའི་སྙིང་སྟོབས་ཀྱི་
འབྱུང་ཁུངས་ཤིག་ཡིན་པས། ང་ཚོས་ནམ་ཡང་ལ་ཁྱེད་ལ་གུས་འདུད་དང་བཀའ་དྲིན་སྙིང་བཅང་ཞུ།
སྟབས་ཡག ཁ་བྲོ་རྒྱུ་མ།
གངས་རིའི་གཅེས་ཕྲུག་མ་ཆོས་དབྱངས་སྐྱིད་ཀྱིས་ཤ་རུས་གདུང་བརྒྱུད་གཅིག་པའི་ཕྱི་ནང་བོད་རིགས་ཡོངས་ཀྱི་ངོ་སོ་ཡར་བསྟོད་
སོང་། བོད་བསྟན་སྲིད་ཀྱི་དོན་དུ་སྐུ་སྲོག་གཏོང་མཁན་རྒྱལ་གཅེས་བཀའ་དྲིན་ཅན་ཚོས་དག་པའི་ཞིང་ནས་ཁྱེད་ལ་བསྟོད་བསྔགས་གནང་བཞིན་འདུག ཨ་་་་་་་་ གངས་ཅན་པའི་གཅེས་ཕྲུག་མ་་་་ཁྱེད་ཀྱིས་གསན་བྱུང་ངམ། ཆོས་སྲིད་གཉིས་ལྡན་གྱི་བོད་རྒྱལ་ཁབ་ཆེན་པོའི་བླ་ན་མེད་པའི་མཚོན་དོན་སེང་དར་མང་པོས་ཁྱེད་ལ་དངོས་སུ་དགའ་བསུ་གནང་བ་མཐོང་སོང་ངམ། ཤ་ཁྲག་གཅིག་ལས་མཆེད་པའི་གཞིས་བྱེས་སྤུན་ཟླ་ཡོངས་ཀྱིས་ཁྱེད་ལ་སྨོན་ལམ་དང་རྒྱབ་བསྐྱོར་གནང་བ་ཤེས་སོང་ངམ། གཅེས་ཕྲུག་མ་་་་་་་་འཇིག་རྟེན་ན་སྙན་གྲགས་མཆོག་ཏུ་ཆེ་བའི་རྒྱལ་སྤྱིའི་ཨོ་རྩལ་ཆེན་མོའི་ཁྲོད་ཀྱི་རྒྱུག་མདུར་གྱིས་ཨང་གསུམ་པའི་རྒྱལ་ཁ་དེས་་་་་་་་་ལོ་ཟླ་སྡུག་གིས་འཁུར་བཞིན་པའི་གངས་ཅན་པའི་སྤུན་ཟླ་ཡོངས་ཀྱི་དེ་རིང་སེམས་པ་དགའ་སྤྲོས་གང་ཡོད། གངས་ཅན་པའི་སྤུན་ཟླ་ཚོ་་་་་ང་ཚོས་ལག་གདངས་གཅིག་ཏུ་སྦྲེལ་ནས་མདུན་དུ་སྐྱོད་ཡ།
༄།། གངས་རིའི་གཅེས་ཕྲུག་མ་ཆོས་དབྱངས་སྐྱིད་ཀྱིས་ཤ་རུས་གདུང་བརྒྱུད་གཅིག་པའི་ཕྱི་ནང་བོད་རིགས་ཡོངས་ཀྱི་ངོ་སོ་ཡར་བསྟོད་
སོང་། བོད་བསྟན་སྲིད་ཀྱི་དོན་དུ་སྐུ་སྲོག་གཏོང་མཁན་རྒྱལ་གཅེས་བཀའ་དྲིན་ཅན་ཚོས་དག་པའི་ཞིང་ནས་ཁྱེད་ལ་བསྟོད་བསྔགས་གནང་བཞིན་འདུག ཨ་་་་་་་་ གངས་ཅན་པའི་གཅེས་ཕྲུག་མ་་་་ཁྱེད་ཀྱིས་གསན་བྱུང་ངམ། ཆོས་སྲིད་གཉིས་ལྡན་གྱི་བོད་རྒྱལ་ཁབ་ཆེན་པོའི་བླ་ན་མེད་པའི་མཚོན་དོན་སེང་དར་མང་པོས་ཁྱེད་ལ་དངོས་སུ་དགའ་བསུ་གནང་བ་མཐོང་སོང་ངམ། ཤ་ཁྲག་གཅིག་ལས་མཆེད་པའི་གཞིས་བྱེས་སྤུན་ཟླ་ཡོངས་ཀྱིས་ཁྱེད་ལ་སྨོན་ལམ་དང་རྒྱབ་བསྐྱོར་གནང་བ་ཤེས་སོང་ངམ། གཅེས་ཕྲུག་མ་་་་་་་་འཇིག་རྟེན་ན་སྙན་གྲགས་མཆོག་ཏུ་ཆེ་བའི་རྒྱལ་སྤྱིའི་ཨོ་རྩལ་ཆེན་མོའི་ཁྲོད་ཀྱི་རྒྱུག་མདུར་གྱིས་ཨང་གསུམ་པའི་རྒྱལ་ཁ་དེས་་་་་་་་་ལོ་ཟླ་སྡུག་གིས་འཁུར་བཞིན་པའི་གངས་ཅན་པའི་སྤུན་ཟླ་ཡོངས་ཀྱི་དེ་རིང་སེམས་པ་དགའ་སྤྲོས་གང་ཡོད། གངས་ཅན་པའི་སྤུན་ཟླ་ཚོ་་་་་ང་ཚོས་ལག་གདངས་གཅིག་ཏུ་སྦྲེལ་ནས་མདུན་དུ་སྐྱོད་ཡ།
གོང་གི་ལོག་སྨྲ་ཚར་གཅོད་ཟེར་བ་ཁྱོད་ཉོན།
ཉམ་ཆུང་གི་བུ་མོ་འདིས་སྐྱུག་བྲོ་བའི་ཆབ་སྲིད་ཀྱི་རྔ་མ་གཡུག་མི་ཤེས་ལ། ནང་རུལ་བ་ཟེར་བ་དེ་ཅི་ཞིག་གི་དོན་ཡིན་པ་ཙམ་ཡང་མི་ཤེས། མོས་ཤེས་པ་ནི་མོ་རང་བོད་མི་ཞིག་ཡིན་པ་དང་། བོད་མི་མང་པོ་ཞིག་གིས་རེ་བ་མོ་ལ་བཅོལ་ཡོད་པ་དེ་རེད། ཁྱོད་ལ་མིག་དང་རྣ་བ་ཡོད་ན་མོའི་གདོང་གི་ཉམས་དང་བཤད་པའི་ཚིག་ལ་ཉོན་དང་ཧ་གོ་ཡོང་། ཉམས་ཆུང་གི་བུ་མོ་འདི་རག་སྡིས་དང་བྱམས་པ་ཕུན་ཚོགས་ཀྱི་སྐེ་ལ་འདོག་པའི་གནག་སེམས་ཀྱི་སྦྱོར་བ་དེ་འདྲ་ཁྱོད་མིན་པ་སུ་ཡིས་ཕོད། ངོ་མ་ཁྱོད་ཀྱི་སྡུག་རྩུབ་དེ་ཁས་མ་བླང་རང་བླང་རེད།
བུ་རྒོད་མ་ཁྱོས་ཤི་རེ་བྱས་ནས་བོད་ཀྱི་མ་འོངས་བའི་རྩེས་རྩོད་འགྲན་སྡུར་བ་ལ་གོ་ས་བསྐྲུན་པ་ནི་ཁྱོད་ཀྱི་ཞེ་རྒྱས་རེད། ཁྱོད་ཀྱི་རྟགས་མ་དེ་ནི་རྒྱ་རིགས་ལ་མཚོན་ན་རྟགས་མ་ཞིག་ཡིན་རྒྱུ་རེད་དེ། བོད་ལ་མཚོན་ན་འདི་ནི་གདོང་དམར་བོད་རིགས་ཀྱི་ངོ་གདོང་འཛམ་གླིང་ལ་ཆེ་ཐོག་མར་བསྟན་པའི་རྩེད་རིགས་ལོ་རྒྱུས་ཀྱི་ལེའུ་དང་པོ་འབྲི་མགོ་ཚིགས་པ་རེད།
ཁྱོ་སོང་སོང་ས་ནས་ཁ་བྲོ་བར་ཤོག ཁྱོ་བསྡད་བསྡད་ས་ནས་བཀྲ་ཤིས་བར་ཤོག
དེ་ནས།
གོང་གི་རིན་ཆེན་ཟེར་བའི་མྱི་འདི་ཤ་ཚ་མོ། གོ་བ་ཆུང་ཆུང་རང་དང་འཚམས་པ་ཞིག་ལས་མེད་པས། ངས་ཁྱོ་ལ་འཇིག་རྟེན་དཔྱོད་པའི་ཡོན་ཏན་མེད་ན་མྱིག་ལ་མ་སྟོན་ཞུ་ཡ་ཡིན་ལོ།
བུ་མོ་ཆོས་དབྱིངས་སྐྱིད་ལ་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་ཞུ། རྒྱ་ནག་ཨོ་ལོ་པའི་ཚོགས་པ་ལ་ཐུགས་རྗེ་ཆེ་ཞུ། ལོ་བཞི་ཡིན་སྔོན་ལ་བོད་རིགས་རྣམས་ཀྱིས་ཨོ་ལོན་པི་བརྩོན་འགྲོན་སྐབས་སེམས་ནང་ལ་སྐྱོ་བ་ཚད་མེད་ཞིག་ཡོང་བ་རེད་། ལོ་བཞི་རྗེས་སུ་ཨོ་ལོན་པའི་དུས་འདིར་ང་ཚོས་བོད་པ་རྣམས་ཀྱིས་སེམས་ལ་བརྗོད་མི་ཤེས་པའི་དགའ་སྤྲོ་བྱུང་བ་རེད་། དེ་བསམ་ནས་སྐབས་དང་དུས་ཟེར་དེ་ལ་སུ་གང་ཧ་གོ་གི་མ་རེད་། ལོ་བཞི་རྗེས་སུ་བོ་རང་བཙན་ཡང་རག་སྲིད་པ་རེད་་་་་་kalkya hobkis ne dhekha
ཁ་བརྡ་ཚང་ལ་འདྲི་རྒྱུ་ ངའི་མཆན་བུ་དག་སྲུབ་དོན་གང་ཡིན་ན་་་་་་་་་་་་་་་་
ཡ་དྲ་གྲོགས་ཚོ། ཁྱེད་ཚོའི་རང་བཞིན་ལྷན་སྐྱེས་ཀྱི་སེམས་ནང་དགའ་ཚོར་དང་འཆར་སྣང་དེ་འདྲ་ཡོང་གི་ཡོད་པ་ངས་ཤེས་ཀྱི་ཡོད།
ཡིན་ན་ཡང་འཆར་སྣང་དེ་ཚོ་ཡང་དག་ཡིན་མིན་བརྟགས་པ་རྩ་ནས་མ་བྱས་པ་རང་སོར་བྲིས་པ་ཀྱང་རེད་འདུག གསར་བུ་ཚོ། ཉོན་དང་ང་ཚོས་རྒྱལ་སྤྱིའི་མིག་ལམ་དུ་ཐུན་མིན་གྱི་ཁྱད་ཆོས་ངོ་མ་བསྟན་དགོས་པ་ནི་འཚེ་མེད་ཀྱི་སྤྱོད་པ་དང་ཞི་བའི་རྣམ་འགྱུར། དྲང་བདེན་དང་ཕན་སེམས། བདག་ལས་གཞན་གཅེས་པའི་བསམ་བློ། གུས་ཞབས་དང་ཡ་རབ་སོགས་ནས་གཟི་བརྗིད་ཅིག་བསྟན་ནས་ཆེས་མཐོའི་གསེར་གྱི་རྟགས་མ་ཐོབ་པ་ཞིག་བྱུང་ན་དེ་ནི་༸གོང་ས་མཆོག་གིས་རྟགས་མ་བཞེས་པ་དང་ལྡོག་ཕྱོགས་སུ་མི་འགྲོ་ལ་བོད་པའི་ཉམས་ངོ་མ་དང་སྔོན་ཐོན་ཡང་དག་ངོམས་སུ་ཆོག་པ་ཞིག་ཡིན། བོད་ཀྱི་ལྟ་སྤྱོད་དེ་དག་གི་དོན་དུ་རྒྱལ་བས་བཀའ་སློབ་རིམ་ཁག་དང་སྐུ་ངལ་ཚད་མེད་བསྐྱེད་པ་ཚང་མ་དང་གཞུང་གི་ལང་ཕྱོགས་ཡོངས་རྫོགས་དེའི་ཐོག་ཏུ་བཞག་ཡོད་ལ་བོད་ཀྱི་སློབ་གྲ་ཚང་མའི་གྱང་ངོས་སུ་རང་ལས་གཞན་གཅེས་ཞེས་པའི་ཚིག་ཆེན་རེ་བྲིས་བཀོད་བྱས་པའི་དགོས་དམིགས་ཀྱང་དེ་ཁོ་ན་ཡིན། དེ་ལྟར་མིན་པ་འགྲན་རྩོད་དང་ཐོབ་ཤོར་གྱི་ལམ་ནི་འཁྲུགས་རྩོད་ཀྱི་གཞི་མ་དང་ཉོན་རྨོངས་ཀྱི་སྣ་འདྲེན་ཆགས་སྡང་གི་དཔུང་རོགས་རང་རྒྱལ་གཞན་ཕམ་གྱི་རྒྱལ་པོ་བཅས་ཡིན་པས་གཞོན་ནུས་ཚོས་རང་གི་ཐུན་མིན་གྱི་རིན་ཐང་དང་གཟི་བརྗིད་གང་ནས་བསྟན་དགོས་མིན་ངེས་པར་དུ་ཤེས་པར་བྱས་ནས་རྒྱལ་བས་དགོངས་པ་ཆུས་ཟོས་སུ་མ་གཏོང་རོགས།
ཆོས་དབྱིངས་སྐྱིད་ནང་རུལ་པ་ཞིག་ཡིན་པའི་རྒྱུ་མཚན་དགོས་ན། རྒྱ་ནག་གི་སྲིད་ཇུས་སྤྱི་དང་དམིགས་བསལ་བོད་རིགས་ཚོར་གུང་ཁྲན་གྱིས་བློས་འགེལ་ཆོག་པ་དང་ཏང་ཡོན་ཡིན་པ་ཁ་བྲལ་ལ་ངོ་རྒོལ་ཡོད་པ། ཀྲུང་གོ་གཅིག་གྱུར་ལ་དགའ་ཞེན་ཆེ་བ། བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་ཀྲུང་གོའི་ཆ་ཤས་ཡིན་པའི་ཁས་ལེན་བཅས་ཆ་རྐྱེན་དེ་དག་མ་ཚང་མཁན་ཞིག་མཐའ་ན་ཏང་རིམ་པའི་མགོ་ཁྲིད་ཙམ་ཡང་བསྐོ་བཞག་བྱེད་ཀྱི་མེད་ན་རྒྱལ་སྤྱིའི་ལས་རྩལ་འགྲན་ཚོགས་སུ་རྒྱ་ནག་གི་འཐུས་ཚབ་བྱས་ནས་བཏང་བ་ནི་ནམ་ཡང་མི་སྲིད་པས་མོས་དེ་དག་ཆ་ཚང་ཁས་ལེན་བྱས་ནས་སླེབས་པ་ཞིག་ཡིན་པ་ནི་ཚད་མས་ངེས་པ་རྙེད་ཐུབ། དེ་དག་ཁས་ལེན་བྱེད་མཁན་གྱི་བོད་པ་ནི་ནང་རུལ་པ་མིན་ན་གཞན་ཅི་ཞིག་ཡིན། གུང་ཁྲན་གྱི་དགོས་འདུན་སྒྲུབ་པ་དེ་བོད་དོན་ཡིན་མི་སྲིད་པས་མཁྱེན་པར་མཛད།
མཐོ་སྒང་བོད་པ་ཚང་གི་འབྲོག་མོ་དཀྱུས་མ་ཞིག་གི་རྒྱལ་སྤྱིའི་ཐོག་ལ་འདི་འདྲའི་རྡོ་རིང་གསར་བ་ཞིག་སྒྲེང་པ་ཡིད་ལ་ཡང་ཤར་མ་སོང་། མོ་རང་གི་ནུས་རྩལ་དང་འཇོན་ཐང་ལས་གྲུབ་པའི་འབྲས་བུ་ཞིག་རེ་མ་གཏོགས། དེ་ལས་གཞན་པའི་ཕུ་ནུ་ནང་དམེ་བྱས་ནས་ཐོབ་པ་ཞིག་མ་རེད། གོང་གི་དྲ་འབུ་(ལོག་སྨྲ་ཚར་གཅོད་) ཟེར་བ་དེའི་”ང་ཚོ་བོད་པ་ཚང་གི་ངོ་གདོང་ཆུ་ནང་ལ་གཡུག་སོང་ཟེར་”དེ་ལྟར་ཡིན་ན་བོད་པ་སྟོང་ཕྲག་མང་པོས་ཅི་ཕྱིར་དགའ་སྤྲོ་དང་སྤོད་པའི་ངང་ནས་མོ་ལ་དགའ་བསུ་གནང་བ་རེད་དམ། ངས་བལྟས་ན་མོས་ང་ཚོ་བོད་པ་ཚང་གི་ངོ་གདོང་མཁའ་ལ་བཏེགས་སོང་། ད་ལེན་གྱི་རྩེད་འགྲན་འདི་མོ་རང་གི་རབ་དང་རིམ་པའི་སྒང་ནས་དཀའ་ལས་བྱས་ནས་འབྲས་བུ་གྲུབ་པ་ཞིག་རེད་མ་གཏོགས་དེ་ལ་ཆབ་སྲིད་དང་འབྲེལ་བ་ཡེ་ནས་མེད་པ་མཁྱེན་གསར་རེད།
མོ་ལ་ཐོབ་པའི་རྟགས་མ་དེ་ལིའི་རྟགས་མ་ཡིན་པར་ཤོག ཟངས་ཀྱི་མིན་པར་ཤོག
ཨོ་ལིམ་ཕིག་འགྲན་བསྡུར་ནང་ཟངས་ཀྱི་རྟགས་མ་ཞེས་པ་ད་བར་སུ་ལ་ཡང་ཐོབ་མྱོང་མི་འདུག ཆོས་དབྱངས་སྐྱིད་ལ་ལི་ཡི་རྟགས་མ་ཐོབ་འདུག བཅོས་མིན་གྱིས་བཀྲིས་བདེ་ལེགས་ཞུ།
ཧ་ཅང་དགའ་སུ་ཡོད་་བུ་མོ་ཁྱེད་ཀྱིས་བོད་གངས་ཅན་གྱིས་
མིང་དང་ལ་རྒྱལ་ལ་ཞལ་རྗེས་བཞག་སོང། སྙིང་ཐག་པ་ནས་དགའ་
སུ་ཡོད་། ཐུགས་རྗེ་ཆེ་མོ་ཁྱེད་འདྲ་བོ་དངོས་གནས་བོད་ཀྱིས་དཔལ་མོ་རེད་
ལོག་སྨྲ་ལགས་་་་་་སྐད་ཆ་ག་རེ་ཡིན་ནའང་ཐལ་ཆ་ཆེ་དྲག་ན་ཡག་པོ་མི་འདུག །བུ་མོ་ཆོས་དབྱིངས་སྐྱིད་ནས་གཟི་བརྗིད་དང་ལྡན་པའི་ངང་་་་་ཨང་རིམ་གསུམ་པ་ཐོབ་པ་རེད། དེ་ལ་དགའ་བསུ་ཞུས་ན་མ་འགྲིག་པ་ག་ལ་ཡོད། མ་ཟད་མོ་རང་འགྲོ་སའི་ལམ་འགག་དེ་ནི་་་་གོང་ས་མཆོག་དང་ཟོང་གདོང་བླ་མ་བློ་སེང་གསུམ་གཙོས་པའི་་་་་དབུ་མའི་ལམ་འདོད་མཁན་བོད་པ་ཚང་མའི་རེ་སྒུགས་བྱེད་ཡག་གི་ལམ་བུ་དེ་རེད། ཁྱེད་ཀྱིས་བགྲངས་ཡག་གི་རྒྱུ་མཚན་གསུམ་པོ་དེ་་་་་ཁོང་ཚོ་ལ་ཡང་ཚང་གི་ཡོད་རེད་་་་སོང་ཙང་ཁོང་རྣམ་ཚོ་ཡང་ནང་རུལ་པར་ངོས་འཛིན་བྱེད་ཀྱི་ཡིན་པས་ལབ་དང་། ངས་ཁྱེད་རང་གིས་ལོག་སྨྲ་ཚར་གཅོད་སྟངས་དེ་ལ་ཡག་པོ་ཞིག་ལྟ་བར་འདོད། དེ་མིན་ཉམས་ཆུང་བུ་མོའི་སྒང་ལ་རྡོག་བརྫིས་མ་བཏང་ན་མཛེས་སོ།།
ཧ་ཧ་་ཧ་ཧ་རང་དབང་ཨ་རྡུ་མན་ནས་སྐད་ཆ་གང་བཤད་ན་ཐལ་ཆ་ཆེ་བ་ཚིག་འིག་ཡང་བཤད་མྱོང་པ་རེད་མརེད་པེས། ངས་ལྟས་ན་ཁྱོད་རང་ཡང་མི་ལ་བཤད་ཡག་གིས་ཁ་མེད་པ་མཐོང་གི་ཡོད་་་ང་ནོར་སོང་པེས་་་ཨ་་་
ལ་ལས་བསྟོད་ར་འཐེན་ནས་གནམ་ལ་བཀྱགས། །
ལ་ལས་སྡིག་མོ་བྱས་ནས་ཐང་ལ་གཡུག །
ལ་ལས་དོན་མེད་ཁྱི་རྒནན་ཀུ་ཅོ་འདོན། །
ལས་ངན་འདི་ཚོར་རིག་ན་སྙིང་ཞིག་ལངས། །
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་རྒྱ་གར་དུས་ཚོད་༩:༣༠ ནས་མགོ་འཛུགས་ཀྱིས་ཨོ་ལིམ་པིག་རྩེད་འགྲན་གྱི་སྤྱི་ལེ་ ༢༠ ཐམ་པའི་འགྲོ་རྩལ་འགྲན་བསྡུར་ཏེ་རྒྱལ་ས་ལོན་ཌོན་གྱི་དཀྱིལ་དབུས་(The mall)ཞེས་པ་ནས་རྒྱལ་མོ་ཝེཀ་ཊའོ་རེ་ཡཱའི་དྲན་རྟེན་(Queen Victoria Memorial) ཞེས་པར་བོན་སྐོར་ཐེངས་༡༠ བྱས་ཏེ་ཁྱོན་སྤྱི་ལེ་ ༢༠ (Km 20)ལ་རྒྱུག་ཡོད་པ་དང་། ཐེངས་འདིའི་འགྲན་བསྡུར་ནང་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཨང་གསུམ་པའི་རྒྱལ་ཁ་བླངས་ཡོད་པ་དེར་སྙིང་ནས་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་ཡོད། ད་དུང་མ་འོངས་པར་སྐོར་བ་དེ་འདྲ་མང་ཙམ་རྒྱག་རོགས་ཞུ། བོད་ཀྱི་བུ་མོ་རྣམས་རྒྱལ་ལོ། ཨ་མདོའི་མོ་རྒོད་ཚོ་རྒྱལ་ལོ། །
བོད་མོ་ཆོས་དབྱིངས་སྐྱིད་ལགས་ཀྱིས་༢༠༡༢ལོའི་ལོན་ཌོན་དུ་རྒྱལ་སྤྱིའི་ཨཱི་ལིམ་པིག་རྩེད་རྒྱུགས་འགྲན་བསྡུར་རིམ་པ་གསུམ་པའི་ཟངས་རྟགས་བླངས་པར་དགའ་བསུ་ཡོད། འོན་ཀྱང་མིང་དེ་རྒྱ་དམར་གྱིས་འཁྱེར་འགྲོ་གི་རེད་པ། ཨ་ཁ་ཁ། ལུང་པ་རང་ལ་མེད་ན། གཞན་གྱི་བྲན་གཡོག་ཡིན་ནོ། བསམ་བློ་ཐོང་གི་འདུག་ན་་་་་་་་་་་་་སླ་སླ་སླ་སླ ཟེར་བའི་གཞས་དེ་ལྷང་ལྷང་དྲན་བྱུང་།
ཆོས་དབྱིངས་སྐྱིད་ནང་རུལ་པ་ཞིག་ཡིན་པར་འདོད་པ་དེ་ཚོ་ནང་རུལ་བ་ངོ་མ་དེ་མ་ཡིན་ནམ། བོད་ནང་ཁུལ་ལ་ཕན་མི་ཐོགས། བོད་རིགས་རྡོག་རྩ་གཅིག་སྒྲིལ་ལ་མི་ཕན། བོད་མི་དེང་རབས་པ་ལ་མི་ཕན། བོད་མིའི་ལར་ཞེན་ལ་མི་ཕན། མོས་རྒྱལ་སྤྱིའི་གདེངས་ཆའི་སྒང་ནས་བོད་རིགས་ཀྱི་ཞབས་འདྲེན་ཞུས་མེད། བོད་རིགས་རྡོག་རྩ་གཅིག་སྒྲིལ་རྒྱལ་ལོ། །་ལྷ་རྒྱལ་ལོ། །བོད་རྒྱལ་ལོ། །བོད་རྒྱལ་ལོ། །
བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཨང་གསུམ་པའི་རྒྱལ་ཁ་བླངས་ཡོད་པ་དེར་སྙིང་ནས་དགའ་བསུ་དང་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད།
བོད་གངས་ཅན་པའི་གཅེས་ཕྲུག་མ་བུ་མོ་ཆོས་དབྱིངས་སྐྱིད་ལ་འཛམ་གླིང་ལུས་རྩལ་འགྲན་རྒྱུག་བཟང་རྟགས་ཐོབ་པར་བཀྲ་ཤིས་རྟེན་འབྲེལ་ཞུ།
ངས་མོ་རང་གི་རྩེ་འགྲན་དེ་ཐད་ཀར་ལྟ་འདོད་བྱུང་ཡང་། ལས་ཀར་དགོང་པ་མེད་པས་བྱ་ཐབས་བྲལ། ཡིན་ན་ཡང་མོ་རང་ལ་བྱ་དགའ་ཐོབ་པའི་སྨོན་ལམ་དང་། ཡིད་མཆེད་བྱས་པ་ཡིན། སུའི་ཚབ་བྱེད་མིན་དེ་གཙོ་བོ་མིན་པར་བྱ་ཐང་གི་འབྲོག་མོ་ཞིག་གི་རང་གི་རྩལ་ལ་བརྟེན་ནས་མི་ཚང་མའི་སྔོན་དུ་བསྐྱོད་ཐུབ་པ་དེ་མཐོ་སྒང་གདོང་དམར་བའི་གསི་བརྗིད་རེད།
འཛམ་གླིང་ནང་གིས་རྩེ་འགྲོན་དགའ་ཤོས་ནི་མོ་རང་ཡིན་
ང་ཚོ་བོད་ལ་དཔལ་མོ་ཅིག་བྱུང་བ་དེ་ཡང་་ང་རང་ཚོས་
བསོད་ནམས་རེད་།
http://www.youtube.com/watch?v=SwpMdamoWT8&feature=share
བོད་མི་རིགས་དགའ་འོས་པའི་བྱ་བ་བཟང་པོ་ཞིག་རེད། བཀྲ་ཤིས་བདེ་ལེགས་ཞུ།
ཨ་མའི་བུ་མོས་འཇོན་ཐལ།།
གངས་རིའི་འོད་མདང་རྒྱས་ཐལ།།
ཨ་ཅེ་འབྲོག་མོ་ཡག་ཐལ།།
ཡབ་མེས་རྗེས་ཤུལ་འཛིན་ཐལ།།
གངས་ལྷ་མེ་ཏོག་སྙིང་སྟོབས་ཐལ།།
ཆོལ་གསུམ་གདོང་དམར་དགའ་ནས་ཐལ།།
ཨ་མདོ་བུ་མོར་སྙིང་རུས་ཐལ།།
འདུར་རྒྱུག་བྱ་དགའ་བླངས་ནས་ཐལ།།
ཨ་རྡུ་མན་དང་ལོག་སྨྲ་ཚར་གཅོད་འདི་ཚོ་ལ་བོད་སེམས་ཤིག་མེད་པ་སྔར་ནས་ཤེས་ཡོད། འདི་ཚོ་ལ་ཡ་མ་བྱེད།
བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་རྒྱལ་སྤྱའི་ཨོ་ལིམ་པིག་རྩེད་འགྲན་ཐོག་བྱ་དགའ་ཐོབ་པར་དགའ་སྤྲོས་འཚམ་འདྲི་དང་ཆབས་ཅིག བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱིད་ཁོང་གིས་དགའ་བའི་འཛུམ་དང་ཞི་བའི་ཉམས་ཀྱིས་བོད་མི་རིགས་ཀྱི་ལ་རྒྱ་བརྩད་སོང་། ངོ་མ་བཀའ་དྲིན་ཆེ། ཡང་གཅིག་བཤད་ན། ཁོ་མོས་བོད་མི་རིགས་ཞེས་པ་དེ་འཛམ་བུ་གླིང་འདིའི་སྒང་ལ་མི་རིགས་སྟོབས་ལྡན་དང་ནུས་རྩལ་ཅན་ཞིག་ཡིན་པ་ཀུན་ལ་ཤེས་སུ་བཅུག་སོང་།
ལོག་སྨྲ་ཁོ། ཅི་འདྲའི་བླ་རྒན་འཁྱོག་རྭ་ཞིག བྱ་བརྒྱའི་ཁ་ཤར་ལ་འཁོར་དུས་བྱིའུ་འཇོལ་མོའི་ཁ་ནུབ་ལ་འཁོར་ཟེར་རང་རེད།
རང་གི་དགོན་པའི་ལག་འཁྱེར་ངོམ་ནས་ཆོས་ཚོང་རྒྱག་པ་ངོ་མི་ཚ་བར་གཞན་ལ་ལབ་ལབ་བྱེད་པ་འདི་ནི་ཁྱོད་ལ་མ་འོས་ཞིག་རེད་ཟེར་བ་ཡིན། ཁྱོའི་ལུས་ཀྱི་སྟོན་པའི་ན་བཟའ་དེ་ལ་ཕྱག་འཚལ་ལོ།
ལོག་སྨྲའི་་་་་་སྨྲ་ལྕེ་དེ་འཁྱགས་པས་བསྡམ་པ་མིན་འགྲོ་་་་་ཞབས་བརྟན་ཞིག་བྱེད་དགོས་ཡིན་ས་རེད་་་་ལོག་སྨྲ་ཁྱོད་ཀྱི་སྨྲ་ལྕེའི་དབང་རྩ་དེ་གྲོལ་བར་གྱུར་ཅིང་གྲོལ་བར་བདག་གིས་བྱའོ། ཧེ་ཧེ་ལམ་ཧུཾ་སྭ་ཧ༕ འོ་ཡ་ད་འགྲིག་སོང་་་་་་་མགྱོགས་པོ་བཤད་ཀྱི་རེད་སེམས་འཁྲལ་མ་གནོང་ཨ་་་་་་་
བོད་ཀྱི་ལུས་རྩལ་པར་འདུར་རྒྱུག་ཟངས་རྟགས་ཐོབ་རྗེས། བོད་སྐད་ཐོས་པས་མིག་ཆུ་ཤོར་ཉེན
藏族选手竞走摘铜 赛后只想吃牛羊肉喝白酒
རྒྱ་ཡིག་ནས་བསྒྱུར་བས། སྐད་གཉིས་ཤན་སྦྱར་དུ་བཀོད་པ་ཡིན། ཞུ་དག་དང་ནོར་བཅོས་གནང་བར་རེ་ཡོད།
ཆོས་དབྱངས་སྐྱིད། ཁ་བ་རི་བའི་མཐོ་སྒང་ནས་ཡོང་བའི་བོད་ཀྱི་བུད་མེད་འདི་ལ་༢༠༡༢ལོའི་ལོན་ཏོན་ཨོ་ལིན་ཕིག་རྩལ་འགྲན་སྟེང་སྤྱི་ལེ་༢༠ཡིནཔའི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཟངས་ཀྱི་རྟགས་མ་ཐོབ་པ་དང་། ཆུ་ཚོད༡སྐར་མ༢༥དང་སྐར་ཆ༡༦བཀོལ་ནས་ཨེ་ཤེ་ཡའི་ཟིན་ཐོ་ལས་བརྒལ་བ་རེད།
བོད་སྐད་ཀྱི་མིག་ཆུ་དང་དྲིན་ལན།
ཆོས་དབྱངས་སྐྱིད་ལགས་ལོན་ཏོན་ནས་རྒྱུག་པའི་དུས་སུ། མི་ཚོགས་ཁྲོད་ནས་ཤུགས་རྒྱོབ(ཧྲ་ལ་བྱོས)ཅེས་བོད་སྐད་བཤད་བཞིན་པ་ཐོས་ཙམ་ན། བུ་མོ་འདི་དུས་ཡུན་རིང་པོ་ཞིག་ལ་ཕ་ཡུལ་དུ་མ་ལོག་པའི་ཕྱིར། གནས་སྐབས་དེ་རུ་མིག་ཆུ་འགོག་དཀའ་བ་བྱུང་།
切阳什姐在伦敦奔走时,她听到有人用藏语加油,这个好久没回家的小姑娘险些当场洒泪。
ཁོ་མོས་བཤད་རྒྱུར། མི་ཞིག་གིས་བོད་སྐད་ཀྱི་ལམ་ནས་ང་ལ་ངར་ཤུགས་བརྒྱག་རོགས་བྱེད་པ་ཐོས་བྱུང་། དེ་མ་ཐག་ཁ་ཕྱིར་འཁོར་ནས་བལྟ་ཙམ་བྱས་ན་འང་རྙེད་མ་བྱུང་། སེམས་ནས་དེ་ངའི་ཨ་ཁུ་ཨེ་ཡིན་ནམ་བསམ་བྱུང་།
“我听到有人用藏语给我加油,回头看了下,但没找到,我想那会不会是我叔叔啊。”(མཆན། ང་ཚོ་ཚང་མ་ཁྱེད་ཀྱི་ཨ་ཁུ་ཡིན། ལོན་ཏོན་ནའང་མང་པོ་ཡོད་པ་རེད། )
སྤྱི་ལེ༡༥ཡི་རྗེས་ནས་བོད་ཀྱི་བུ་མོ་འདི་ལུག་ཝོང་ཞེས་པའི་སྔུན་ལ་བུད་པ་དང་། སྤྱི་ལེ16པའི་དུས་ཚོད་རྩིས་གནས་སུ་ཨང་གསུམ་པར་འཕར་ནས། ཟངས་རྟགས་ལེན་པར་ཁག་ཐག་བྱུང་།
小姑娘在15公里后竟超越刘虹,在16公里计时点时上升到第三位,确保铜牌。
སྐོར་བ་ཆེས་མཐའ་མ་གཉིས་ནི་ཆོས་དབྱངས་སྐྱིད་ལགས་དགའ་འཛུམ་གྱིས་ཁེངས་ནས་འགྲུབ་པ་རེད། ཁོ་མོས། འདི་ནི་ང་ལ་རྒྱབ་སྐྱོར་གནང་མཁན་ལ་ཕུལ་བའི་དྲིན་ལན་ཆེས་བཟང་བ་ཡིན་པར་ངེས། ཞེས་བཤད་བྱུང་།
最后两圈,切阳什姐是笑着走完的,她说:“这是给支持我的人最好的回报。”
ངས་ལུག་ཤ་དྲན། སྐམ་ཤ་དྲན། ཆང་དཀར་དྲན།
“我想吃羊肉、吃牛肉、喝白酒”
ཆོས་དབྱངས་སྐྱིད་ཀྱི་གཞི་ཁྱིམ་ནི་མཚོ་སྔོན་པོ་མདའ་བཞིའི་མཐོ་སྒང་རྨི༢༠༠༠ཡན་ན་ཆགས་པ་དང་། ཨོ་ལིན་ཕིག་རྩལ་འགྲན་ལ་ཞུགས་ཆེད་ཕལ་ཆེར་ཡུལ་ལ་ལོག་ཐུབ་མེད། སྦྱོང་བརྡར་གྱི་སྐབས་སུ་ནམ་ཡང་ཕ་མ་གཉིས་ཡོང་ནས་ཁོ་མོར་བསྐོར་བ་བྱེད་པ་རེད།
切阳什姐的家住在海晏县2000多米高的高原上,为了备战奥运她基本都不回家,奥运前的集训期,都是父母去基地探望她。
ཆོས་དབྱངས་སྐྱིད་ཀྱིས། ལོ་གང་མང་ཞིག་གི་ནང་ང་ཁྱིམ་ལ་ལོག་ནས་དུས་ཡུན་བཟང་བོ་ཞིག་སྡོད་མ་ཐུབ། ཁྱིམ་ནང་ལུག་ནར་ནོར་ནག་ཅི་ཙམ་རེ་ཡོད་པའང་ཤེས་བཞིན་མེད། ཅེས་བཤད་པ་དང་།
“我好多年没有回家好好呆一段了,家里有几头羊、几头牛都不知道了。”切阳什姐说,
ཟངས་རྟགས་ལོན་རྗེས་ཕ་མར་ཆེས་ཞུ་འདོད་པ་ནི། ངས་ཁྱེད་ཅག་དྲན། ཁྱེད་ཅག་ལ་ཐུགས་རྗེ་ཞུ། ཞེས་པ་དེ་ཡིན། ཕ་མ་གཉིས་ལས་གཞན། བུ་མོ་འདིས་ལྷག་པར་དྲན་པ་ནི་ཁོ་མོར་ཤིན་ཏུ་གཅེས་པའི་ཨ་མྱེས་རེད།
拿到铜牌后最想和爸妈说,“我想他们,感谢他们!”除了爸妈,小姑娘最想念的还有疼爱她的爷爷。
ཨོ་ལིན་ཕུག་རྩལ་འགྲན་གྱི་ལམ་བུ་ཚར་རྗེས། ཆོས་དབྱངས་སྐྱིད་ནི་གཞི་ཁྱིམ་དུ་ལོག་པར་བྲེལ་ཡོད་དེ། ཨོ། ངས་ལུག་ཤ་ཟ་བར་འདོད། སྐམ་ཤ་ཟ་བར་འདོད། ཅང་དཀར་འཐུང་བར་འདོད། ཡུན་རིང་ཞིག་ལ་ཡུལ་ལོག་མེད་པ་དང་ལུག་ཤའང་ཟས་མེད། ཟེར།
结束奥运会征程后,切阳什姐急切地想回家,“我想吃羊肉、吃牛肉、喝白酒。太久没回家,没吃过羊肉了!”
ལོནཏོན་གྱི་ཚོར་བ་དང་རེ་བཞག
ཨོ་ལིན་ཕིག་རྩལ་འགྲན་གྱི་ཁོར་ཡུག་དེ་ངའི་དྲན་ཚུལ་དང་གཏན་ནས་འདྲ་བ་མི་འདུག འདི་རུ་སྤྲོ་བསུ་ཆེན་པོ་ཡོད་འདུག
གང་དུ་ཐོན་ནའང་ཁྱོད་ལ་ངར་ཤུགས་སྟེར་མཁན་ཡོད་པ་རེད། རང་གིས་བཏང་ལྷོད་གཏོང་འདོད་ཀྱང་ལྷོད་མི་ཐུབ་པ་འདྲ་འདུག ང་རང་ནི་ལྟད་མོ་བའི་ཀི་སྒྲ་ལ་བརྟེན་ནས་ཤུགས་བསྐྱེད་ཐུབ་པ་བྱུང་བ་རེད།
“奥运会的气氛跟我想象的太不一样了,这里很热情,走到哪里都有人给你加油,你想放松都放不下来,我是被观众的喊叫声带动起来的。
བོད་ཅིག་ཡིན་པའི་ཆ་ནས། ཨོ་ལིན་ཕུག་རྩལ་འགྲན་ལ་ཞུགས་ཐུབ་པ་འདི་གཟི་བརྗིད་ཆེན་པོ་ཞིག་ལ་ཚོར་ཡོད། ང་རང་རྒྱལ་བ་འདི་བརྒྱུད་ནས་བོད་པ་དེ་ལས་མང་བས་ལུས་རྩལ་སྦྱོངས་ཐུབ་པདང་། བོད་པ་དེ་ལས་མང་བ་ཨོ་ལིན་ཕུག་རྩལ་འགྲན་ནང་ཞུགས་ཐུབ་པར་རེ་བ་བཅིངས་ཡོད།
作为藏族人,能参加奥运会,我很骄傲。希望我的成功能让更多的藏族人来练体育,将来有更多的藏族人能参加奥运会!”
ཤ་རུས་ཁྲག་རྒྱུན་གཅིག་པའི་ཁ་བའི་ཅང་ཤེས་ཆོས་དབྱིངས་སྐྱིད།མེས་པོའི་ལོ་རྒྱུས་ཁྲོད་བྱས་རྗེས་བཞག་པའི་ཐོག་མ།
ཁ་བ་གངས་ཅན་པའི་ཁྱད་ཆོས་ཕྱི་རུ་ངོམ་པའི་ཐོག་མ།
རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ལ་རྩེད་འགྲན་ཞུགས་པའི་ཐོག་མ།
ད་དུང་མུ་མཐུད་ནས་མུ་མཐུད་རེ་བ་བརྒྱ་སྟོང་བཅོལ་སའི་ཐོག་མ།མ་འོངས་པའི་ལོ་ཟླའི་ཁྲོད་བསམ་དོན་ཡིད་སྨོན་འགྲུབ་པའི་རྟེན་འབྲེལ་ཞུ།
ལུས་རྩལ་མ་ཆོས་དབྱིངས་སྐྱིད་ཀྱི་མཚན་རྒྱ་ནག་རང་གི་拼音བེད་སྤྱོད་བཏང་འདུག
འདིར་གསལ་བཤད་རིང་པོ་ཞིག་འབྲི་འདོད་ཀྱང་། ཕན་ཐོགས་མེད་ངེས་པས་ངལ་བ་མ་བསྟེན། ཡང་སྙིང་ཕྱི་ལོག་གི་བོད་མི་ཚོ་༧གོང་ས་མཆོག་ནང་བཞིན་བོད་དོན་འཐབ་རྩོད་ཀྱི་སྣེ་མོ་ནས་རྩ་དགོངས་ཞུ་དགོས་ཀྱི་འདུག བོད་ཀྱི་མ་འོངས་པ་བོད་ནང་གི་བོད་མི་ཚོའི་ནུས་ཚོད་ཅིག་ལས་ཡོང་རྒྱུ་མེད་པ་གསལ་བོ་རེད། རེ་བ་དང་བྱས་རྗེས་ཁབ་རྩེ་ཙམ་མེད་པའི་ཕྱི་ལོག་གི་བོད་མི་ཁྱི་ལྡོམ་འདྲ་བོ་ཚོས་བོད་ནང་གི་བོད་མི་རིགས་ཀྱི་རིག་གཞུང་དང་ལ་རྒྱའི་བླ་སྲོག་ཏུ་གྱུར་བའི་བོད་མི་མཐོ་དམན་བར་གསུམ་ལ། རྒྱལ་ཚོང་སོགས་ཀྱི་ཉེས་མིང་གཡོག་ཆོག་ཆོག་བྱེད་རྒྱུའི་སྙིང་ཁམས་མ་ཆེ་ན་མི་བཟང་ངམ། འགྱེལ་ས་ནས་ལངས་ཨེ་ཐུབ་འབད་བརྩོན་བྱེད་བཞིན་པའི་རྒྱ་འོག་གི་བོད་མི་ཚོར་ཁ་གཏོང་ཆོག་ཆོག་དེ་འདྲ་ཡོད་ན། ཕྱི་ལོག་གི་ཁྱི་སྤྲང་ཚོས་རང་གི་ལྟོ་ཙམ་བཙལ་ནས་བོད་ནང་གི་བོད་མི་ཚོས་བྱས་རྗེས་ལ་ལྟོད་མོ་ལྟོས་ནས་ཁུ་སིམ་པོར་བསྡད་ཡག་པོ་རེད། ཁྱེད་ཚོར་ནང་གི་བོད་མི་ཚོའི་བྱས་རྗེས་ལ་ལྟད་མོ་ལྟ་རྒྱུའི་ཐོབ་ཐང་ཡོད་ཙམ་རེད། བོད་ནང་གི་བོད་མི་སྐད་གྲགས་ཅན་ཚང་མ་རྒྱལ་འཚོང་བ་ཡིན་ན། གཏོར་ཟིན་པའི་དགོན་སྡེ་ཚང་མ་སུ་ཞིག་གིས་སླར་གསོ་བྱས་པ་རེད། ཉམས་ཟིན་པའི་བོད་ཡིག་གི་ཚེ་སྲོག་སུ་ཞིག་གིས་སྐྱབས་པ་རེད། འབྲོག་ཐང་དང་རོང་སྡེ་གི་སློབ་གྲྭ་དེ་ཚོ་སུ་ཞིག་བཙུགས་པ་རེད། འབྲོག་ཕྲུག་དང་རོང་ཕྲུག་ཚོ་ལ་ཤེས་ཡོན་མདུན་ས་ཞིག་བསྐྲུན་པ་རེད། ཁམས་པ་དང་ཨ་མདོ་གཏུམ་པོ་ཚོས་ཕུ་ནུ་གསོད་རེས་ཀྱི་བླུན་རྟགས་དེ་སུ་ཞིག་ཨེ་ཁོག་འབད་པ་རེད་དམ།
བོད་ནང་གི་དགོན་སྡེ་རྣམས་རྡ་སའི་བཀའ་ཤག་གི་སླར་གསོ་བྱས་པ་རེད་དམ། ཡང་ན་བོད་ནང་བཀའ་ཤག་གིས་བརྒྱབ་པའི་སློབ་གྲྭ་ཞིག་ཡོད་པ་རེད་དམ། བོད་ཡིག་ཚེ་སྲོག་ཀྱང་བཀའ་ཤག་གིས་སྐྱབས་པ་རེད་དམ། བོད་དོན་གལ་ཆེན་འདི་དག་གི་ནང་དུ་བྱས་རྗེས་ཤིག་སྐྱག་ཙམ་ཡང་མེད་བཞིན་དུ། ད་དུང་བོད་ནང་གི་ཤ་ཞེན་རུས་དུང་ཅན་གྱི་བོད་མི་གྲགས་ཅན་ཚོར་ཁ་གཏོང་རྐྱང་མ་བྱས་ན་མི་དགའ་འམ། ཕྱི་ལོག་གི་བཀའ་ཤག་དང་གྲོས་ཚོགས་ཟེར་བ་དེ་ཚོར་བོད་ནང་གི་དགེ་རྒན་དཀྱུས་མ་ཞིག་གི་བྱས་རྗེས་ཙམ་ཡོད་པ་མ་རེད། གཞན་པ་ཞིག་ཕར་ཤོག ཁ་བཙུམ་ནས་ལྟད་མོ་ལྟོས་སྡོད། བོད་སྔོན་མ་ནས་བོད་གཞུང་གིས་བཙོན་ཟིན་པས། ད་ལྟའི་བོད་ནང་གི་བོད་མི་ཚོར་བཙོང་འདོད་ཀྱང་བཙོང་རྒྱུ་ལྷག་ཡོད་མ་རེད། བྱས་ཙང་བོད་ནང་གི་བོད་མི་མཐོ་དམན་བར་གསུམ་ལ་རྒྱལ་བཙོང་ཟེར་རྐྱང་མ་བྱེད་ལོ། བོད་རྒྱལ་ཁབ་གཅིག་ལས་བྱུང་མྱོང་ཡོད་པ་མ་རེད། དེ་ང་དགུ་ལོ་བོད་གཞུང་གིས་བཙོང་ཚར་བ་རེད། དེའི་ཕྱིར་རྒྱལ་ཁབ་གཅིག་དང་རྒྱལ་ཚོང་བ་གཅིག་ལས་ཡོད་པ་མ་རེད། བཙོང་ཡ་བོད་བཙོང་བ་རེད། བཙོང་མཁན་བོད་གཞུང་རེད། བཙོང་བའི་ལོ་ང་དགུ་ལོའི་སྔོན་རེད། ཚོང་ཐག་ང་དགུ་ལོར་ཆད་ཟིན་པ་རེད། ཡང་སྙིང་རྒྱལ་ཚོང་བ་གཅིག་ལས་ཡོད་པ་མ་རེད། དེ་ནི་དུར་འཇུག་བྱས་ཟིན་པའི་བོད་གཞུང་དང་དེ་འབྲེལ་གྱི་སྐུ་དྲག་དང་བླ་སྤྲུལ་ཚོ་རེད།
བོད་ནང་གི་བོད་མི་ཚོ་འགྱེལ་ས་ནས་ལངས་ཐུབ་པའི་སྨོན་འདུན་ཡོད། ས་མཐའི་ཁྱི་ལྡོམ་ཚོའི་ཚང་ནང་ལ་ནང་འཁྲུགས་ཀྱི་ཀི་ཅོ་མེད་པར་ཁུ་སིམ་པོར་གནས་པའི་རེ་བ་ཡོད།
འཇིག་རྟེན་མཐུན་འཇུག་གི་ཁ་ཕྱོགས་དང་སྲིད་པ་འཁོར་ཕྱོགས་ཀྱི་རིང་ལུགས་ནས་བཤད་ན།
གང་དགྲ་ལ་དགའ་བའི་ལས་ཤིག་བྱས་ན་གཉེན་ལ་སྡུག་པའི་ལས་ཤིག་བྱས་པའི་ཁྱབ། དཔེར་ན་གཞི་མོ་ཆོས་དབྱིངས་སྐྱིད་བཞིན། རང་གི་འཇོན་ཐང་དགྲ་ཕྱོགས་ནས་ངོམས་པ་དེ་ཡང་དགའ་དགའ་གཉེན་སྡུག་གི་ལས་ཤིག་ཡིན་ནོ། རྡ་ས་དང་པེ་ཅིང་གཉིས་ཀས་དགའ་བསུ་ཐོབ་པའི་བོད་པ་གསུམ།
༡) ང་ཕོད། ༢) འབའ་པ་ཕུན་ཚོགས་དབང་རྒྱལ། ༣) ཆོས་དབྱིངས་སྐྱིད།
ཁོང་རྣམ་པ་གསུམ་ནི་ངོ་མ་བོད་ཀྱི་འཇོན་པོ་རྣམ་གསུམ་རེད།
ང་ཚོ་མཐའ་གཅིག་ཏུ་རྒྱལ་བའི་ཕྱོགས་སུ་ལངས་ནས་གུང་ཁྲན་གྱི་དགྲ་བོར་གྱུར།
ར་སྡིག་སོགས་བོད་མི་མང་པོས་གུང་ཁྲན་གྱི་ཕྱོགས་སུ་ལངས་ནས་ང་ཚོའི་དགྲ་བོར་གྱུར།
བོད་མི་མང་ཆེ་བས་རྒྱ་དམར་གྱིས་འདོད་ཕྱོགས་དང་མི་མཐུན་པའི་ལས་འགུལ་གྱིས་ངོ་རྒོལ་བྱས་ཏེ་སྐུ་སྲོག་གྲངས་མེད་དོར་དགོས་བྱུང་། འགའ་ཞིག་གིས་གུང་ཁྲན་གྱི་འདོད་དོད་སྒྲུབ་པ་ལའང་བོད་མི་རྣམས་ཀྱི་དགའ་བསུ་བྱས་པ་དེ་ནི་ཆེས་ཡ་མཚན་གྱི་གནས་ཤིག་ཏུ་གྱུར་པ་རེད་ལ། མགོ་གཉིས་མགོ་བདེ་རིགས་ལ་རྒྱལ་ཁ་ཐོབ་པའི་དུས་ཤིག་ལ་སླེབས་ཟིན་ཏོ། ད་ནི་ངོ་མ་བོད་མི་རྣམས་ཀྱིས་འབུང་འགྱུར་གང་གི་ཕྱོགས་ནས་དང་ཅི་ཞིག་བྱེད་དགོས་མི་ཤེས་པ་མགོ་ཐོམ་གཞི་ཆེན་པོ་ཞིག་བཟོ་མཁན་ནི་ཕུགས་དོན་དང་རྩ་དོན་གྱི་ལ་རྒྱའི་གནས་ལ་རྨོངས་པའི་བོད་མི་ཀླད་གསར་ཅན་ཚོ་ཁོ་ན་རེད།
ལོག་སྨྲ་ལགས་་་་་མཆན་༤༤༽ དེ་ལ་ཡིན་ཅིས་ལན་གཅིག་གནང་རོགས་གནང་།
བློ་སེང་ནང་བཞིན་སྐད་ཆ་བསྐྱུར་བཟློས་ཡང་བཟློས་རྐྱང་མ་བྱེད་ན་མཛེས།
ལོག་སྨྲས་ཉོན། བོད་ནང་གི་བོད་མི་ཚོ་འགྱེལ་ས་ནས་ལངས་ཨེ་ཐུབ་ལྟ་མཁན་རེད། བཀའ་ཤག་དང་གྲོགས་ཚོགས་ནང་གི་མི་ངན་ཚོ་ཁྱོད་དང་འདྲ་བར་འགྱེལ་ནས་བྲོས་ཚར་བ་རེད། བྱས་ཙང་ཁྱེད་ཚོར་ཁྱི་ཁ་བཙུམ་ནས་འདུག་རྒྱུ་ལས་ལྷག་ཡོད་མ་རེད།
ལོག་སྨྲས་ཉོན། བོད་ནང་གི་བོད་མི་ཚོ་འགྱེལ་ས་ནས་ལངས་ཨེ་ཐུབ་ལྟ་མཁན་རེད། བཀའ་ཤག་དང་གྲོགས་ཚོགས་ནང་གི་མི་ངན་ཚོ་ཁྱོད་དང་འདྲ་བར་འགྱེལ་ས་ནས་བྲོས་ཚར་བ་རེད། བྱས་ཙང་ཁྱི་བྲོས་མ་ཁྱེད་ཚོར་ཁྱི་ཁ་བཙུམ་ནས་འདུག་རྒྱུ་ལས་ལྷག་ཡོད་མ་རེད།