ཤར་ཕྱོགས་ཁུག་རྟ།
༄༅།། ༢༠༠༨ ལོའི་ས་བྱི་ཞི་རྒོལ་བྱུང་སྐབས་ཁོ་བོས་ལོ་དེའི་ཟླ ༨།༨། ཉིན་ཨའོ་ལིན་ཕིག་རྩེད་འགྲན་ཆེན་མོ་ཚོགས་ཉིན་དང་བསྟུན་ནས་རྩོམ་པ་པོ་ཚོས་ཞི་རྒོལ་ལ་ལྟ་སྟངས་ཀྱི་དཔེ་དེབ་ “ ཁྲག་གི་རྡོ་རིང “་པར་འགྲེམས་བྱས་པ་ཡིན། དེབ་དེའི་མཇུག་བྱང་ནང་བོད་ནང་གི་ཞི་རྒོལ་དང་བསྟུན་ནས་དེབ་ཕྲེང་གཉིས་པ་ཐོན་ངེས་ཚུལ་བྲིས་ཡོད། ཡིན་ནའང། ས་བྱི་ཞི་རྒོལ་ཆེན་མོར་ལྟ་སྟངས་ཀྱི་བཙན་བྱོལ་བོད་མིའི་ཤེས་ཡོན་ཅན་གྱི་བསམ་ཚུལ་དམིགས་བསལ་ཞིག་ཐོན་དགོས་ཀྱང་དེ་མ་ཐོན་པ་ནི་བྱ་ཐབས་ཟད། འོན་ཀྱང་དགའ་འོས་པ་ཞིག་ལ་ས་གནས་སོ་སོའི་འབྲེལ་ཡོད་མི་སྣས་གནས་ཚུལ་བྱུང་རིམ་ཕྱོགས་བསྡུས་བྱས་པ་རྣམས་ཕལ་ཆེར་ལོ་རྒྱུས་ཡིག་ཚང་ཅིག་གི་རྣམ་པ་ཐོན་ཡོད་ཅེས་ན་མི་འགྲིག་པ་མེད་པར་བསམས།
ས་བྱི་ཞི་རྒོལ་ཆེན་མོའི་རྗེས་ནས་བོད་ནང་རང་ལུས་མེར་སྲེག་གི་ལས་འགུལ་རིམ་བསྟུད་དུ་བྱུང་སྟེ། རང་སྲེག་གི་གྲངས་ཚད་ཀྱང་སྐྱབས་བཅོལ་བོད་མིའི་ལོ་ཚད་ལས་བརྒལ་འགྲོ་ཡི་ཡོད་སྟབས། རང་སྲེག་མདུན་ལམ་ཐད་ལ་རྒྱལ་སྤྱིའི་གཞུང་སྒེར་ཚང་མར་སེམས་འཚབ་ཅི་བས་ཆེ་བ་མ་ཟད། འཇིག་རྟེན་ཧྲིལ་བོ་འདིའི་སྟེང་ན་རང་སྲེག་གི་མདུན་ལམ་ཐད་ཚིག་ཐག་ཆོད་པོས་ངོས་འཛིན་གནང་མཁན་མ་བྱུང་བ་སོགས་ནི་འགེབས་ཐུབ་མེད་པ་ཞིག་ཡིན་ནའང། རང་ཅག་བོད་མི་རྣམས་ཀྱིས་ “ སེམས་སྐྱོ་ཡང་མཆི་མ་མིད་དེ་འགྲོ“ཞེས་པའི་དཔེ་ལྟར། རྒྱལ་སྤྱིའི་གཞུང་སྒེར་ཁག་ལ་ཞུ་གཏུག མཆོད་འབུལ་སྨོན་ལམ། མར་མེ་ཁྲོམ་སྐོར་གནས་ཚུལ་ཁྱབ་བསྒྲགས་གང་ཐུབ་རེ་བྱེད་རྒྱུ་ལས་ཐབས་ཟད་པ་གསལ་བོ་ཡིན་ནའང།
རྩོམ་པ་པོ་རྣམས་དང་ཤེས་ཡོན་ཅན་རྣམས་ཀྱིས་རང་སྲེག་བྱུང་རྐྱེན་དང། རང་སྲེག་གནང་མཁན་གྱི་འཚོ་བའི་བརྒྱུད་རིམ། རང་སྲེག་གནང་མཁན་གྱི་ཞལ་ཆེམས་དང་སྐད་འབོད་ལ་དབྱེ་ཞིབ། གྲུབ་འབྲས་ཚོད་དཔག ལོ་རྒྱུས་ནང་དགོད་ཕྱོགས། རང་སྲེག་གནང་མཁན་ཚོས་ངོས་འཛིན་གནང་བའི་རྒྱ་ནག་གི་སྲིད་བྱུས། རང་སྲེག་གནང་མཁན་ཚོས་༧གོང་ས་ཆེན་པོར་བཅངས་པའི་དད་དམ། རང་སྲེག་ལས་འགུལ་ཆོས་ཕྱོགས་ཀྱི་འཚེ་མེད་ཞི་བ་ཡིན་མིན། རང་སྲེག་ལས་འགུལ་ནུབ་ཕྱོགས་པའི་འཚེ་མེད་ཞི་བ་ཡིན་མིན། རང་སྲེག་ལས་འགུལ་ནི་མིའི་འཚོ་གནས་བདེ་སྐྱིད་འཚོལ་ཕྱོགས་ཀྱི་ཐབས་ལམ་འཇིགས་སུ་རུང་བ་དེ་ཡིན་མིན། བརྙན་འཕྲིན་དང་ཡི་གེ་སྒྲ་བཤུའི་འཕྲུལ་ཆས་སོགས་སུ་རང་ཉིད་མེར་བསྲེགས་གཏོང་དགོས་དོན་འཇོག་མཁན་མང་པོ་མེད་པའི་རྒྱུ་མཚན། འབྱུང་འགྱུར་བོད་ནང་ཅི་ཞིག་གནང་དགོས་མིན་སོགས་གཞན་དབྱེ་ཞིབ་བྱ་ཐབས་འདྲ་མིན་སྤྱད་ནས་རྩོམ་ཡིག་སྤྱི་ལོ ༢༠༡༣ ཟླ ༣ ཚེས ༡༠ བར་གཤམ་འཁོད་ཁ་བྱང་ཐོག་བསྐུར་བ་ཡིན་ན། འཁྲུངས་སྐར་དུས་ཆེན་དང་བསྟུན་ནས་རང་སྲེག་ལས་འགུལ་ལ་བཙན་བྱོལ་བོད་མིའི་ཤེས་ཡོན་པ་ཚོས་ལྟ་སྟངས་དེབ་གཟུགས་སུ་པར་འགྲེམས་ཞུ་འཆར་ཡིན་ན་དེ་དོན་དགོངས་མངའ་ཞུ།།
༢༠༡༢། ༩། ༢༤། ཉིན།།
བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟ་དང་བདེ་ཆེན་སྒྲོོལ་མ་ཟུང་ནས།
Email: loveyoutibet@gmail.com
༡ རྩོམ་ཡིག་གི་མཉམ་དོ་བདག་གི་པར་ཅིག་ངེས་པར་དུ་བསྐུར་དགོས་པ་ཡིན། ༢ དཔྱད་རྩོམ་གཙོ་བོ་དང། བཅད་ལྷུག་སྙན་ངག་བསྐུར་ཀྱང་ཆོག ༣ ཡོངས་གྲགས་མ་ཡིན་པའམ་ད་ལྟའི་ཆར་མ་རེག་པའི་དཔའ་བོ་རྣམས་ཀྱི་ཞལ་ཆེམས་ལག་སོན་བྱུང་རིགས་འདི་གར་ཅི་ནས་ཀྱང་མཁོ་སྤྲོད་གནང་རོགས་ཞུ། ༥ རྩོམ་ཡིག་རྣམས་འདི་གར་དུས་ཚེས་གཏན་འབེབས་ནང་པར་འགྲེམས་མ་བྱས་སྔོན་བརྒྱུད་ལམ་གཞན་དུ་མི་གཏོང་བ་ཞུ། ༦ དེབ་གཟུགས་པར་འགྲེམས་ཟིན་རྗེས་འདི་གའི་དྲ་རྒྱ་བརྒྱུད་ནས་སྤྱན་འབུལ་ཞུ་ངེས་པ་བཅས།།།
དེ་ཡག་པོ་འདུག ཚིགས་བཅད་ལྷུག་གཉིས་ལས་ངེས་པར་ལྷུག་པ་ཡིན་དགོས་པ་ཨེ་རེད།
ཡ་ཡ་ ད་ཐེངས་ཡང་ཤར་ཕྱོགས་ཁུག་བལྟས་ལས་ཀ་ཡག་པོ་ཞིག་ལས་ཀྱི་ཡོད་ས་རེད། རྒྱབ་སྐྱོར་ཡོད་ཐུགས་རྗེ་ཆེ། ཁོམ་པོ་རེ་ཡོད་ན་རྩོམ་ཡིག་ཅིག་འབྲི་རྩིས་ཡིན།
མི་ཤེས་མི་ཁྱོད་ལ་ཡིད་ཆེ་མེད། གཡོ་རྒྱུ་ཞིག་མིན་ན་བཟང་གི
ད་ཡིད་ཆེས་གང་ཡང་མེད། མི་ཁྱོད་ཚོས་སྤྱི་ཚོགས་ལ་ཕན་ལས་གནོད་སྐྱེལ་བ་མང་།
དངོས་གནས་མགོ་ཚོས་མཁན་རེད། རང་ལུས་ཞུགས་འབུལ་ལ་ཞིབ་འཇུག་བྱེད་དགོས་པ་དུས་ལ་བབ་འདུག གཞན་ཕྲག་དོག་ཅན་རྣམས་ལ་བཤད་རྒྱུ་མ་རྙེད་པར་བཤད་ཁུལ་བྱས་པའི་བཟོ་ལྟ་ལྟོས་དང། འབའ་བློ་འདི་མགོ་ལོག་ཟླ་བ་ཐར་གྲུབ་ཆེན་དེ་ཡིན་པར་བཤད་སྟངས་ཡོད་པ་རེད་པ། སྲིན་པོ་རྫ་རྒན་འདི་ལའང་ཅིག་ན་གི་ཡོད་ས་རེད། ཧཧཧཧ
གོང་གི་མཆན་༣་དང་༤བ་འགོད་མཁན་འབའ་བློ་དང་སྲིན་པོ་རྫ་རྒན་གཉིས་ལགས། སྐད་ཆ་བཤད་མི་ཤེས་ན་བཤད་དགོས་དོན་ཡོད་ནི་མ་རེད། གོང་གི་ཤར་ཕྱོགས་གི་བྱ་འགལ་དེ་ལ་ཡིད་ཆེས་དགོས་མི་དགོས་དང་སྤྱི་ཚོགས་ལ་ཕན་མི་ཕན་གི་དྲི་བ་འདུག་གམ།
བློ་ཆོས་གདོན་གྱིས་ཞབས་བྲོ་རེད།
་་་་ “ ཁྲག་གི་རྡོ་རིང “་པར་འགྲེམས་བྱས་པ་ཡིན། དེབ་དེའི་མཇུག་བྱང་ནང་བོད་ནང་གི་ཞི་རྒོལ་དང་བསྟུན་ནས་དེབ་ཕྲེང་གཉིས་པ་ཐོན་ངེས་ཚུལ་བྲིས་ཡོད། ཡིན་ནའང།
ས་བྱི་ཞི་རྒོལ་ཆེན་མོར་ལྟ་སྟངས་ཀྱི་བཙན་བྱོལ་བོད་མིའི་ཤེས་ཡོན་ཅན་གྱི་བསམ་ཚུལ་དམིགས་བསལ་ཞིག་ཐོན་དགོས་ཀྱང་དེ་མ་ཐོན་པ་ནི་བྱ་ཐབས་ཟད། ་་་་ཟེར།
ཕྱི་ལོ ༢༠༠༩་ལོར་གྲྭ་བཀྲ་བྷེ་ནས་བཟུང་དཔའ་བོ་རྡོ་རྗེ་རིན་ཆེན་གྱི་བར་རང་ལུས་མེར་སྲེག་གནང་མཁན་གྲངས་༥༨་ཙམ་བྱུང་ཡོད། ང་ཚོ་བཙན་བྱོལ་དུ་གནས་པའི་ཤེས་ཡོན་པ་ཚོས་གཙོས་བོད་མི་ཡོད་དོ་ལྩོག་གིས་རྒྱ་གཅེས་དཔའ་བོ་དཔའ་མོ་ཁོང་རྣམས་ཀྱི་དགོས་དོན་གྱི་འབོད་སྒྲ་དང་དམིགས་ཡུལ་གང་ཡིན་ལ་ལོག་འགྲེལ་དང་ཕར་འཐེན་ཚུར་འཐེན་མེད་པར་རྒྱལ་སྤྱིའི་ཐོག་ལ་ཁྱབ་བསྒྲགས་ཤུགས་ཆེ་བྱེད་དགོས་པ་ནི་གལ་ཆེའི་ནང་གི་དོན་ཆེན་རེད་སྙམ། སྐུ་ཞབས་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་སྲེག་གི་རྒྱབ་ལྗོངས་དང་། ཞལ་ཆེམས། འབོད་སྒྲ་སོགས་ལ་དཔྱད་ཞིབ་ཀྱི་རྩོམ་དེབ་ཅིག་དཔར་སྐྲུན་གནང་འཆར་ཡོད་པར་གུས་ཀྱིས་ཡི་རངས་ཞུ། འོན་ཀྱང་དཔའ་བོ་དཔའ་མོ་ཁོང་རྣམས་ཀྱི་དགོས་དོན་གྱི་འབོད་སྒྲ་དང་རྒྱབ་ལྗོངས། དེ་བཞིན་ཞལ་ཆེམས་སོགས་ལ་འགྲེལ་བཤད་གསར་དུ་འདེབས་ཤིང་དབུ་ལམ་གྱི་ལྟ་སྒྲུབ་དང་མཐུན་ཚུལ་བརྗོད་པ་དང་། ཡང་ན་རང་བཙན་གཙད་མའི་ལྟ་སྒྲུབ་དང་མཐུན་ཚུལ་སོགས་ཕན་ཚུན་གཅིག་གིས་གཅིག་ལ་ལོག་འགྲེལ་དང་རྩིག་རྩུབ་སོགས་ཀྱི་རྩོམ་འཆལ་བསྡུ་རུག་གིས་དཔར་སྒྲུན་བྱས་ན་དགེ་ཕན་གང་ཚད་ཡོད་མིན་ལ་ཐུགས་དགོངས་བཞེས་དགོས་པ་ཞིག་རེད། གཅིག་བྱས་ནས་ཁྱེད་ཀྱིས་རྩོམ་བསྡུ་དེའི་ནང་དུ་དབུ་ལམ་དང་འབྲེལ་བའི་རྩོམ་ཡིག་མ་གཏོགས་འགོད་ཀྱི་ཡོད་རྒྱུ་མ་རེད། དེ་ན་རང་བཙན་ལྟ་སྒྲུབ་པ་རྣམས་ཀྱིས་ཀྱང་གང་མགྱོགས་དཔྱད་བརྗོད་ཀྱི་དཔེ་དེབ་ཅིག་དཔར་སྐྲུན་བྱེད་ངེས་རེད།
དྲ་གྲོགས་ལྷན་རྒྱས་ནས་བསམ་ཚུལ་གསུངས་པ་དགའ། ངེད་ནས་ཕྱོགས་བསྒྲིགས་བྱ་འཆར་གྱི་དེབ་འདིའི་ནང། བཙན་བྱོལ་བོད་མིའི་ཤེས་ཡོན་པ་ཚོས་རང་སྲེག་ཐད་དཔྱད་པ་ཁུངས་འཕེར་གྱིས་རང་གི་ལྟ་སྟངས་བརྗོད་པའི་རྩོམ་ཡིག་རྣམས་འགོད་ཀྱི་ཡོད་པ་དེ་དོན་དགོངས་མངའ་ཞུ།།
དཔྱད་པ་ཁུངས་འཕེར་ཡིན་མིན་སུས་བལྟ་གི་རེད། ཁུངས་འཕེར་ཟེར་བ་དེ་ལངས་ཕྱོགས་ཤིག་ལ་ཁ་ཕྱོགས་ནས་འབྲི་དགོས་པའི་དོན་ཨེ་རེད།
ཤར་ཕྱོགས་ཁུག་རྟ་ལགས། སྐུ་ཉིད་ཀྱི་དགོངས་ཚུལ་འཆར་གཞི་སོགས་ཧ་ཅང་གི་ཡག་པོ་འདུག་པས་རྒྱབ་སྐྱོར་ཡོད། ངས་ཀྱང་སྐུ་ཉིད་ལ་རེ་སྐུལ་ཞིག་ཡོད། དེང་སང་དུས་དེབ་ལས་ཀྱང་དྲྭ་རྒྱ་ནས་བལྟ་ཀློག་བདེ་བ་དང་ཁྱབ་སྤེལ་ཆེ་བ་བཅས་ལ་བརྟེན་གུས་པ་དྲ་རྒྱ་བཟོ་བཀོད་པ་ཞིག་ཡིན་ཙང་སོ་སོས་འཇོན་ཚད་ཐུབ་ཚད་ཀྱིས་དམིགས་གསལ་གྱི་མེར་སྲེག་ཁོ་ནའི་ཆེད་དྲྭ་ཚིགས་ཤིག་བཟོ་སྐྲུན་བྱ་འཆར་ཡོད་པས་སྐུ་ཉིད་ཀྱིས་དེ་གར་ལག་སོན་བྱུང་བའི་རང་སྲེག་གི་ལོ་རྒྱུས་ཁུངས་ལྡན་དང་པར་གློག་བརྙན་ཡོངས་རྫོགས་ཀྱི་འདྲ་བཤུ་གཅིག་གུས་པར་བསྐུར་ཐུབ་པའི་སྐྱབས་འཇུག་ཞུ།
རེད་རེད་ཡག་པོ་རེད། དེབ་དོན་ན་དེ་ལ་དགའ་བསུ་ལས་མེད། ཤར་ཕྱོགས་ཁུག་རྟ་ལགས་རྕོམ་ཚང་མ་ཡིན་དཔྱད་རྩོམ་མ་ཡིན་ན་འགྲིག་གམ། སྙན་ངག་དགོ་གི་ཡོད་དམ། ལན་ཞིག་འཇོག་རོགས
ཤར་ཕྱོགས་ཀྱི་བྱ་འགལ་ལ་རྒྱབ་སྐྱོར་ཡོད། ངོ་མ་བཟང་གི། ཀ་དག་ཆོས་དབྱིངས་ནི་ཕྲག་དོག་གི་རྒྱལ་པོ་རེད། མི་ཕྲག་དོག་ཅན་ལ་ཁ་ཡ་མ་བྱེད་ན་བཟང།
བོད་མའིི་ཚོའི་གཅེས་སྲོག་སུས་སོྐྱབས་ཐུབ་བམ????
བོད་ཡུལ་སྐྱོ་གདུང་མུན་ནག་སྟུག་པོ་དང།
གཤན་འདྲེ་རྒྱ་མི་དྲག་བརྩན་གཏུམ་པོ་ཡིས།
ཉམ་ཆུང་བོད་པ་གནས་སུ་མ་བཅུག་པས།
དཔའ་བརྟུལ་དག་གི་སྙིང་སྟོབས་ཆེན་པོའི་ངང་།
རང་གི་རིགས་ལ་ཕུགས་ཀྱི་ཕན་བདེའི་སླད།
སྐྱབས་མགོན་བོད་ལ་ཕེབས་རྒྱུའི་མངོན་འདོད་གཙོས།
གཅེས་པའི་ཚེ་སྲོག་མེ་ལ་བརྗངས་པའི་རིགས།
སྐྱབས་མཁན་མགོན་དེ་༸གོང་ས་མཆོག་ཉིད་སྣང།
གངས་རིའི་སྒྲོལ་མས ༢༠༡༢།༡༠།༢༣ ཉིན།
ཨང་དང་པོ་དེ་ལ་འོས་སོ།
ཤར་ཕྱོགས་ཁུག་རྟ་ལ་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད། མི་ཤེས་ཡོན་ཅན་གྱི་ལས་ཀ་རེད། སྐྱེས་ཕ་ལྷ་ཁྱོད་ཚོ་རྒྱལ་ལོ།
ཤར་ཕྱོགས་ཁུག་རྟ་ལ་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད།
ཤར་ཁུག་ཟེར་བ་འདི་དང་། ཟླ་ཚེ་འདི་གཉིས་ལ་གྲུང་པོ་དང་སྤྱང་པོ་ཡོད། སྔར་ཁྱེད་ཚོས་གཡོ་ལས་མང་པོ་བྱས་ཟིན་པ་རྣམས་དྲན་གསོ་སློང་རྩིས་ཡོད་པ་འདྲ། བོད་ནང་རང་ལུས་མེ་བསྲེགས་གཏོང་མཁན་ཚོའི་འབོད་སྒྲ་ནི་རང་བཙན་དང་༧གོང་ས་མཆོག་བོད་དུ་གདན་དྲངས་དགོས་བཅས་རེད། ཡིན་ཡང་གཡོ་ཅན་ཁྱེད་ཚོས་རང་བཙན་དེ་རང་དབང་སྒྱུར་བ་མ་ཚད། ད་དུང་ཧམ་བཤད་འདི་འདྲ་བྱས་བྱུང་། རང་བསྲེགས་གཏོང་མཁན་སུས་རང་བཙན་དགོས་ཟེར་གྱི་འདུག་བརྗོད་དེ་མངོན་སུམ་ལ་སྙོན་འདེབས་ཀྱིན་འདུག བོད་ནང་གི་བོད་མི་དཔང་བོ་ཡོད་བཞིན་དུ་ཧམ་བཤད་བརྫུན་བཤད་མང་པོ་བྱས་ཏེ། མི་མང་པོ་མགོ་སྐོར་བཏང་སོང་། ད་རེམ་ཡང་ངོ་ཚ་མེད་པའི་གཡོ་ལས་ཅི་ཞིག་བྱེད་གྲབས་ཡོད་ན་སུས་ཤེས། གཡོ་ཅན་ཁྱོད་ཚོ་ལ་དུས་ནམ་ཡང་ངོ་རྒོལ་ཡོད། ངོ་རྒོལ་ཡོད། ངོ་རྒོལ་མཐའ་གཅིག་ཏུ་ཡོད།
རང་བསྲེག་གི་རྗེས་སུ་ང་ཚོས་མཆོད་འབུལ་སོགས་གང་བྱས་ཁོང་ཚོར་སླར་ཡང་རང་བསྲེག་བྱོས་ཞེསབསྐུལ་མ་བྱས་པ་ཞིག་དང་མཚུངས་གི་འདུག་པས་ཚེ་སྲོག་ལ་རིན་ཐང་གནང་མཁན་གྱི་སྐྱེས་བུ་ཚོས་བྱ་བྱེད་འདི་རིགས་མ་སྤེལ་ན་ལེགས། འབྲས་བུ་ཞིག་ཡོད་ན་བཟང་མོད་དེ་ནི་རི་བོང་གི་ར་རེད་།
ངའི་དེབ་འདིའི་ནང་དཔྱད་རྩོམ་གཙོ་བོ་དང། དེའི་མཇུག་ཏུ་སྐུ་པར་དང་ཞལ་ཆེམས་ཕྱོགས་བསྒྲིགས། ཚན་པ་གསུམ་པའི་ནང་སེམས་ཚོར་ཐད་བརྗོད་བྱེད་པའི་སྙན་ངག་བཅད་ལྷུག་གི་རྗེས་དྲན་ཚོམས་ཁག་ཅིག་ཀྱང་འགོད་འཆར་གཏན་འཁེལ་ཟིན་པ་ཡིན་ན། བཅད་ལྷུག་གང་རུང་གི་སྙན་ངག་འབྲི་མཁན་ཚོར་དེ་དོན་ཡིད་འཇགས་ཞུ།།
གཞན་དེབ་འདི་ནམ་ཞག་རྒྱུན་གྱི་བདག་སྒེར་གྱི་རིག་གནས་ལས་དོན་གྱི་ཁྱབ་ཁོངས་ནས་སྔ་ལམ་བཞིན་མགོ་བཙུགས་པ་མ་གཏོགས། དབུས་དང་སྒྲིག་འཛུགས་སུ་ལའང་འབྲེལ་བ་མེད་པ་དེའང་ཆབས་ཅིག་ཞུས་པ་ཡིན།
དྲ་གྲོགས་རྣམ་པས་ལས་དོན་འདིར་རྒྱབ་སྐྱོར་གནང་བ་དགའ་སྤྲོའི་བརྟས། དྲ་འབུ་ལོག་སྨྲ་ཚར་གཅོད་ཀྱིས་དྲ་རྒྱ་བཟོ་འཆར་ལ་དགའ་བསུ་དང་ཞུ་དོན་ལྟར་སྒྲུབ་ཆོག།
ཚེ་སྲོག་རིན་མེད་དུ་འབུལ་བཞིན་པའི་དཔའ་བོ་དེ་ཚོའི་དེབ་ཡང་རིན་མེད་དུ་ཕུལ་ནས། ས་ཕྱོགས་གང་ལ་རྒྱ་བོད་དབྱིན་མི་སོགས་བོད་བདེན་པ་ལ་ཁ་ཕྱོགས་མཁན་ཚང་མར། སེམས་ཤུགས་དུས་གཅིག་དུ་སློང་སྤྱད་ཀྱི་རྒྱུ་རུ་སྨིན་པར་ཤོག།
འགྲོ་སོང་དང་དང་སྒྲིག་སྦྱོར་སོགས་ཀྱི་དཀའ་ལས་ལ་མ་ཡོལ་པར།
ཤི་བོ་ཚོའི་གཤིན་རྫས་ལ་སོ་འདེབས་བྱེད་པའི་ཀུན་སློང་མེད་པར།
ཁུག་རྟ་ལགས་ཀྱིས་ཤུགས་ཅིག་རྒྱག་གིན་ཡིན་ཟེར་ན་དགའ་བ་ཡོད།
ཤར་ཕྱོགས་ཁུག་རྟ་ལགས་དང་། ལོག་སྨྲ་ཚར་གཅོད་ལགས་གཉིས་ཀྱི་ལས་འགུལ་ལ་རྗེས་སུ་ཡི་རང་ཡོད་ལགས།
ཤར་ཁུག་ཁྱེད་ཅག་གིས་རང་རང་གི་ཁྱིམ་ཚང་དེ་ཁ་ཨེ་སོས་ཀི་ལྟོས་དང་། སངས་རྒྱས་ཀྱི་བསྟན་པའི་དོན་ཁ་ཡ་བྱེད་དགོས་དོན་མེད། གྲྭ་བས་འཇིག་རྟེན་པའི་ནང་དུ་ལག་བསྲིངས་ཀི་ཟེར་ཞོར། ཆོས་འདུལ་བའི་ནང་དུ་ལག་བསྲིངས་བ་ནི་ཨེ་འཛའ་འམ།ཐོག་མར་རང་རང་གིས་མི་རིགས་ལ་ཕན་གནོད་གང་ཞིག་བགྱིས་ཡོད་མེད་ལ་སོམས། དེ་ནས་རང་རང་གི་བྱིས་པ་ལ་སློབ་གསོ་བཏང་སྟེ་མི་རིགས་ལ་ཕན་པའི་མི་ཞིག་ཏུ་བསྒྱུར་བར་འབུངས། མཐའ་མར་མིག་མདུན་དུ་དགྲ་བོའམ་ནད་ཡམས་ངོ་མ་དེ་ངོས་ཟིན་པར་བྱོས། སྤྱང་ཀིར་བལྟ་ཙམ་ཡང་བྱེད་མ་ཕོད་པར་ནང་ཁུལ་དུ་སྙོག་དཀྲུགས་དཀྲུགས་བྱེད་པ་ནི་བཟང་རྟགས་ཤིག་ཡེ་ནས་མ་རེད། འཇམ་དབྱངས་སྐྱིད་ཀྱིས་ཀྱང་བོད་སྐད་དག་མོ་ཞིག་བཤད་ཨེ་ཤེས་ཀི་ལྟོས། མུ་མཐུད་དུ་སྦྱོངས།ན་ནིང་བགྲོ་གླེང་ཞིག་གི་ཐོག་སྒོ་ཡོན་གྱིས་ངོ་མཚང་བྲུས་པ་དག་ལེགས་བཤད་དུ་སྒོམས། ཀ་ཁ་མ་ཤེས་གོང་ནས་སྙན་རྩོམ་འབྲི་ས་འགྲོ་གི་མ་རེད།ཞིབ་འཇུག་བྱ་འདོད་ན་བོད་མིའི་ཁྲོམ་གྱི་རྐུན་ཇག་གི་ཐོབ་ཁུངས་དང་། རྒྱབ་རྩ། ལངས་ཕྱོགས། བྱ་སྤྱོད་བཅས་ལ་ནན་གྱིས་ལྟོས། ཞིབ་ཏུ་སོམས། དེ་ནས་དེའི་སྐོར་ལ་རྩོམ་ཡིག་ཕྲིས། ལས་བྱེད་པའི་ལས་བགོ་བྱེད་སྟངས་ཐད་ཕྲིས། སྐད་ཡིག་སློབ་གསོའི་ཉམས་རྒུད་ཐད་ཕྲིས། རང་ས་ཐབས་ཀྱིས་ཉོ་མཁན་གྱི་ཚོང་བའམ་དཔལ་དབྱོར་བཙན་འཛུལ་བའི་དམིགས་ཡུལ་སྐོར་ཕྲིས། བོད་སྐད་མི་ཤེས་པའི་བོད་པ་དག་གི་དུས་གསུམ་གྱི་གནས་བབ་སྐོར་ཕྲིས། བོད་ལྭ་གྱོན་པར་ངོ་ཚ་བའི་བོད་རིགས་ལས་བྱེད་པའི་བྱ་བྱེད་སྐོར་ཕྲིས། རྟའི་རྔོག་མ་ལ་རྟའི་ཐུག་ཧྥ་ཟེར་མཁན་གྱི་བོད་རིགས་གྲོང་ཁྱེར་བའི་གནས་བབ་སྐོར་ཕྲིས། བོད་ཀྱི་རིག་གཞུང་ལ་དགག་པ་གཏོང་ཞོར་རིག་གཞུང་གི་ཐོག་ནས་ཟླ་ཕོགས་ལེན་པའི་ངོ་གཉིས་མ་དག་གི་ལོ་རྒྱུས་བྱ་སྤྱོད་དང་བཅས་པ་ཕྲིས། བརྩེ་དུང་ལ་ཁ་གཡར་ནས་ཕ་མར་གཅར་རྡུང་བྱེད་པའམ་ཁྱིམ་ནས་བསྐྲད་མཁན་གྱི་ཁྱིམ་པ་བའི་ངོ་གདོང་གསལ་བོར་ཕྲིས། ཆང་འཐུང་ཏེ་ཕ་མའམ་བུ་ཕྲུག་བསད་པའི་མདོ་མེད་རུ་ཁག་གི་གནད་དོན་སྐོར་ཕྲིས། ཤོ་བརྒྱབ་ཏེ་ཁྱིམ་ཚང་ཆུང་མ་དང་བཅས་པ་གཞན་ལ་བཙོང་བའི་ཤོ་རྒྱག་ཚོགས་པའི་ལོ་རྒྱུས་རྒྱབ་ལྗོངས་དང་བཅས་པ་ཕྲིས། མི་རིགས་སྣ་མང་འཛོམས་པའི་སྨད་འཚོང་ཁང་གི་དཔལ་འབྱོར་གྱི་ཡོངས་ཁུངས་དང་བཙོང་ཆོག་མིན་གྱི་བདག་དབང་སྐོར་ཕྲིས། ཨེ་ཙིའི་ནད་ཀྱི་འཕེལ་རིམ་དང་ཚོང་རྫས་རྫུན་མའི་ཡོངས་ཁུངས་སོགས་ཞིབ་ཏུ་དཔྱད་དེ་ཕྲིས། དེ་ནས་ང་ཚོ་ཡུན་གྱིས་ཁ་བརྡ་བྱེད་ཆོག་གི་རེད།ཞེས་པདྨས།
འབྲི་བྱ། འབྲི་བྱེད། བྲིས་ཟིན། བྲིས་ཤིག་ཅེས་། བྲིས་ཞེས་བ་བྲིས་སྐུལ་ཚིག་ཡོད་བཞིན་དུ། ཕའི་ཕྲིས་ཞེས་པའི་སྐུལ་ཚིག་ཡིན་པའི་ཁུངས་གང་དུ་ཡོད་དམ།
ཤར་ཕྱོགས་ཁུག་རྟ་ལགས་ཀྱི་ལས་འཆར་འདི་ཧ་ཅང་ལེགས་པོ་འདུག བསྔགས་བརྗོད་ཡོད་དོ།།
འོན་ཀྱང་མེ་མཆོད་དཔའ་བོ་དཔའ་མོ་རྣམས་ཀྱིས་འདི་ལྟར་བློ་བཏང་གནང་བའི་མཐར་ཐུག་གི་བསམ་འདུན་རྣམས་སུས་ཀྱང་དཔྱད་དཀའ་བས་འདི་ནི་ལྐོག་གྱུར་གྱི་ལྐོག་གྱུར་གྱི་བྱ་དཀའ་བའི་བྱ་རིམ་ཞིག་ཡིན་པར་འདོད་དོ།།
ཡིད་གཟབ་བྱ་དགོས་པ་རེད། འདི་ནི་ང་ཚོའི་ངོ་གདོང་དང་ཆབ་སྲིད་ཀྱི་འགྱུར་གཤིས་ངོ་མ་དེ་ཡིན་པས་ཞིབ་ཀྱིས་དཔྱད་ནས་མ་མཛད་ན་ང་ཚོ་འགྱལ་ཡང་སྲིད་པ་རེད་དཱ།
ཤར་ཁུག་གི་ལས་བྱ་འདི་ལ་གུས་པས་རྒྱབ་སྐྱོར་དང་ཡི་རངས་ཡོད།
དེབ་གཟུགས་སྤུས་དག་དང་ཞུ་དག་ནན་མོ་དགོས་པའི་རེ་སྐུལ་ཞུས་པ་ཡིན།
ད་ཐེངས་ལས་ཀ་ལེགས་པ་གཅིག་བྱེད་རྒྱུ་ཡིན་ས་རེད། ཡིན་ན་ཡང་དམིགས་ཡུལ་དང་རྒྱབས་ལྗོངས་ངོ་མ་གང་ཡིན་ངས་མི་ཤེས།
མིང་དེ་སྙན་པོ་དང་རྫིག་པོ་འཁུར་སྟེ། དཀྲུགས་ཤིང་དང་གཡོ་ལས་བྱེད་རྒྱུ་ཉག་གཅིག་རེད། མི་འདི་ཚོས་སྤྱིར་ལ་ཕན་པའི་ལས་ཀ་ཞིག་བྱེད་ཡོང་རེད་བསམ་མཁན་བློ་གཟུར་བོར་གནས་མཁན་ཡིན་ཕྱིན་ཆད་ལ་མེད།
རྒྱ་དར་ཁུར་མཁན་དང་རྒྱ་ཁུངས་སུ་འདུག་རྒྱུར་མོས་པའི་་ཤར་ཁུག་ལྟ་བུ་ལ་བོད་ཀྱི་དཔའ་བོ་དཔའ་མོའི་ཟུངས་ཁྲག་གི་ལོ་རྒྱུས་བཀོད་པའི་ཐོབ་ཐང་གཏན་ནས་མེད་དོ།
དེ་བས་མི་འདིས་དུས་ནམ་ཡང་རླུང་གི་གཡུག་ཕྱོགས་དང་ཚོང་གི་བྲིན་ཕྱོགས་ཤིག་བྱ་རྒྱུ་དགའ་བས།། གོ་སྐབས་འཛིན་རྐྱང་བྱོས།
ཡོད་ཚད་མ་ལས་གཏོང་བའི་སེམས་པ་དང།
དམར་པོ་མེ་ལ་སྤྲེག་ཅིང་འཇིག་མེད་པའི།
བཟོད་དང་གཏོང་བའི་ཕྱུག་པའི་སེམས་དཔའ་དེ།
འཇིག་རུང་འཁོར་བའི་གནས་འདིར་ཅིས་ཕྱིར་ཆགས།
སྡུག་བསྔལ་ཤིན་དུ་ཆེ་བའི་མཐར་ཐུག་པ།
མནར་མེད་ན་ཡང་རང་ལུས་སྤྲེག་པ་ལས།
ལྷག་པའི་སྡུག་བསྔལ་ཚད་མའི་མ་མཐོང་ན།
དེས་ཀྱང་མི་འཇིག་ན་འདི་སུ་ལ་འཇིག།
འཇིག་མེད་སྤོབས་པ་བཞི་ལྡན་རྒྱལ་བ་ཡིས།
དངོས་སྣང་མ་ལས་རྒྱུ་མ་བཞིན་གསུང་ན།
ཚོར་སོགས་སྡུག་བསྔལ་དྲག་པོ་ཡིད་ཙམ་ནས།
འགག་པའི་རྗེས་ཤུལ་ཅུང་ཟད་མི་མངོན་ལ།
བདག་དུ་ཞེན་པའི་རྣམས་རིགས་གསལ་བ་འདི།
བདེ་སོགས་ཚོར་གཞན་འདྲེན་པའི་རྟེན་དུ་གནས།
བདེ་སྡུག་རིམ་པ་འདི་འདྲའི་ཐོག་མེད་ནས།
རྣམ་རིགས་ཙམ་ཞིག་ཚེ་འདིས་མྱོང་བའི་འགྲུབ།
སྡུག་བསྔལ་ཆེ་ཡང་རིགས་རྒྱུན་འཇིག་པ་མེད།
བདེ་བ་ཆེ་ཡང་རིགས་རྒྱུན་ཚིམ་པ་མེད།
ནང་གི་ཆགས་སྡང་རྩ་བ་མ་བཅད་ན།
རེ་དོག་འདི་འདྲེས་བདེ་སྡུག་ཟད་པ་མེད།
དེ་ཕྱིར་བདེ་སྡུག་ཞེན་པ་ཀུན་བོར་ནས།
རོ་མཉམ་སྣང་བའི་ཆོས་ཀྱིས་ཁྲིམས་ར་ན།
དུག་ལྔའི་རྟོག་ཚོགས་མ་ལས་རྒྱུན་བཅད་དེ།
སྣ་བདུན་ཆོས་ཁྲིམས་འཛིན་ན་མི་ལེགས་སམ།
དུག་ལྔའི་ཞེན་འཛིན་དོར་བའི་རྗེས་ཤུལ་ན།
འབྲས་བུས་རྒྱན་པའི་ལམ་ཞིག་མེད་འདོད་ན།
མར་པ་མི་ལའི་མཚོན་པའི་གྲུབ་ཐོབ་ཚོགས།
ས་ཐོབ་སེམས་དཔའ་མ་ལས་གང་ནས་བྱུང།
ས་ཡ་དྲུག་གི་གངས་ལྗོངས་སྤུན་ཟླ་རྣམས།
ཡོད་ཚད་གཏོང་བའི་དཔའ་རྒོད་རྣམས་ཀྱི་ཆེད།
རང་ལུས་མེ་ལ་སྒྲོན་པའི་མཐུ་མེད་ཀྱང།
ཐུབ་གསུང་དགོང་པ་ཅི་བཞིན་བསྒྲུབ་ཤིག་དང།
དཀར་དམར་གོས་གྱིས་རྒྱན་པའི་རབ་སྔགས་ཅིག་བྱས་ནས།
རིགས་རུས་ཕྱོགས་འཛིན་ཞེན་ཆགས་རྩ་བ་ནས་སྤང་དེ།
ཡོད་ཚད་གཞན་དོན་ཁོ་ན་ད་ནས་བཟུང་གྱིས་དང།
མི་རིགས་ཀུན་གྱིས་ང་ཚོར་བཀུར་སྟི་ཞིག་ཐོབ་ཡོང།
ཀུན་གྱིས་བཀུར་བའི་བཟང་བའི་ཡོན་དན་ལ་དཔག་ནས།
སྨྲ་བའི་ཚིག་ལ་རིན་ཐང་དེ་འདྲ་ཞིག་ལོས་ཡོད།
རང་རིགས་ཀུན་ལ་ཀུན་གྱིས་བཤེས་གཉེན་ལྟར་ལྟ་ན།
གཞན་དོན་རང་དབང་རང་སྐྱོང་ལག་རྩེ་རུ་སྟེར་ཆོག།
དེ་མིན་ས་ཡ་དྲུག་གི་གངས་ལྗོངས་གི་ཚོགས་རྣམས།
ཆགས་སྡང་ཕྱོགས་སྟུང་ཁོ་ནས་འཇིག་རྟེན་འདིར་འཚོ་ན།
དོན་གྱིས་བཀུར་བའི་དམ་པ་རེ་ཟུང་ལས་མེད་པའི།
འགལ་ཟླའི་ཚིགས་གི་རེ་འབྲས་དགག་མོ་ཡི་མེ་ཏོག།
མདོར་ན་ཚེ་འདིར་ཡོད་ཚད་བཏང་ནས་མེ་དཔུང་ལ་མཆོང་བ་ལས་་་་་་་་་་་རང་དོན་ཡོད་ཚད་བཏང་ནས་གཞན་དོན་བསྒྲུབ་ན་རང་དབང་དང་རང་སྐྱོང་ལྟ་བུས་འབྲས་བུ་ཐོན་པའི་ཡིད་ཆེས་བྱེད་ཆོག་ལ་་་་་་་་་་་དེ་མི་ནུས་ན་འདྲ་ཆགས་པོ་ཙམ་གྱིས་མི་ཚེ་གཏོང་ཐབ་ལས་མ་འདས་སོ།