བསྟན་པ་དར་རྒྱས།
སྙིང་ཉེ་བའི་རྒྱལ་གཅེས་ཀྱི་ལྷག་བསམ་ལྡན་པའི་བོད་རང་བཙན་འཐབ་རྩོད་པ་རྣམ་པ། དེ་རིང་ཁྱེད་ཚོས་འཛམ་གླིང་ན་སྙན་པར་གྲགས་པའི་ཧྥ་རན་སིའི་རྒྱལ་ས་པེ་རི་སི་ལ་བོད་རང་བཙན་གྱི་ཚོགས་ཆེན་ཐེངས་བཞི་བ་ཚོགས་ཐུབ་པ་དེ། ཁྱེད་ཚོགས་ཞུགས་པ་དག་གི་གཟི་བརྗིད་ཡིན་པ་མ་ཟད་ང་ཚོ་བོད་མི་ས་ཡ་དྲུག་གི་སྤོབས་པ་ཡང་ཡིན། དེ་རིང་ངས་འདི་ནས་སྙིང་ཁོང་རུས་པའི་གཏིང་ནས་ཁྱེད་ཚོའི་སྤོབས་པ་དང་སྙིང་སྟོབས་ལ་གུས་འདུད་དང་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ། རང་ཉིད་དངོས་སུ་ཚོགས་ཞུགས་མ་ཐུབ་པ་དེ་བློ་ཕམ་དང་བཅས་དགོངས་དག་ཞུ། ཡིན་ནའང་མི་སྒེར་གྱི་ཁེ་ཕན་ཉི་ཚེ་བ་ཞིག་ལ་མགོ་འཁོར་ནས་མ་ཡོང་བ་དེ་འདྲ་གཏན་ནས་མིན། སྐབས་དོན་བདག་ལ་འཁྲི་བའི་ལས་དོན་འགའ་ཤས་ཀྱི་རྐྱེན་པས་ཁྱོན་ནས་བཅར་ཐུབ་མ་སོང་།
སྐབས་སུ་བབ་པའི་ཞུ་དོན་སྙིང་བོ་ནི་བོད་རང་བཙན་འཐབ་རྩོད་པ་ཞིག་ལ་མཚོན་ན་རང་བཙན་ཇི་ལྟར་ལེན་རྒྱུ་དང་། དེ་ལ་ཐབས་ལམ་ཅི་ཞིག་ཡོད་མེད་ཟེར་བ་དེ་རེད། དེ་ནི་ང་ཚོར་མཚོན་ན་སྣང་མེད་དུ་འཇོག་མི་རུང་བའི་གནད་དོན་ཞིག་ཡིན་པར་སྙམ། དེས་ན་བོད་རང་བཙན་གྱི་ལྟ་བ་ལངས་ཕྱོགས་ཡོད་པའི་སྒོ་ནས་རྒྱ་གཞུང་ལ་གྲོས་མོལ་གྱི་ཐབས་ལམ་ཞིག་བཙལ་ན་འགྲིག་གམ། ང་ཚོའི་དངོས་ནས་ཐབས་ལམ་གང་འདྲ་ཞིག་ལ་བརྟེན་ཡང་མཐར་དེད་ན་རྒྱ་ནག་གཞུང་དང་རྒྱ་ནག་མི་མང་གིས་གནས་ལུགས་དང་རྒྱུ་མཚན་ཁས་ལེན་མིན་ཁོ་ནར་ཐུག་ཡོད། དེ་འདྲ་ཡིན་ན་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་གཙང་མ་ཡིན་པ་ལོ་རྒྱུས་ཀྱིས་བདེན་དཔུང་བྱེད་པ་ལས། རྒྱ་ནག་གཞུང་དང་མི་སྒེར་འགའ་ཡིས་འཁྱོག་བཤད་བྱས་བ་ཙམ་ལས་ནག་བསུབ་གཏང་ཐུབ་པ་ཞིག་མ་ཡིན།
དཔེར་ན། བོད་བཙན་པོའི་སྐབས་སུ་རྒྱ་ནག་གོང་མ་དང་ལྷན་དུ་ཕྱི་ལོ་༨༢༡-༨༢༢ ལོར་བཞག་པའི་ཆིངས་ཡིག་གལ་གནད་ཅན་ནང་དོན་ལ་”བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ལ་སྐྱིད། ཤར་ཕྱོགས་ཐམས་ཅད་ནི་རྒྱ་ཆེན་པོའི་ཡུལ་ནུབ་ཕྱོགས་ཐམས་ཅད་ཡང་དག་པར་བོད་ཆེན་པོའི་ཡུལ་”ཞེས་པ་དང་། ཕྱི་ལོ་༡༦༨༡ ལོར་བོད་དང་ཁུ་ནུ་རྒྱལ་ཕྲན་བར་གྱི་ཆིངས་ཡིག
ཕྱི་ལོ་༡༦༨༣དང་༡༨༤༢ སོ་སོར་ལ་དྭགས་དང་བོད་བར་གྱི་ཆིགས་ཡིག་ཕྱི་ལོ་༡༨༥༦ ལོར་གོར་བོད་བར་གྱི་ཆིངས་ཡིག་ཕྱི་ལོ་༡༩༡༣ ལོར་སོག་བོད་བར་གྱི་ཆིངས་ཡིག ཕྱི་ལོ་༡༩༡༤ ལོར་རྒྱ་གར་དང་རྒྱ་ནག་བོད་གསུམ་འདྲ་མཉམ་ངང་བཞག་པའི་ཤིང་སྟག་སིམ་ལའི་ཆིངས་ཡིག་སོགས་ཧ་ཅང་མང་བོ་ད་ཆ་ང་ཚོས་སྤྱོད་ཡུལ་དུ་གྱུར་ཡོད། མ་ཟད་བོད་རང་གི་རྩ་ཁྲིམས་གཏན་འབེབས་ཀྱི་རིམ་པ་ཕྱི་ལོ་༡༩༥༠ སྔོན་གྱི་འཛམ་གླིང་ས་ཁྲ་གང་ཡིན་ན་བོད་དེ་རྒྱ་ནག་ལས་ཟུར་འདོན་བྱས་ཡོད་པ། བོད་རང་གི་རྒྱལ་དར་དང་རྒྱལ་གླུ། དངུལ་ལོ་དང་དམག་མི། ཁྲིམས་དང་རིག་གཞུང་། རང་སྐྱ་ཕེར་བའི་སྐད་ཡིག་སོགས་ཕྱོགས་གང་ཅིའི་ཐད་ནས་ལྷོ་ཤར་ཨེ་ཤེ་ཡ་སྤྱི་མཚུངས་ལྟར་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཡོད།
རྒྱ་ནག་གཞུང་དང་རྒྱ་མི་རིགས་གཉིས་ཀ་དོན་ངོ་མའི་གནས་ལུགས་དང་རྒྱུ་མཚན་ཁས་ལེན་མཁན་ཞིག་ཏུ་འགྱུར་ན། རྒྱ་ནག་སྲིད་གཞུང་དང་རྒྱ་ནག་མི་མང་སུ་ཡིན་ན་དཔེ་རང་ཐོག་ལ་སྐོར་ནས་བསམ་བློ་གཏང་ན་རྒྱུ་མཚན་དེ་ཁས་མ་བླང་ས་གཏན་ནས་མི་འགྲོ་ལ་ལེན་ཡང་སྲིད་པ་རེད། རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རང་བཙན་གྱི་གནས་བབ་གཙང་མ་ཞིག་སྤྲད་ན། ང་ཚོས་ངོས་ནས་རྒྱ་གཞུང་གིས་བཟོས་པའི་རྒྱ་བོད་བར་གྱི་ལོ་རྒྱུས་ཀྱི་ཤ་འཁོན་ཆེན་པོ་གསུམ་ལ་བསམ་ཤེས་བྱ་ཆོག་གི་རེད་སྙམ།
དང་པོ་ད་ལྟ་བོད་རིགས་གནས་སྡོད་བྱེད་སའི་ས་ཁུལ་ཚང་མ་གཅིག་ཏུ་སྒྲིལ་བའི་བོད་རང་བཙན་དེ་ཕྱིར་སྤྲད་ན་རྒྱ་བོད་ས་མཚམས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་རྩོད་གཞི་ཅན་གྱི་ས་ཁུལ་དེ་དག་མ་གླེང་ན་འགྲིག
གཉིས་པ་ཕྱི་ལོ་༡༩༥༠ལོར་རྒྱ་ནག་དམར་པོས་བོད་ལ་བཙན་འཛུལ་བྱས་པ་ནས། དུས་ད་ལྟའི་བར་དུ་དགོན་སྡེ་དྲུག་སྟོང་ལྷག་གཏོར་བཤིག་དང་གཏེར་ཁ་སྔོག་འདོན། མཐའ་ན་མི་ཚང་སྒེར་རེ་རེའི་དངོས་པོ་རྩ་ཆེན་ཡོད་དོ་ཅོག་རྒྱ་གཞུང་གིས་རྐུ་འཕྲོག་བྱས་བའི་དཔལ་འབྱོར་གྱི་གུན་གསབ་དེ་མ་སྤྲད་ཀྱང་ཆོག
གསུམ་པ་རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་ནས་དུས་ད་ལྟའི་བར་དུ་བོད་གངས་ཅན་གྱི་དཔའ་བོ་ཁྲི་སྟོང་མང་པོ་རྒྱ་ནག་གཞུང་གིས་དམར་གསོད་བྱས་པའི་ཤ་ལན་དེ་ང་ཚོས་མ་བརྩད་ཀྱང་ཆོག ཅེས་བཤད་ན་འཛམ་གླིང་ནང་གི་གཟུར་གནས་ལྡན་པའི་མི་བུ་སུ་ཡིས་བལྟས་ཀྱང་རྒྱ་ནག་གཞུང་དང་རྒྱ་ནག་མི་མང་ལ་བོད་ཀྱི་ངོས་ནས་དཀྱེལ་ཡངས་ལྡན་པའི་བསམ་ཤེས་ཤིག་བྱས་ཡོད་པ་དེ་ཤེས་ངེས་རེད་ལ། ལོ་རྒྱུས་ཀྱི་རྙོག་གླེང་མང་པོ་ཞིག་བཤད་བསྡད་པ་ཙམ་མ་ཡིན་པར་དེང་རབས་ཀྱི་བསམ་བློ་ཡོད་པའི་ཐག་ཆོད་ཅིག་ཏུ་བསམ་ཆོག
དེ་མིན་དཀའ་རྙོག་གཞན་ཞིག་ཡོད་པ་ནི་བོད་རང་བཙན་གཙང་མའི་གནས་བབ་ཅིག་བྱུང་བའི་དུས་སྐབས་སུ། ད་ལྟ་བོད་ནང་ལ་གནས་སྡོད་བྱེད་བཞིན་པའི་རྒྱ་མི་རིགས་དེ་དག་ཕྱིར་ཕུད་གཏོང་ཐུབ་མིན་ཟེར་བ་དེ་རེད། ངས་བསམ་བློ་བཏང་ན་ཁོང་ཚོར་བོད་ནང་དུ་འདུག་རྒྱུ་དང་རྒྱ་ནང་ལ་ཕྱིར་ལོག་ཏུ་འཇུག་རྒྱུ་གཉིས་གདམ་ཀ་སྤྲད་ཆོག་པ་ཞིག་རེད་སྙམ། ཕྱིར་རྒྱ་ནག་ནང་ལ་ལོག་འདོད་ཡོད་མཁན་དེ་དག་ཕུད། བོད་རྒྱལ་ཁབ་ཀྱི་མི་སེར་བྱ་འདོད་ཡོད་མཁན་གྱི་རྒྱ་རིགས་དག་ལ་མི་སེར་སྤྲད་ཆོག་པ་མ་ཟད་དེ་དག་གི་རིག་གཞུང་ལ་ཡང་སྲུང་སྐྱོབ་བྱ་ཆོག་གི་རེད། བོད་རྒྱལ་ཁབ་ཟེར་ན་བོད་རིགས་གཅིག་བུ་ཡིན་དགོས་པའི་ངེས་པ་མེད་མོད་མི་རིགས་འདྲ་མིན་ཡོད་ན་དེས་རྒྱལ་ཁབ་ལ་དོ་ཕོག་གང་ཡང་འགྲོ་གི་རེད་བསམ་གྱི་མི་འདུག།
གལ་སྲིད་རྒྱ་ནག་གཞུང་གིས་དེ་ལ་བསམ་ཤེས་མ་བྱས་ན་བོད་ཕྱི་ནང་གཉིས་ཀྱི་བོད་མི་ས་ཡ་དྲུག་པོ་ཤ་ཟད་རུས་ལ་ཐུག་ཀྱང་རྒྱ་གཞུང་ལ་སུན་གཙེར་གྱི་ངོ་རྒོལ་ལས་འགུལ་མཚམས་འཇོག་གི་མ་རེད་ལ། རྒྱལ་སྤྱིའི་ཁྲིམས་ཁང་ཆེ་ཁག་ལ་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་དང་བྱེད་མུས་ཡིན་པ་དེ་ཁྲིམས་མཐུན་གྱི་བདག་དབང་ཞིག་ཆགས་ཀྱིན་མེད་པ་དེ་ཞུ་གཏུགས་རྒྱུན་མ་ཆད་པ་བྱ་རྒྱུ་ཡིན་པའི་བརྡ་ལན་གསལ་པོ་ཞིག་རྒྱ་གཞུང་ལ་སྤྲད་དགོས་པ་དེ་ཤིན་ཏུ་ནས་གལ་ཆེ།
མཐར་གཅིག་སྒྲིལ་གྱི་སྐོར། རྒྱལ་ཁབ་ལ་ཆག་སྒོ་བྱུང་བའི་སྐབས་སུ་སྤུན་ཟླ་ནང་ཁུལ་གཅིག་སྒྲིལ་མ་ཐུབ་ན་དེ་ནི་རྒྱལ་ཁབ་སླར་གསོའི་འགལ་རྐྱེན་གཙོ་བོ་ཡིན་པ་སྨོས་ཅི་དགོས། དེ་ན་བོད་གངས་ཅན་གྱི་རང་དབང་རང་བཙན་སླར་གསོའི་ཆེད་དུ་ལྟ་གྲུབ་མ་འདྲ་བ་ཡོད་པའི་བར་ལ། གདོང་ཐུག་མ་ཤོར་བ་ཞིག་དགོས་རྒྱུ་དེ་བོད་མི་ཡོད་དོ་ཅོག་ལ་འཁྲི་བའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཡིན། སྤུན་ཟླ་ནང་ཁུལ་ལ་གནས་ལུགས་དང་རྒྱུ་མཚན་བཤད་ས་མེད་པའི་སྐབས་སུ་ཐབས་ལམ་བཙལ་དགོས་པ་དེ་གནད་འགག་ཅིག་རེད་བསམ།
བོད་རང་བཙན་གཙང་མ་ཡིན་ཡང་། བོད་ལ་ཤ་ཚ་ཁོ་ནས་བོད་ཀྱི་ཛ་དྲག་གི་གནས་བབ་སྐྱོབ་ཆེད་དུ་ཐབས་ལམ་ཞིག་བཙལ་ཏེ། བོད་མི་རིགས་ལ་གྱོང་ཞིག་རག་སོང་ན་དེ་ལ་ང་ཚོས་ལེ་བདའ་དང་འཁང་ར་བྱེད་ས་གང་ཡང་ལྷག་ཡོད་པ་མ་རེད་སྙམ། རྒྱུ་མཚན་ཕན་སེམས་ཀྱིས་ཀུན་ནས་སློང་བའི་བསམ་བློ་དེ་བརྩི་བཀུར་བྱེད་རྒྱུ་ནི་འགྲོ་བ་མིའི་མི་གཞི་དང་ཀུན་སྤྱོད་ལ་འབྲེལ་བ་ཡོད་པ་ཞིག་མ་རེད་དམ། དཔེར་ན། མི་ཞིག་གིས་མི་ཞིག་ལ་བསམ་པ་རྣམ་དག་གིས་རོགས་པ་བྱས་ནས་མཐར་མི་དེ་ཤི་ལམ་དུ་ཆས་སོང་ནའང་དེ་ལ་འཁང་ར་བྱེད་ས་གང་ཡང་ལྷག་མེད་པར་འདོད།
རྒྱུ་མཚན་དེ་ཡི་ཕྱིར་ན་༧གོང་ས་ཡིད་བཞིན་ནོར་བུ་དང་ལམ་དབུ་མ་ཁ་ལ་ཁུར་ནས། བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མ་མ་ཡིན་པར་སྒྲུབ་མཁན་དང་། བོད་རང་བཙན་ལ་འབུར་འཇོམས་གཏོང་མཁན། དགྲ་གཉེན་གང་ཡིན་ཆ་མི་འཚལ་བའི་ནང་རུལ་བ་འགའ་ཤས་ཕར་ཕུད། དེ་མིན་སྤུན་ཟླ་ནང་ཁུལ་ལ་ལྷག་བསམ་རྣམ་དག་གིས་ལྟ་གྲུབ་གང་འདྲ་ཞིག་བཟུང་ཡང་བསམ་ཤེས་བྱ་མ་ཐུབ་པའི་གནས་སྟངས་ཡོད་དགོས་དོན་གང་ཡང་མེད་པར་བསམ་གྱིན་འདུག་ལགས།
ཕྱི་ལོ་༢༠༡༧ ཟླ་༠༨ ཚེས་༢༡ ཉིན་བསྟན་པ་དར་རྒྱས་སམ་ཚེ་འབར་ནས་རང་ཤག་རང་བཙན་སྨྲ་སའི་ལྡིང་ཁང་ནས་བོད་མི་ས་ཡ་དྲུག་གི་ལས་དབང་ལ་སྐྱོ་བའི་མཆི་མ་ཁོག་ཏུ་སྦས་ཀྱིན་དུ་འཐབ་གྲོགས་ཕུ་ནུ་འདྲ་བ་དག་གི་སྙན་ལམ་དུ་ཕུལ་བ་ལགས་སོ།།
༡ ༼ ཕྱི་ལོ་༡༦༨༡ ལོར་བོད་དང་ཁུ་ནུ་རྒྱལ་ཕྲན་བར་གྱི་ཆིངས་ཡིག ༽ ཁུ་ནུ་རྒྱལ་ཕྲན་ནུབ་ཟིན་པས་དེང་ནུས་པ་ཐོན་གཞི་མེད།
༢ ༼ ཕྱི་ལོ་༡༦༨༣དང་༡༨༤༢ སོ་སོར་ལ་དྭགས་དང་བོད་བར་གྱི་ཆིགས་ཡིག ༽ ཟེར་བས་ལོ་རྒྱུས་མགོ་ཉོག་པོ་བཟོས་ཟིན། ལ་དྭགས་བོད་ཁོངས་ནམ་ནས་ནམ་བར་ཡིན་མིན་གྱི་རྩོད་གཞི་འདི་རིགས་ཀྱིས་ཡོང་གི་ཡོད་པས། ཐང་གི་རྡོ་ལེན་ཤག་གིས་རུམ་གྱི་ནོར་སར་ཟགས་ན་དགེ་ཕན་མེད་པས། གླེང་འོས་པའི་རིགས་གླེང་ན་རབ། དེ་མིན་སྤྲང་པོའི་དབྱུག་པ་སྤྲང་པོའི་མགོ་གཅིག་ཏུ་འགྱུར་ངེས།
༣ ༼ ཕྱི་ལོ་༡༨༥༦ ལོར་གོར་བོད་བར་གྱི་ཆིངས་ཡིག ༽ འདི་ལའང་བོད་རང་བཙན་ཡིན་པའི་དན་རྟགས་སུ་འཕྱར་རུང་བ་ཞིག་ཡེ་ནས་མེད། གང་ཡིན་ཞེ་ན་ཨམ་བྷན་གྱིས་འདྲེ་ལག་རྐྱང་ནས་བཙོག་པ་བཟོས་ཟིན།
༤ ༼ ཕྱི་ལོ་༡༩༡༣ ལོར་སོག་བོད་བར་གྱི་ཆིངས་ཡིག༽ འདི་ནི་དེ་བས་ཀྱང་ལག་པ་འཆང་ས་ཞིག་མིན། འདི་ཁས་བླངས་པ་ཡིན་ན་བོད་རྒྱ་ཁོངས་ཡིན་པ་ཁས་ལེན་བྱས་པ་དང་གཅིག་པ་ཆགས་ཡོད།
མདོར་ན་ཁ་ལ་རང་བཙན་ཁུར་ནས། ལོ་རྒྱུས་ཀྱི་གནད་དོན་རེ་རེར་ཕུ་ཐག་མ་ཆོད་པའི་བཤད་ཡམས་བག་མེད་དུ་བསྒྲགས་ན། རང་མགོ་རྒྱ་འོག་ཏུ་འཇོག་གི་ཡོད་པ་ཤེས་དགོས། མདོ་དོན་ཡང་སྙིང་། རང་བཙན་ཁ་ལ་ཁུར་ནས། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ཅི་ཡང་མི་ཤེས་པ། རབ་རིབ་ཙམ་ལས་མི་ཤེས་པ། ཕུ་ཐག་ཆོད་པོའི་གནས་སྟངས་གང་ཡང་མི་ཤེས་པ་སོགས་ཀྱི་གང་ཟག་ནང་སྟོང་ཁག་ཅིག་གིས། ༸གོང་ས་ཆེན་པོར་མཚན་སྨོད། རང་གཞུང་ལ་དམའ་འབེབས། དབུ་མའི་ལམ་གྱི་སྲིད་བྱུས་འཛིན་མཁན་རྣམས་ལ་སྐུར་འདེབས་སོགས་བྱས་ཏེ་སྤྱི་ཚོགས་ཕུ་དཀྲུགས་མདའ་དཀྲུགས་རྐྱང་རྐྱང་། དགྲ་དགའ་གཉེན་སྡུག དོལ་རྒྱལ་ཚོགས་པའི་ལས་ཀ་འདྲ་བོ་འདྲ་བོ་ལས་བསྡད་པའི་རིགས་བོད་མི་ས་ཡ་དྲུག་གིས་ནམ་ཡང་ངོ་རྒོལ་མཆིལ་ཞགས་འཕེན་གྱི་ཡིན་པ་གདོན་མི་ཟ།
རང་བཙན་ཚོགས་ཆེན་འཚོགས་བཞིན་པར་དགའ་བསུ་ཡོད། ཨ་ཚོགས་ཀླུ་མཁར་ཚང་ཕྱི་རྫིག་ནང་རྫིག་རྗེས་སུ་ཡི་རང་ཡོད། ཡིན་ན་ཡང་དེ་ལ་བོན་པོ་དང་། བཀའ་བརྒྱུད་གཉིས་ཀྱི་ཆོས་ལུགས་འཐུས་མི་ཅིའི་་ཕྱིར་ཞུགས་པ་རེད། ཨ་ཁ་བསྟན་བཤིགས་རང་རེད།
མྱི་རུས་པ་ཅན་ཞིག་རེད།
མངོན་པ་བསྟོད་དོ།
ཨོ་རྒྱན་ཉི་མ་ལགས། ཆོས་ལུགས་སྤྱི་འཐུས་ཡོང་ཆོག་དང་ཆོག་་་་་་ཐ་ན་སྒོམ་ཆེན་པ་ཞིག་ཡིན་ནའི་སོ་སོ་སྒོམ་རྒྱག་སའི་ས་ཆ་དགོས་མ་རེད་དམ། གྲ་པ་ལ་ལུང་པ་དགོས་མེད་མདོག་མདོག་་་་གྲ་པ་ལ་གང་ཡང་དགོས་མེད་མདོག་མདོག་གི་སྐད་ཆ་དེ་མ་བཤད་ན་ལེགས།་་་་་་་
བོད་ཀྱི་དགེ་འདུན་པ་ཚོས་བྱས་རྗེས་ཞེ་དྲག་བཞག་ཡོད་རེད། ཤེས་སོང་ངམ།
ནམ་རྒྱུན་བོད་པའི་ཁ་རྒྱུན་ལ་ཁུ་བྱུག་སྐད་གྲགས་དུས་ཡག་རྟགས་ཤིག་གླེང་བ་དང་། ད་ལན་ཁུ་བྱུག་གི་སྐད་ངན་འདི་འདྲ་ཞིག་གྲགས་པ་འདི་རྒྱ་མི་དམར་པོ་དང་གཅིག་མཚུངས་མ་རེད་དམ་བོད་པ་ཚོ།
གྲྭ་བ་ཚོས་རབ་བྱུང་དང་། བྱང་སྡོམ་བླང་ཚར་ནས་བཟུང་། རང་བཙན་དང་། མི་རིགས་བྱེ་བྲག་པའི་བདེ་སྡུག་ཁོ་ན་སེམས་པའི་དབང་ཆ་ཡོད་མ་རེད། མ་གྱུར་ནམ་མཁའི་མཐའ་དང་མཉམ་པ་ཁ་ནས་བཤད་པ་བཞིན་ལག་ལེན་ཐོག་ལ་སོང་ན། ཞོར་ལ་རང་དང་ཤ་ཁྲག་གཅིག་པ་ལ་ཡང་ཕན་ངེས་རེད། དེ་མིན་ཁ་ནས་སེམས་ཅན་ཐམས་ཅད་ཟེར་བཞིན། སྦྱོར་བ་རང་དོན་ཁོ་ན་སྒྲུབ་བསྡད་ན་དོན་གཉིས་ཀ་འཆོར་ངེས་སོ།། དེ་ལ་བསྟན་བཤིག་ཟེར་ལེ་རེད།
རང་བཙན་རྩོད་མཁན་ཁྱིམ་པ་ཡིན་ན་ཡང་། དེ་ལ་བྱང་སྡོམ་ཡོད་ན། རང་དང་འགལ་ཟླར་གྱུར་བ་ལ་ཞེ་གཏོང་ནས་ཁྲོས་ཏེ་དེ་དག་གི་གཏན་ནས་མི་བྱེད་སྙམ་པ་ཞིག་བྱུང་ན་བྱང་སྡོམ་གཏོང་བར་བཤད་ཡོད་པ་དང་། བྱང་སྡོམ་རབ་བྱུང་རྟེན་ཅན་ཆབ་སྲིད་པའི་གྲལ་དུ་འཚང་བ་ནི་དེ་ལས་ཀྱང་མིག་ལ་གཟན་པ་ཞིག་འདུག བོད་པ་ཚོད་ཤ་ཟ་བ་དེ་ལ་ཡང་ཁ་ཞེ་མཚུངས་ཀྱི་མི་འདུག་ཟེར་མཁན་དང་། རྣམ་འགྱུར་སྟོན་མཁན་ཧ་ཅང་གི་མང་པོ་རེད།
ཨོ་རྒྱན་ཉི་མ་ཁྱོད་མི་གཞན་ཚང་མར་སྨྱོ་ལབ་རྒྱབ་ནས་མ་སྡོད། ཏོག་ཙམ་རང་ཚུགས་ཟིན་ཐུབ་ན་མཁས་རྟགས་རེད། གང་བྱུང་མང་བྱུང་མཆན་འབྲི་བ་དང་རང་གི་འདོད་གཏམ་སྣ་ཚོགས་བཤད་ནས་གཞན་གྱི་བསམ་ཚུལ་ལ་ཉན་ཤེས་གོ་ཤེས་གང་ཡང་མེད་པ་དེ་འདྲ་མ་བྱེད།
དེ་སྔོན་བླ་མ་མི་སྐྱར་རྫུས་ནས་ཆོས་སྤེལ་མཁན་ལ་རྒྱབ་སྐྱོར་བྱེད་པ་དང་ཡང་དེ་རིང་རང་བཙན་ཚོགས་འདུའི་སྐོར་ལ་ཁུངས་མེད་འབྲི་བཞིན་འདུག
གང་ལྟར་རྒྱ་གར་སྐྱབས་བཅོལ་ལུང་པའི་ནང་རང་བཙན་རྩོད་མཁན་ཕལ་མོ་ཆེ་བོད་རང་བཙན་གྱི་ལོ་རྒྱུས་ཀྱི་སྐད་ཆ་འཛིག་པོ་བཤད་པ་དང་ཁ་དམར་གདགས་ཐུབ་ཙམ་ལས་དེ་མིན་གྱི་དངོས་ཤུགས་རྒྱུད་གསུམ་ལ་ལག་ལེན་དོན་འཁྱོལ་བྱེད་ཐུབ་མཁན་སུ་གཅིག་ཀྱང་མེད་ལབ་ཀྱང་ཆོག ད་བར་རྒྱལ་སྤྱིའི་བོད་རང་བཙན་ལྷན་ཚོགས་ཐེངས་བཞི་ཙམ་ཚོགས་ཀྱང་འབྲས་བུ་གང་ཡང་མེད། མ་འོངས་པར་ཡང་འབྲས་བུ་མེད་པ་ཤེས་གསལ་རེད། ཚོགས་འདུར་གཏམ་བཤད་བྱེད་མཁན་རྣམས་ཀྱིས་སེམས་ཤུགས་ཡོད་མདོག་གྱི་རང་བཙན་དགོས་སྐོར་གླེང་བ་དང་རྗེས་སུ་འཇུག་སྐྱོང་བྱེད་མཁན་སུ་ཡོད།
ད་བར་རང་བཙན་རྩོད་མཁན་མི་སྒེར་དང་ཚོགས་པ་འདྲ་མིན་བྱུང་ཡོད། ཡིན་ཡང་སྐད་འབོད་རྒྱག་པ་དང་། ལྡི་ལིར་ཟས་བཅད་ངོ་རྒོལ་བྱེད་པ། མཚན་རྟགས་འདུས་པ་སོགས་ཀྱི་ལས་འགུལ་ལས་དེ་མིན་རང་བཙན་རྩོད་པའི་ཐབས་ལམ་རྣལ་མ་ཞིག་གི་རྣམ་དཔྱོད་མེད་པ་ཡ་མཚན་རེད། ཚོགས་འདུ་ཚོགས་པ་དང་སྐད་ཤུགས་ཆེན་པོས་ཁ་དམར་གདགས་པ། ལོ་རྒྱུས་བཤད་པ་སོགས་ཀྱི་རང་བཙན་ཇི་ལྟར་རྩོད་མིན་མི་ཤེས།
གོ་ས་མཐོན་པོ་དགོས་མཁན་དང་། སྒོར་མོ་མང་པོ་དགོས་མཁན། རང་ཉིད་ལེགས་སུ་འདོད་མཁན་ཚོས་རང་ཚུགས་ཟུང་། ང་ལ་དེ་ཚོ་གང་ཡང་མི་དགོས་སོ
བཀུར་འོས་ཨོ་རྒྱན་ཉི་མ་ལེགས་ལ་ཞུ་བ། བྱང་སེམས་ཡིན་ན་གཏན་སྡོམ་ཡིན་མི་དགོས་པའི་ལུང་། མདོ་སྡེ་སྐལ་བཟང་ལས། རྒྱལ་བ་ཕན་བཞེད་གྲོང་དཔོན་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་བསོད་ནམས་འོད་དེ་ལ། །ཉིན་གཅིག་སྲོག་གཅོད་སྡོམ་པ་བླང་ནས་ཀྱང་། །དང་པོ་བྱང་ཆུབ་དུ་ནི་སེམས་བསྐྱེད་དོ། ། ཞེས་དང་། བསྟན་པ་བཤིག་པའི་དགྲ་ལ་བྱམས་པ་བྱེད་མི་རུང་པའི་ལུང་། ས་པཎ་སྡོམ་གསུམ་རབ་དབྱེ་ལས། །དཀོན་མཆོག་གསུམ་དང་བླ་མ་ལ། །གནོད་ཅིང་བསྟན་པ་འཇིག་པ་ལ། །ཁྲོས་ན་ལྡོག་པར་ནུས་བཞིན་དུ། །བཟོད་པ་བསྒོམ་ན་མ་དག་པའོ། །ཞེས་དང་། འཕྲལ་ལ་པན་པ་ལྟར་སྣང་ཡང་། །ཕྱིས་ནས་གནོད་པ་ཆེར་འགྱུར་བས། །སྙིང་རྗེའི་དབང་གིས་བྱེད་ནའང་། །མ་དག་པ་ཡི་སྙིང་རྗེ་ཡིན། །ཞེས་དང་། གདུག་པ་ཅན་ལ་བྱམས་པ་དང་། །བུ་དང་སློབ་མ་མི་འཆོས་དང་། །སྲུང་བའི་འཁོར་ལོ་མི་བསྒོམས་ཤིང་། །ཁྲོ་བོའི་བཟླས་པས་འགོས་པ་སོགས། །རྒྱུད་སྡེ་ཀུན་དག་འགལ་བས་ཕྱིར་། །མ་དག་པ་ཡི་བྱམས་པ་ཡིན། །ཞེས་དང་། མཁས་གྲུབ་རྗེའི་སྡོམ་གསུམ་ཕྱི་དོར་ལས། ལུས་ངག་གི་ཉེས་སྤྱོད་འཁོར་བ་དག་བཅས་པ་སྤོང་བའི་སེམས་པ་རང་དོན་ཡིད་བྱེད་དང་དོན་གཅིག་ཏུ་སྨྲ་བ་ནི། ཆེས་ཆེར་བླུན་པ་ཡིན། ཞེས་པའི་དགོངས་པ་ལ་དཔྱད་དགོས་ཤིང་། དཔལ་སྤྲུལ་ཀྱི་འཇུག་སེམས་བརྟགས་པ་དགུ་དང་། མངར་པཎ་བཀའ་བརྒྱད། དམ་ཚིག་གསལ་བཀྲའི་གནང་བཀག་གི་རིམ་པ་ཉིད་ཀྱིས་མཁྱེན་པར་གྱུར་བས་ཞུ་མ་དགོས་ཤིང་། ཉིད་ཀྱི་ཕུང་གསུམ་པའི་རིགས་པ་དེའང་། ཀརྨ་ཆགས་མེད། སྟག་བླ་པདྨ་བློ་གྲོས། སྔགས་འཆང་ཤཱཀྱ་བཟང་པོ་སོགས་ཀྱི་གསུང་དང་བསྡུར་ན་ལེགས་ཤིང་། རབ་བྱུང་གི་རྟགས་ཀྱི་ས་ཚད། དཔུང་བཟང་རྒྱུད་འགྲེལ་མཁན་པོ་སུ་ཞིག་གི་རྗེས་སུ་འབྲངས་དགོས་ཀྱང་ཞིབ་དཔྱད་དགོས་པར་སྣང་ངོ་། བླུན་རྨོངས་དྲི་མེད་པས། །
རང་བཙན་རྩོད་མཁན་དེ་ཆོས་ཁས་མི་ལེན་མཁན་ནམ། གལ་སྲིད་ཆོས་ཁས་བླང་ན་ཡང་མཆོད་ཡོན་གཉིས་ལས། མཆོད་གནས་མ་ཡིན་པ་ཞིག་དགོས་ཀྱིན་འདུག
རྒྱལ་ས་ཕེ་རི་སི་་་་་་ཀྲུང་གོའི་གསར་བརྗེའི་སློབ་སྟོན་པ་ཆེན་པོ་ཀྲུ་ཨིན་ལན་དང་། མི་ཆུང་སྙིང་སྟོབས་ཅན་ཏིང་ཤོ་ཕིན་འཚར་ལོང་བྱུང་ས་རེད།
ཧ་ཧ། xxཀླུ་མཁར་བྱམས་དང་། ཁོ་པའི་རྒྱུན་འགྲོགས་རྣམ་རྒྱལ་སྒྲོལ་དཀར། xxབསྟན་པ་ཡར་འཕེལ་དང་སྨོན་ལམ་མཐར་ཕྱིན་སོགས་རེད་ཟེར། ད་ཁོ་པ་ཚོའི་བྱ་སྤྱོད་ལ་ཡིད་ཆེས་རྩ་བ་ནས་མེད། རྒྱུན་དུ་༸གོང་ས་མཆོག་ལ་ཟུར་ཟ་དང་། ཆོལ་ཁ་ཆོས་ལུགས་དབར་དབྱེན་སྦྱོར་དཀྲུག་ཤིང་ལས་གཞན་བོད་བསྟན་པ་ཆབ་སྲིད་ལ་ཕན་པའི་ལས་ཤིག་ཅང་མ་མཐོང་། ཁོ་ཚོས་རང་བཙན་རྩོད་ཟེར་བ་ནི་ཁོ་ཚོའི་ཁ་འཕྱིད་ཐབས་ཙམ་ཞིག་ཡིན་གྱི་རེད།
རང་བཙན་པ་དེ་ཚོའི་རིགས་ལ། ཡིད་ཆེས་ཀྱང་མེད། རེ་བ་ཡང་མེད། རྒྱབ་སྐྱོར་ཡང་མེད་དོ།།
ལས་ངན་པ་བོད་པའི་སྤྱི་ཚོགས་འདི་ཨ།
རང་བཙན་ནི་སྐྱེས་པའི་ཉིན་མོ་ནས་ལྷན་སྐྱེས་སུ་ཡོད་པའི་བླ་ན་མེད་པའི་ཐོབ་ཐང་ཞིག་ཡིན་པ་དང་དབུ་མའི་ལམ་ནི་གཞིས་སྡོད་བོད་མིའི་བསམ་སྤྱོད་རང་དབང་གི་མཁེ་ཕན་སྲུང་རྒྱུའི་ཐབས་ལམ་བཟང་བཤོས་དེ་ཡིན་ན་རང་བཙན་དང་དབུ་མ་གཉིས་ནི་ཁ་བྲལ་ཐབས་མེད་པའི་བུ་སྤུན་མཚེ་མ་ལྟབུ་མ་རེད་དམ་?
ད་ལྟའི་རང་བཙན་པས། དབུ་མའི་རྒྱ་བོད་ཞི་སྒྲིག་ལ་གནོད་བཞིན་ཡོད་རེད། དེས་ན་བསམ་བློ་ལེགས་པར་ཐོངས་དགོས།
རང་བཙན་དབུ་མ་ཁ་རྩོད་མ་མང་ཨ་།
གཞིས་བྱེས་བོད་མི་མཉམ་འཛོམས་ཤར་ལ་ཉེ་།
རང་བཙན་དབུ་མ་ཁ་རྩོད་མ་མང་ཨ་།
བོད་དོན་བདེན་མཐའི་ཉི་མ་ཤར་ལ་ཉེ་།
རང་བཙན་དབུ་མ་ཁ་རྩོད་མ་མང་ཨ་།
ཆོལ་གསུམ་བོད་མིའི་ཆིག་བསྒྲིལ་བརྟན་ལ་རེམ་།
རང་བཙན་གྱིས་དབུ་མའི་རྒྱ་བོད་ཞི་སྒྲིག་ལ་གནོད་བཞིན་ཡོད་རེད་ཟེར། ཧཧཧཧཧ། བཀག་ཤག་གོང་མའི་སྐབས་ནས་ལམ་དབུ་མས་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁག་གི་རྩ་ཁྲིམས་ངོས་ལེན་་ཞུས་ན་་ཡང་རྒྱ་མིའི་ ཞི་སྒྲིག་ལ་ངོས་ལེན་མ་བྱས་ནས་བཟུང་ལམ་དབུའི་ཐུབ་ཤོར་གྱི་འཇུག་རྫོགས་ཚར་བ་རེད། ད་དུས་ལམ་དབུ་མས་ཅིག་ཐོབ་རྒྱུ་ཡོད་འདོགས་མ་བྱེད་ན་བཟང།
རང་བཙན་ནི་མི་སྒེར་སོ་སོའི་སྐྱེས་མ་ཉིད་ནས་ལྷན་སྐྱེས་སུ་
ཡོད་པའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན་པ་དང་བོད་
ཀྱི་རང་བཙན་ཕྱི་ལོ་1959 ལོར་རྒྱ་མིའི་བཙན་འཕྲོག་བྱས་པ་
དང་རང་བཙན་རྩོད་མཁན་ཚོའི་རྩོད་ས་རྒྱ་མི་ཡིན་པ་དང་དབུ་མའི་ལམ་ནི་གཞིས་སུ་ཡོད་པའི་བོད་རྒྱ་ཆེ་མང་ཚོགས་ལ་འགྲོ་སྡོད་སྒོ་གསུམ་གྱི་རང་དབང་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་དེ་དག་
དོན་དངོས་ཐོག་ལག་ལྟར་ཐུབ་པའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་བླ་ན་མེད་པ་དེ་ཡིན་ན་རང་བཙན་དང་དབུ་ལམ་གཉིས་ཀ་རྒྱ་མི་ལ་རྩོད་དགོས་པ་ལས་མདུང་ཁ་ནང་ལ་ནམ་ཡང་བསྟན་མི་ཉན་ནོ་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འདེམས་ཐོན་བྱུང་བ་རྣམས་རེ་རེ་བཞིན་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་སྐུ་ཕྱག་ཕུལ་ནས་མཇལ་དར་ཕུལ་རྗེས། བདག་xxxཞེས་བྱ་བ་སྐབས་xxཔའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་འོས་འདེམས་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས། སྤྱི་འཐུས་ཀྱི་ལས་འཁུར་ཞུ་སྒོ་མཐའ་དག་བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག་རང་དོན་ཕྱོགས་ལྷུང་དང་། འཇིགས་ཞུམ་ཆགས་སྡང་མེད་པ་དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐུབ་ཞུ་རྒྱུའི་ཁས་ལེན་གཙང་མ་ཞུ་རྒྱུ་ཡིན། ཞེས་དང་། འགའ་ཞིག་གིས་མཆོག་གསུམ་དཔང་འཛུགས་ཀྱི་དམ་བཅའ་བརྟན་པོ་འཛིན་རྒྱུ་ཡིན། ཞེས་དམ་འབུལ་ཞུས་ནས་འཇུ་ཆེན་དཀོན་མཆོག་དང་། བསྟན་པ་ཡར་འཕེལ། སྨོན་ལམ་མཐར་ཕྱིན་དང་། རྣམ་རྒྱལ་སྒྲོལ་དཀར་རྣམས་ཀླུ་མཁར་བྱམས་དང་རྐུབ་གྲལ་འགྲིགས་ནས་བསྡད་འདུག་པ་དཔེ་རེད།
(གྲོས་སུ་བཏབ་པ) ཞེས་པའི་དོན་གང་ཡིན་ནམ་
ད་ནས་བཟུང་། འཇུ་ཆེན་དཀོན་མཆོག་དང་། བསྟན་པ་ཡར་འཕེལ། སྨོན་ལམ་མཐར་ཕྱིན་དང་། རྣམ་རྒྱལ་སྒྲོལ་དཀར་དང་། ཀླུ་མཁར་བྱམས་རྣམས་སྤྱི་འཐུས་ལ་མ་བསྐོས་ན། མི་བཟང་ངམ་། ལགས།
གྲོས་སུ་བཏབ་པ་ནི། གྲོལ་མོལ་ཞིག་བྱས་པ་ལྟ་བུ་ཙམ་ལས། གོ་དོན་ལྷག་པོ་གང་ཡང་མེད།
༅༅། རང་བཙན་རང་བཙན་ཁ་ནས་ཇི་བཤད་ཀྱང།
དོན་དངོས་ཐོག་ཏུ་རྒྱབ་སྐྱོར་བྱེད་མཁན་དཀོན།
སྦལ་པ་རྒྱ་མཚོའི་གཏིང་ནས་སྐད་ཆེན་བརྒྱབ་ཀྱང།
ལྷའི་དབང་པོ་བརྒྱ་སྦྱིན་ནས་མི་ཉན་ཅིང།